ArchiveAboutContact

Month: February 2025

Special News

ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་ བཙན་མཁར་དྲག་དམར་སྒྲུབ་མཆོད་གནང་ཡོདཔ།

རང་ཟླ་ ༡༢ པའི་ཚེས་ ༡༧ སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ བཙན་མཁར་དྲག་དམར་སྒྲུབ་མཆོད་ ཐེངས་ ༤ པ་དེ་ དངོས་གྲུབ་བླངས་ཆོག་དང་ མི་དམངས་ལུ་ ཨྱོན་མཧཱ་གུ་རུའི་ མཐོང་གྲོལ་ཆེན་མོ་དང་ སྒྲུབ་འཆམ་ཚུ་ མཇལ་ཁ་གནང་ཐོག་ལས་ བཀྲ་ཤིས་ལེགས་དཔལ་དང་བཅསཔ་སྦེ་ གྲོལ་གནང་ནུག།དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ རང་ཟླ་ ༡༢ པའི་ཚེས་ ༩ སྤྱི་ཟླ་ ༢ པའི་ཚེས་ ༦ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༩ གི་རིང་ལུ་ གནང་ཡོདཔ་ཨིན་པས།སྒྲུབ་ཆེན་དེ་ སྤྱི་ལོ་ ༢༠༢༡ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ རྗེ་མཁན་ཁྲི་རབས་ ༧༠ པའི་ གསེར་ཁྲིར་ཕེབས་ཏེ་ མི་ལོ་ ༢༥ འཁོར་བའི་ དགའ་སྟོན་རྟེན་འབྲེལ་ […]

National News

བདེ་སྲུང་གཞི་བཙུགས་འབད་དེ་ མི་ལོ་ ༡༤ འཁོར་བའི་ དུས་སྟོན༌རྟེན༌བརྩི༌སྲུང༌།

སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ མི་རྗེ་བློན་ཆེན་མཆོག་གིས་ ཐིམ་ཕུ་ལུ་སྦེ་ བདེ་སྲུང་གཞི་བཙུགས་འབད་དེ་ མི་ལོ་ ༡༤ འཁོར་བའི་ དུས༌སྟོན༌བརྩི༌སྲུང༌ནང་ དབུ་བཞུགས་མཛད་ནུག།དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ བདེ་སྲུངཔ་ཚུ་གིས་ རང་དོན་རྒྱབ་ཁར་བསྐྱུར་ཏེ་ རྒྱལ་ཁམས་ལུ་ ཕྱག་ཞུ་མི་དེ་ལུ་ ངལ་རངས་ཡོད་ལུགས་དང་ དགོས་མཁོ་ཡོད་པའི་ དུས་ཚོད་ཚུ་ནང་ ངལ་བ་དང་དུ་བླངས་ཏེ་ རང༌སོའི༌བློ་འདོད་ཐོག་ལས་ དམ་ཚིག་འགྱུར་བ་མེད་པར་ ཕྱག་ཞུ་མི་ལུ་ ངལ༌རངས༌ཡོད་ཟེར༌ཨིན༌པས།དེ་མ་ཚད་ བདེ་སྲུངཔ་ཚུ་གིས་ ཁྱད་དུ་འཕགས་པའི་ འགན་ཁུར་འབག་སྟེ་ འབྲུག་གཅིག་གིས་མ་དོ་བར་ ལུང་ཕྱོགས་ནང་ཡང་ གྲོགས་རམ་ཚུ་འབད༌དོ༌ཟེར་ཨིན༌པས།མི་རྗེ་བློན་ཆེན་མཆོག༌གིས་ དུས་སྟོན་དེ་ རྒྱལ་ཁམས་ཀྱི་ མངོན་མཐོའི་དབུ་ཁྲིད་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ནི༌གི་ ཁས་ལེན་བསྐྱར་གསོའི་ དུས་སྐབས་ཅིག་ཡང༌ཨིནམ་ལས་ བདེ་སྲུངཔ་ཚུ་གི་ ཞབས་ཏོག་ལུ་ བརྩི་འཇོག་དང་ རྒྱལ་ཁབ་ལུ་ གཅེས་འཚིན་ཡོད་པའི་ བརྡ་མཚོན༌ལུ་ཨིན་ཟེར་ གསུངས་ཡོད༌པའི༌གནས༌ཚུལ།

World News

ཨ་ཕི་རི་ཀ་ ཀོང་གོ་རྒྱལ་ཁབ་ཀྱི་ ངོ་རྒོལ་བ་ཚུ་ བུ་ཀ་བུ་ ཁྲོམ་ཚོགས་ནང་བཙན་འཛུལ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ རུ་ཝཱན་ཌ་ རྒྱལ་ཁབ་ཀྱིས་ རྒྱབ་སྐྱོར་འབད་མི་ ཀོང་གོའི་ངོ་རྒོལ་བ་ཚུ་ ཀོང་གོའི་ཁྲོམ་ཚོགས་ བུ་ཀ་བུ་ལུ་ བཙན་འཛུལ་འབད་ཡོདཔ་ད་ དེ་ཡང་ ས་གནས་ཀྱི་ མི་སེར་ཚུ་གིས་ ངོ་རྒོལ་འབད་མི་ཚུ་ ཀོང་གོ་རྒྱལ་ཁབ་ཀྱི་ བྱང་ཕྱོགས་འཁོར་ལམ་བདའ་སྟེ་ མཐོང་ཡོདཔ་སྦེ་ཨིན་པས།ཀོང་གོ་དམག་སྡེའི་ཁ་ཐུག་ལས་ ངོ་རྒོལ་དམག་མི་ཚུ་གིས་ ཀུ་བ་མུ་ གནམ་ཐང་དེ་ བཙན་དབང་འབད་བའི་ཤུལ་ལུ་ ཀོང་གོའི་དམག་མི་ཚུ་ རྒྱབ་བཤུད་རྐྱབ་དགོཔ་ ཐོན་ཡོདཔ་སྦེ་བཤད་ནུག།ངོ་རྒོལ་བ་ཚུ་གིས་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ས་གནས་ བུ་ཀ་བུ་དེ་ བཙན་དབང་འབད་ཚུགས་པ་ཅིན་ རྒྱལ་ཁབ་ཀྱི་ ས་ཁོངས་རྒྱ་ཆེ་ཏོག་ཏོ་ཅིག་ར་ ཁོང་གི་འོག་ལུ་ ཚུད་ནི་ཨིནམ་ད་ དེ་སྦེ་ ངོ་རྒོལ་འབད་མི་དེ་ སྤྱི་ལོ་ ༢༠༢༢ ལས་ འགོ་བཙུགས་ཡོདཔ་ཨིན་པས།ཀོང་གོའི་སྲིད་འཛིན་ ཕེ་ལིགཛ་ ཚི་སེ་ཀེ་དི་མཆོག་གིས་ ངོ་རྒོལ་དང་འབྲེལ་བའི་ དཀའ་ངལ་བསལ་ཐབས་ལུ་ རྒྱལ་སྤྱིའི་གྲོགས་རམ་ དགོས་མཁོ་ཡོད་ལུགས་ཚུ་ གསུངས་ཡོདཔ་མ་ཚད་ དེ་བཟུམ་མའི་ ནང་འཁྲུག་གི་ འགན་འཁྲི་དེ་ རུ་ཝཱན་ཌ་ རྒྱལ་ཁབ་ལུ་ ཕོགཔ་སྦེ་ཡང་ གསུངསམ་ཨིན་པས་ཟེར་ […]

National News

རྒྱལ་ཁབ་ནང་ འདས་པའི་ལོ་ངོ་བཅུ་ཕྲག་གི་ ནང་འཁོད་ལུ་ ཞི་གཡོགཔ་བརྒྱ་ཆ་ ༡༢.༩༣ དེ་ཅིག་ཡར་སེང་།

འཇམ་དབྱངས་ཆོས་སྒྲོན། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༢༤ ལོའི་ འབྲུག་གི་ཞི་གཡོག་གནས་སྡུད་ཅིག་ བཟོ་བསྒྲིགས་འབད་ཡོདཔ་ད་ གནས་སྡུད་དེ་ནང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ལུ་ ཞི་གཡོགཔ་གི་གྲངས་འབོར་དང་ ཞི་གཡོགཔ་གསར་བཙུགས་ ཞི་གཡོགཔ་བགོ་སྤྲོད་ དེ་ལས་ ཞི་གཡོག་གི་དབྱེ་བ་ཚུ་ ཡོངས་རྫོགས་ཚུད་དེ་ཡོད་པའི་ཁར་ འདས་པའི་ལོ་ངོ་ ༥ གི་ ནང་འཁོད་ལུ་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ ཞི་གཡོགཔ་ཚུ་གི་ གནས་སྟངས་ཚུ་ཡང་ གསལ་བཀོད་འབད་ནུག།དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཚུན་ལུ་ འབྲུག་གི་ཞི་གཡོགཔ་བསྡོམས་ ༢༩,༧༢༣ ཡོད་པའི་གྲས་ཁར་ གཏན་འཇགས་ཀྱི་ ཞི་གཡོགཔ་ ༢༤,༠༣༦ དང་ ཁག་འབག་ཐོག་གི་ ཞི་གཡོགཔ་ ༥,༦༨༧ ཡོདཔ་ད་ འདས་པའི་ལོ་ངོ་བཅུ་ཕྲག་གི་ ནང་འཁོད་ལུ་ ཞི་གཡོག་བརྒྱ་ཆ་ ༡༢.༩༣ དེ་ཅིག་ ཡར་སེང་སོང་ཡོད་མི་དེ་ཡང་ སྤྱི་ལོ་ […]

National News

དབང་འདུས་ཕོ་བྲང་ རིན་ཆེན་སྒང་གཡུས་ཚན་ནང་ དགྲ་ལྷ་དཔངས་བསྟོད་ལུ་ ལོ་བསྟར་གསོལ་ཁ།

པདྨ་བཟངམོ། རང་ཟླ་ ༡༢ པའི་ཚེས་ ༡༥ ལུ་ དབང་འདུས་རྫོང་ཁག་ ཐད་འཚོ་རྒེད་འོག་ གཡུས་རིན་ཆེན་སྒང་ལུ་ ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་མི་ དགྲ་ལྷ་མཆོད་ཡོདཔ་ད་ དེ་ཡང་ ང་བཅས་ལུ་ རྒྱབ་དང་ དཔུང་གཉེན་དང་ གདོང་གྲོགས་ཚུ་མཛད་མི་ ཆོས་སྐྱོང་སྲུང་མ་ཅིག་ཨིན་པས།དགྲ་ལྷ་ལུ་ ལྷམ་པ་མ་འདྲཝ་ ༩ ཡོདཔ་ད་ གཡུས་ཚན་དེ་ནང་ བརྩི་སྲུང་ཞུ་སྲོལ་ཡོད་མི་ དགྲ་ལྷ་དེ་ གླིང་གེ་སར་རྒྱལ་པོའི་ ལྷ་ཚོགས་ཅིག་ཨིན་མི་ དགྲ་ལྷ་དཔངས་བསྟོད་ཨིན་མས།དགྲ་ལྷ་དེ་ དུས་རབས་ ༡༢ པའི་ནང་ལས་ར་ མཆོད་དོ་ཡོདཔ་ད་ དེ་ཡང་ ཧེ་མར་ གཡུས་ཀྱི་ལྟག་ལུ་ཡོད་མི་ ས་གནས་ཁུག་བྱུག་ལ་ཟེར་སར་ བླམ་ངག་དབང་ཆོས་རྒྱལ་གྱིས་ གདན་ས་བཏབ་གནང་པའི་ཤུལ་ལས་ དགྲ་ལྷ་དེ་ ས་གནས་དེ་ཁར་ མཆོད་ཡོད་རུང་ ཤུལ་ལས་ བླམ་ངག་དབང་ཆོས་རྒྱལ་ཀྱིས་ གཡུས་ཚན་དེ་ཁར་ མཆོད་དགོཔ་སྦེ་ གསུངསམ་བཞིན་དུ་ ད་ལྟོའི་བར་ན་ཡང་ སྤྲོ་བ་དང་ དག་སྣང་ བརྩི་མཐོང་ཚུ་བསྐྱེད་དེ་ བརྩ་སྲུང་ཞུཝ་ཨིན་མས།དགྲ་ལྷ་དེ་ མ་མཆོད་པའི་ཧེ་མར་ ཚེས་ ༡༠ ལུ་ གཡུས་ཀྱི་ལྟག་ལུ་ སྤང་ཅིག་ཡོད་མི་དེ་ཁར་ […]

Special News

མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཨཱཛ་ཊེ་ལི་ཡ་ལུ་ བདེ་སྐྱིད་གྲོས་གླེང་ནང་དབུ་བཞུགས།

ཚེ་རིང་ལྷ་མོ། སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ འགོ་འདྲེན་འཐབ་མི་ བདེ་སྐྱིད་ཀྱི་ གྲོས་གླེང་རིམ་ལུགས་ནང་ མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་དང་ དེང་སང་གི་ དོ་འགྲན་ཚུ་ བསལ་ཐབས་ལུ་ རྒྱལ་སྤྱིའི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་ཚུ་གིས་ གལ་གནད་ཆེ་བའི་ འགན་ཁུར་ཚུ་གི་སྐོར་ལས་ གསུངས་གནང་ནུག།དེ་ཡང་ མེལ་བཱོན་ལུ་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ནང་ མི་དབང་རྒྱལ་སྲསམོ་མཆོག་གིས་ འཛམ་གླིང་ནང་ བདེ་སྐྱིད་ལས་བརྒྱུད་པའི་ ཡར་འཕེལ་མདུན་བསྐྱོད་ཀྱི་ རེ་འདུན་བསྐྱེདཔ་ཨིན་ཟེར་ གསུངས་གནང་པའི་ཁར་ མི་སྡེའི་མདུན་བསྐྱོད་ངོ་མ་དེ་ཡང་ ངོ་རྐྱང་དང་ བཟའ་ཚང་ དེ་ལས་ མི་སྡེ་བཅས་ཀྱི་ ནང་འཁོད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་གུ་ གཞི་བརྟེན་འབད་དགོ་ཟེར་ གསུངས་གནང་ཡོདཔ་ཨིན་པས།ལས་རིམ་དེ་ནང་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲསམོ་ འཆི་མེད་གཡང་འཛོམས་དབང་ཕྱུག་ མི་དབང་རྒྱལ་སྲས་ ཨྱོན་འཇིགས་མེད་དབང་ཕྱུག་ཚུ་གིས་ཡང་ གྲལ་གཏོགས་མཛད་གནང་ནུག།ཨཱཛ་ཊེ་ལི་ཡའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་དེ་ ན་ཧིང་ སྤྱི་ཟླ་ ༨ པའི་ནང་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ […]

National News

བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེའི་ནང་ གློག་བརྙན་ཁང་ བཟོ་བསྐྲུན་གྱི་དོན་ལས་ ས་བསླངས་རྟེན་འབྲེལ།

སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ བསམ་གྲུབ་ལྗོངས་མཁར་ ཁྲོམ་སྡེའི་ནང་ གློག་བརྙན་ཁང་ བཟོ་བསྐྲུན་གྱི་དོན་ལས་ ས་བསླངས་རྟེན་འབྲེལ་བརྩི་སར་ སྐུ་མགྲོན་གཙོ་བོ་སྦེ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་ བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།དེ་བསྒང་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲོམ་དཔོན་དང་ ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་ཁརིམས་འདུན་གྱི་དྲང་དཔོན་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱི་མདོ་ཆེན་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་གི་ ལས་སྡེ་ཚུ་དང་ ཁྲོམ་སྡེའི་འགོ་དཔོན་ཚུ་ དེ་ལས་ ལུང་ཕྱོགས་བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།ས་བསླངས་རྟེན་འབྲེལ་གྱི་ གསུང་ཆོག་དེ་ བསམ་གྲུབ་ལྗོངས་མཁར་རབ་སྡེའི་ བླམ་གནས་བརྟན་མཆོག་ དབུ་བཞུགས་ཐོག་ལུ་ དགེ་སློང་ཚུ་གིས་ གནང་ཡོདཔ་ཨིན་པས།གློག་བརྙན་ཁང་དེ་ དཔལ་འབྱོར་ལྷན་ཐབས་ལས་རིམ་ཐོག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་གྱིས་ ལག་ལེན་འཐབ་ནི་ཨིནམ་ད་ གློག་བརྙན་ཁང་དེ་གིས་ རྫོང་ཁག་ནང་ གློག་བརྙན་སྟོན་ནི་རྐྱངམ་ཅིག་མིན་པར་ སྙན་ཆའི་སྤྲོ་སྟོན་དང་ འཁྲབ་སྟོན་ གསལ་བཤད་ལ་སོགས་པ་ཚུ་གི་དོན་ལུ་ཡང་ སྤྱི་དོན་ཁང་སྦེ་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་གནས་ཚུལ།

World News

རྒྱ་གར་གྱིས་ ཡུ་ཨེཛ་རྒྱལ་ཁབ་ལས་ ས་སྣུམ་མང་སུ་སྦེ་ ནང་འདྲེན་འབད་ནི།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་དང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ ༢ ཀྱི་བར་ན་ མཇལ་ཕྲད་མཛད་ཡོདཔ་བཞིན་དུ་ རྒྱ་གར་གྱིས་ ཡུ་ཨེཛ་ལས་ ས་སྣུམ་མང་སུ་སྦེ་ ནང་འདྲེན་འཐབ་ནི་ལུ་ ཞལ་འཇམ་བྱུང་ནུག།དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྲིད་འཛིན་ཊཱམ་གྱིས་ རྒྱ་གར་གྱིས་གཙོས་པའི་ ཡུ་ཨེཛ་དང་ ཚོང་འབྲེལ་འཐབ་མི་ མཉམ་རོགས་ཚུ་ལུ་ ཁྲལ་ཡར་སེང་གི་ གསལ་བསྒྲགས་འབད་བའི་ཤུལ་ལས་ བློན་ཆེན་མོ་དི་མཆོག་ ཉིན་གྲངས་ ༢ ཀྱི་ གཟིགས་སྐོར་ལུ་ བྱོན་ཡོདཔ་ཨིན་པས།དེ་བསྒང་ བློན་ཆེན་མོ་དི་གིས་ ཡུ་ཨེཛ་གི་ ཅ་ཆས་ཚུ་གུ་ ནང་འདྲེན་གྱི་ ཁྲལ་ཕབ་ཆག་དང་ ཁྲིམས་མཐུན་ཡིག་ཆ་མེད་མི་ རྒྱ་གར་གྱི་ མི་སེར་ཚུ་ ཡུ་ཨེཛ་ལས་ བཏོན་བཏང་མི་ དེ་ལས་ ཕྱད་མདའི་གནམ་གྲུ་ ཉོ་ནི་ཚུ་གི་སྐོར་ལས་ སྦ་གསང་མེད་པའི་ གསུང་གྲོས་གནང་ཡི་ཟེར་གསུངས་ནུག།སྲིད་འཛིན་ཊཱམ་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་རྩིས་ཆད་ཚུ་ བསུབ་ཐབས་ལུ་ རྒྱ་གར་གྱིས་ ཡུ་ཨེཛ་ལས་ […]

World News

ཡུ་ཀེ་རེན་གྱི་ རྡུལ་ཕྲན་ནུས་ཤུགས་འཕྲུལ་ཁང་ མེདཔ་བཏང་ཡོདཔ།

བི་བི་སི། སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌྲཱོན་གི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ས་གནས་ཅེར་ནོ་ལུ་ཡོད་མི་ རྡུལ་ཕྲན་ནུས་ཤུགས་འཕྲུལ་ཁང་ མེདཔ་བཏང་ཡི་ཟེར་ཨིན་པས།འཛམ་གླིང་སྤྱི་ཚོགས་ རྡུལ་ཕྲན་ནུས་ཤུགས་ བལྟ་རྟོག་ལས་ཚན་གྱིས་ ཡུ་ཀེ་རེན་གྱི་ རྡུལ་ཕྲན་ནུས་ཤུགས་འཕྲུལ་ཁང་ནང་ མེ་རྐྱེན་ཉེན་སྲུང་གི་ ལཱ་འབད་མི་ཚུ་གིས་ སྣུམ་འཁོར་ཚུ་ ལག་ལེན་འཐབ་སྟེ་ མེ་རྐྱེན་དེ་ བསད་ཚུགས་ཡོདཔ་ལས་ མི་ལུ་ཤི་རྐྱེན་དང་ སྨ་སྐྱོན་ཚུ་ མ་བྱུང་པའི་སྐོར་ལས་ སྙན་ཞུ་འབད་ནུག།ཨིན་རུང་ གནོད་འཚུབ་དེ་ལུ་བརྟེན་ཏེ་ ད་རེས་ འཛམ་གླིང་སྤྱི་ཚོགས་ རྡུལ་ཕྲན་ནུས་ཤུགས་ བལྟ་རྟོག་ལས་ཚན་གྱིས་ དྲན་པ་འཐེབ་བཏོན་ཏེ་ སྡོད་དགོཔ་མ་གཏོགས་ སྣང་མེད་བསྐྱུར་ནི་གི་ ས་གོ་མིན་ཟེར་ཨིན་པས།དེ་བཟུམ་མའི་ གནོད་འཚུབ་ལུ་བརྟེད་ཏེ་ ར་ཤི་ཡའི་སྲིད་འཛིན་ པུ་ཊིན་གྱིས་ འགྲིགས་ཆའི་དོན་ལས་ གྲ་སྒྲིག་མི་འབད་དོ་ཡོད་པའི་ རྟགས་མཚན་སྟོན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 35 Today: 3893 Total visitors: 6570