ArchiveAboutContact

Month: April 2025

National News

སྒེར་སྡེའི་གསར་ཤོག་ཚུ་ལུ་ གཞུང་གི་རྒྱབ་སྐྱོར་གལ་ཅན།

དབང་གཙོའི་རིང་ལུགས་ནང་ སྒེར་སྡེའི་བརྡ་བརྒྱུད་ཚུ་ ག་ནི་བ་ གལ་ཅན་ཅིག་ཨིནམ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ སྒེར་སྡེའི་གསར་ཤོག་ཚུ་ ཡུན་བརྟན་སྦེ་ གནས་ཐབས་ལུ་ ལོ་ངོ་དག་པ་ཅིག་ལས་ཚུར་ མ་དངུལ་གྱི་ རྒྱབ་སྐྱོར་གནང་པ་ལུ་བརྟེན་ཏེ་ ད་རེས་ནངས་པར་ ཆུ་མ་སྐམ་ཅིག་དང་ ཉ་མ་ཤིཝ་ཙམ་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན་པས།དེ་འབདཝ་ད་ འཕྲལ་ཁམས་ཅིག་ཁར་ བདེན་ཁུངས་ག་ཏེ་ཡང་མེད་པའི་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་ཡོདཔ་ལས་ སྒེར་གྱི་གསར་ཤོག་ལས་སྡེ་ ལ་ལོ་ཅིག་གིས་ འབྲེལ་ཡོད་གཞུང་གི་ལས་ཁུངས་དང་གཅིག་ཁར་ བདེན་དཔྱད་འབད་བའི་སྐབས་ལུ་ གནས་ཚུལ་དེ་ཚུ་ ཧམ་བཤད་ཅན་ཅིག་ཨིན་པའི་ མངོན་གསལ་བྱུང་ནུག།དེ་ཡང་ གསར་ཤོག་དེ་ནང་ འདས་པའི་ལོ་ངོ་བཅུ་ཕྲག་ ༡ གི་ ནང་འཁོད་ལུ་ གཞུང་ཞབས་ལས་ སྒེར་སྡེའི་གསར་ཤོག་ཚུ་ལུ་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ས་ཡ་ ༤༠ དེ་ཅིག་ ཐོབ་ཡོདཔ་སྦེ་ བཀོད་ཡོད་མིའི་སྐོར་ལས་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་ བརྡ་བརྒྱུད་གསར་བཏོད་བཟོ་གྲྭ་དང་ རིག་རྩལ་རྒྱུ་དངོས་ལས་ཁུངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་དེ་ཚུ་ག་ར་ སྒེར་སྡེའི་གསར་ཤོག་ ཉག་གཅིག་ལུ་མིན་པར་ ལས་དོན་གཞན་ཁར་ཡང་ བཏང་ཡོདཔ་སྦེ་ཨིན་པས།དཔྱེ་འབད་བ་ཅིན་ གོ་བསྡུར་ཞལ་འཛོམས་དང་ གྲོས་བསྟུན་ཞལ་འཛོམས་ དེ་ལས་ བརྡ་དོན་བརྒྱུད་འབྲེལ་འཕྲུལ་རིག་གི་ སྦྱོང་བརྡར་ཚུ་དང་ གཞུང་དབང་བརྡ་བརྒྱུད་ཚུ་ཡང་ཡོད་མི་ […]

Special News

འབྲུག་ལུ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་མཆོག་གི་གཟིགས་སྐོར།

སྤྱི་ཟླ་ ༤ པའི་ཚེས་ ༢༥ ལུ་ མཐའ་ཡས་ལེན་གྱི་རྒྱལཔོ་ མི་དབང་མཧཱ་ ཝ་ཇི་ར་ལོང་ཀཱོན་ ཕ་ར་ ཝ་ཇི་རག་ལོ་ཅོ་ཡུ་ཧཱ་མཆོག་དང་ མི་དབང་རྒྱལ་བཙུན་ སུ་ཐི་ད་ བ་ཇ་ར་སུ་དྷ་བི་མ་ལ་ལག་ཤ་ན་མཆོག་ འབྲུག་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་ འབྱོན་ནི་ཨིན་པས།དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགྲོན་བརྡ་མཛད་གནང་མི་དང་བསྟུན་ཏེ་ འབྱོན་ནི་ཨིནམ་ད་ མི་དབང་མཧཱ་ ཝ་ཇི་ར་ལོང་ཀཱོན་མཆོག་ རྒྱལ་པོའི་གསེར་ཁྲིར་ ཕེབས་ཞིནམ་ལས་ ཕྱི་རྒྱལ་ལུ་ ཆིབས་བསྐྱོད་གནང་མི་དེ་ འགོ་དང་པ་ཨིན་པས།འབྲུག་ལུ་ དེ་སྦེ་ གཟིགས་སྐོར་གནང་མི་དེ་གིས་ འབྲུག་དང་ མཐའ་ཡས་ལེན་གྱི་བར་ན་ ཧེ་མ་ལས་ཡོད་པའི་ མཐུན་ལམ་འདི་ རྩ་བརྟན་འགྱོ་ནི་ཨིནམ་ད་ མི་དབང་རྒྱལཔོ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ སྤྱི་ཟླ་ ༤ པའི་ཚེས་ ༢༨ ལུ་ ལོག་འབྱོན་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

World News

རྒྱ་ནག་ལུ་ འཕྲུལ་གྱི་མི་ཚུ་གིས་ ཐག་རིང་བང་རྒྱུགས་འགྲན་བསྡུར་ནང་གྲལ་གཏོགས།

སི་ཨེན་ཨེན། སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ རྒྱ་ནག་རྒྱལ་ཁབ་ནང་ ཡ་མཚན་ཆེ་བའི་ འཕྲུལ་གྱི་མི་རྐང་གཉིསམ་ ཁལ་ལྷགཔ་ཅིག་གིས་ མི་ངོ་མ་ཚུ་དང་གཅིག་ཁར་ ཐག་རིང་བང་རྒྱུགས་ནང་ གྲལ་གཏོགས་འབད་ཡོད་རུང་ མི་ངོ་མ་ཚུ་ལས་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་པས།འཕྲུལ་གྱི་མི་ བཟོ་རྣམ་དང་ ཆེ་ཆུང་མ་འདྲཝ་ཡོད་མི་ཚུ་གིས་ འཕྲུལ་རིག་ལས་སྡེ་ མང་ཤོས་ཡོད་མི་ བེ་ཇིང་གི་ ཤར་ལྷོ་མངའ་སྡེ་ ཡི་ཞུ་ཨང་བརྒྱུད་དེ་ བང་རྒྱུགས་འབད་ནུག།དེ་ཡང་ ཡུ་ཨེཛ་གི་ སྣ་འཛིངས་ཅན་གྱི་ འཕྲུལ་མིའི་དཔེ་ཚད་དང་ དོ་འགྲན་གྱི་དོན་ལུ་ རྒྱ་ནག་གིས་ བཟོ་བསྐྲུན་འབད་མིའི་ནང་ གོང་འཕེལ་གྱི་ བརྡ་མཚོན་སྟོན་པའི་ ཚོང་སྡེ་དང་ གཙུག་ལག་སློབ་སྡེ་ཚུ་ལས་ བཅའ་མར་གཏོགས་ཡོདཔ་ཨིན་པས།བང་རྒྱུགས་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ གཙོ་འཛིན་གྱིས་འབད་བ་ཅིན་ བང་རྒྱུགས་དེ་ནང་ མི་ངོ་མ་ཚུ་གིས་ རྒྱལ་ཁ་ཐོབ་ཡོད་རུང་ ཁོང་གི་འཕྲུལ་གྱི་མི་ཚུ་གིས་ འཛམ་གླིང་ནུབ་ཕྱོགས་ཀྱི་ གཅིག་མཚུངས་དཔེ་ཚད་ཚུ་དང་ དོ་འགྲན་འབད་ཚུགས་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

པེ་ལིཛ་ཊིན་གྱི་ ག་ཟ་ཁྲོམ་ཁར་ ཨིཛ་རེལ་གྱིས་ གནོད་འཚུབ་ཐོག་ལས་ མི་ ༥༨ དམར་བསད།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ པེ་ལིཛ་ཊིན་གྱི་ ག་ཟ་ཁྲོམ་ཁར་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཏེ་ ཉིནམ་ ༡ གི་ནང་ར་ པེ་ལིཛ་ཊིན་གྱི་ མི་སེར་ ༥༨ དམར་བསད་འབད་ནུག།ཨིཛ་རེལ་གྱི་ དྲག་པོའི་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ར་ཕཱའི་སྦོ་ལོགས་ཁར་ཡོད་མི་ ས་གནས་ཤ་བུ་ར་དང་ ཏཱལ་ཨ་སུལ་ཏཱན་ཟེར་སར་དང་ བྱང་ཕྱོགས་ག་ཟ་ལུ་ གནོད་འཚུབ་བཀལ་ཏེ་ ག་ཟ་ཁྲོམ་གྱི་ ཤར་ཕྱོགས་ཁ་ཐུག་ལས་ ས་ཆ་རྒྱ་ཆེ་ཏོག་ཏོ་ཅིག་ར་ བཙན་དབང་འབད་ཡི་ཟེར་ཨིན་པས།ཨིཛ་རེལ་གྱི་ སྲུང་སྐྱོབ་བློན་པོ་ ཨིཛ་རེལ་ཀཱཛ་གིས་ ཨིཛ་རེལ་གྱི་ཁ་ཐུག་ལས་ ད་རེས་ གནད་དོན་ག་རའི་ནང་ རྒྱལ་ཁབ་འཐོབ་ཐབས་འབད་དོ་ཡོདཔ་ད་ ཁོང་གི་དམིགས་གཏད་དེ་ཡང་ ག་ཟ་ལུ་ཡོད་མི་ དམག་སྡེ་ཧ་མཱཛ་ ཕམ་གཏང་ནི་དང་ ཧ་མཱཛ་གིས་ འཛིན་བཟུང་ཐོག་ལུ་ཡོད་མི་ ཨིཛ་རེལ་གྱི་ མི་སེར་ཚུ་ ལོག་ལེན་ནི་ཚུ་ཨིནམ་སྦེ་ གསལ་བཤད་འབད་ནུག།ཨིན་རུང་ ད་རེས་ ཡེ་ཤུའི་དུས་སྟོན་ ཨིཛ་ཊར་ཟེར་མིའི་ དུས་ཚོད་རན་དོ་ཡོདཔ་ལས་ ཡེ་ཤུའི་ཆོས་འབད་མི་ཚུ་གིས་ གནོད་འཚུབ་ལུ་ འཚེར་སྣང་མ་བསྐྱེད་པར་ སྤུངས་འཛོམས་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་གར་དང་ པ་ཀིཛ་ཏཱན་ལུ་ དྲོད་ཤུགས་ཀྱི་ ཚད་གཞི་དེ་ ཉེན་ཁ་ཅན་སྦེ་ཡར་སེང་།

སི་ཨེན་ཨེན། རྒྱ་གར་དང་ པ་ཀིཛ་ཏཱན་ རྒྱལ་ཁབ་ ༢ ཀྱི་ནང་ མི་སེར་ས་ཡ་ལས་བཅད་དེ་ སྡོད་མི་ཚུ་ལུ་ གནམ་བྱཱར་གྱི་ སྔ་གོང་ལས་ར་ ཚ་དྲོད་སྦོམ་སྦེ་ར་ བཏགས་ཡོདཔ་ལས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།དེ་ཡང་ བདུན་ཕྲག་འདི་ནང་ དྲོད་ཤུགས་ཀྱི་ ཚད་གཞི་དེ་ ག་ནི་བ་ མགྱོགས་དྲགས་དང་ ཉེན་ཁ་ཅན་སྦེ་ ཡར་སེང་འགྱོཝ་ལས་ རྒྱལ་ཁབ་ཀྱི་ གནམ་གཤིས་ལས་ཁུངས་ཀྱིས་ དུས་ཡུན་རིངམོ་སྦེ་ར་ གནས་ནི་ཨིན་པའི་ སྔོན་དཔག་འབད་ནུག།མ་གཞི་ རྒྱལ་ཁབ་གཉིས་ཆ་རའི་ནང་ གནམ་བྱར་གྱི་ དུས་ཚོད་དེ་ སྤྱི་ཟླ་ ༥ པ་དང་ ༦ པ་ལས་ འགོ་བཙུགསཔ་ཨིན་རུང་ དུས་ཅི་ ཚ་དྲོད་དེ་ སྤྱིར་བཏང་ལུ་ ཧ་སུ་སྦེ་ ཐོན་ཡོདཔ་ལས་ སྤྱི་ཟླ་ ༤ པའི་ཚེས་ ༡༤ ལས་ ༡༨ ཚུན་ལུ་ པཱ་ཀིཛ་ཏཱན་གྱི་ ས་གནས་ཚུ་ནང་ དྲོད་ཚད་ཌི་གི་རི་སེལ་ཤིཛ་ ༨ དེ་ཅིག་ཁར་ ལྷོད་ཡོདཔ་ཨིན་པས།དེ་བཟུམ་སྦེ་ དུས་ཅི་ པཱ་ཀིཛ་ཏཱན་གྱི་ ལྷོ་ནུབ་ས་གནས་ […]

National News

ཀྲོང་གསར་གྱི་ སྤྱི་ཚོགས་འཐུས་མི་ བཀྲིས་རྡོ་རྗེ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་-སྟང་སི་སྦྱིས་ འདེམས་ཁོངས་ཀྱི་ སྤྱི་ཚོགས་འཐུས་མི་ བཀྲིས་རྡོ་རྗེ་གིས་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ ཀྲོང་གསར་རྫོང་ཁག་ ཁྲིམས་ཀྱི་འདུན་ས་ལས་ ན་ཚོད་མ་སྨིན་མི་ལུ་ འདོད་སྤྱོད་བསུན་འཚེར་གྱི་ ཉེས་འཛུགས་ཐོག་ལུ་ ལོ་ངོ་ ༣ དང་ ཟླ་ངོ་ ༣ ཉིན་གྲངས་ ༢༨ ཀྱི་ བཙོན་ཁྲིམས་བཀལ་ནུག།དེ་སྦེ་ མཐོ་གཏུགས་ཞུ་མི་དེ་ ཁོ་ལུ་ ཉེས་པ་མེད་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ཡང་ ཐེ་ཚོམ་དང་བྲལ་བའི་ སྒྲུབ་བྱེད་ཅིག་ གསལ་སྟོན་འབད་ནི་མེད་རུང་ རྫོང་ཁག་ཁྲིམས་འདུན་ལས་ འཁྲུན་ཆོད་དེ་ བཏོན་གནང་ཡི་ཟེར་ཨིན་པས།ཧེ་མ་ ཉེས་དོགས་པ་དེ་ ཀྲོང་གསར་ལུ་ རྒེད་འོག་བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་སྡོདཔ་ད་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ཚེས་ ༤ […]

World News

ཌོ་ནཱལ་ཊམ་གྱིས་ ཡུ་ཀེ་རེན་གྱི་ ཞི་བདེའི་དོན་ལུ་ ཡར་འཕེལ་མེད་པ་ཅིན་ གནད་དོན་དེ་ བཀོ་བཞག་ནི།

བི་བི་སི།སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱིས་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ ཀྱིས་ ཞི་བདེའི་གསུང་གྲོས་ཚུ་ ག་ནི་བ་ཡང་ ལཱ་ཁག་བཟོ་བ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ བར་འཛུལ་འབད་དེ་ འདུམ་འགྲིག་གི་ ལཱ་འབད་ནི་དེ་ བཀོ་བཞག་ནི་ཨིནམ་སྦེ་ གསུངས་ཡོདཔ་ཨིན་པས།དེ་ཡང་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ མར་ཀོ་རུ་བི་ཡོ་གིས་ ཞི་བདེའི་གསུང་གྲོས་ལུ་ དྭངས་གསལ་ཅན་གྱི་ ཡར་འཕེལ་མ་འཐོན་པ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ གནད་དོན་དེ་ བཀོ་བཞག་ནི་ཨིནམ་སྦེ་ ཞུ་བའི་ཤུལ་ལུ་ ཌོ་ནཱལ་ཊམ་གྱིས་ གསལ་བཤད་མཛད་ནུག།རྒྱལ་ཁམས་དྲུང་ཆེན་ རུ་བི་ཡོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ བདུན་ཕྲག་དང་ ཟླཝ་ལས་བཅད་དེ་ གསུང་གྲོས་ཚུ་ འཕྲོ་མཐུད་དེ་ གནང་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཁོང་རའི་ལཱ་འགན་དང་ གཙོ་རིམ་གཞན་ཚུ་ཡང་ཡོད་ནི་དེ་གིས་ཨིན་པས།ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའི་ཐེད་ཁར་ ར་ཤི་ཡའི་ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ གནོད་འཚུབ་ཚུ་ འཕྲོ་མཐུད་དེ་ར་ བཀལ་དོ་ཡོདཔ་ལས་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ར་ […]

World News

ཀོང་གོ་ལུ་ ཤིང་གྲུ་ཅིག་ མེ་གིས་འཚིགས་ཏེ་ མགོ་མཇུག་ལོག་འགྱོ་མིའི་ནང་ ལམ་འགྲུལཔ་ ༡༤༨ ལྷགཔ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ ཀོང་གོ་རྒྱལ་ཁབ་ནང་ ཤིང་གྲུ་ཅིག་ མེ་གིས་འཚིགས་ཏེ་ གཙང་ཆུའི་ནང་ མགོ་མཇུག་ལོག་སྟེ་ ཡར་སོངཔ་ལས་ མི་གྲངས་ ༡༤༨ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་བསྒང་ ཤིང་གྲུ་དེ་ནང་ ཨམ་སྲུ་དང་ ཨ་ལུ་ཚུ་བརྩིས་ཏེ་ འགྲུལ་པ་ ༥༠༠ དེ་ཅིག་ སྡོད་ཡོདཔ་ད་ ཀོང་གོའི་གྲུ་ཚུ་ལུ་ དེ་བཟུམ་མའི་ གནོད་སྐྱོན་བྱུང་མི་དེ་ མང་ཤོས་ཅིག་ར་ ཤིང་གྲུ་རྙིངམ་ཚུ་ ལག་ལེན་འཐབ་སྟེ་ གཡུས་ཚན་ཚུ་གི་བར་ན་ གཙང་ཆུའི་གུ་ལས་ སྐྱེལ་འདྲེན་འབད་ནི་དེ་གིས་ཨིན་པས།ཤིང་གྲུ་ཐུག་རྐྱེན་བྱུང་སའི་ གཙང་ཆུ་དེ་ནང་ལས་ ད་ལྟོའི་བར་ན་ཡང་ བྱང་སྟོར་ཤོར་མི་ མི་བརྒྱ་ལས་བཅད་དེ་ འཚོལ་མ་ཐོབ་པར་ཡོདཔ་སྦེ་ དགོ་དཔོན་ཚུ་གིས་ སྙན་ཞུའི་ནང་བཀོད་ནུག།མི་གྲངས་ ༡༠༠ དེ་ཅིག་ སྲོག་སྐྱབས་འབད་དེ་ ས་གནས་ཀྱི་ ཁྲོམ་སྡེ་ཚོགས་ཁང་ནང་ བསྐྱལ་ཡོདཔ་མ་ཚད་ རྨ་སྐྱོན་བྱུང་མི་ཚུ་ཡང་ སྨན་ཁང་ཚུ་ནང་ བསྐྱལ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 4 Today: 581 Total visitors: 7801