ArchiveAboutContact

Month: December 2024

World News

སི་རི་ཡའི་ ལྷོ་ཕྱོགས་ལུང་ཕྱོགས་དེ་ ས་གནས་ཀྱི་ ངོ་རྒོལ་འབད་མི་ཚུ་གིས་བཙན་དབང་།

བི་བི་སི། སི་རི་ཡའི་ ལྷོ་ཕྱོགས་ལུ་ སྲིད་འཛིན་བ་ཤར་ ཨཱལ་ཧ་སཱད་ཀྱི་ རྒྱབ་འགལ་ལུ་ སྤྱི་ལོ་ ༢༠༡༡ ལས་ འགོ་བཙུགས་ཏེ་ ངོ་རྒོལ་འབད་མི་ཚུ་གིས་ ས་གནས་ཌེ་རཱ་ཟེར་མི་ བཙན་དབང་འབད་ཡོདཔ་མ་ཚད་ གཞུང་གི་དམག་མི་ཚུ་དང་ ཕྱད་མདའ་རྐྱབ་སྟེ་ དམག་སྒར་ལེ་ཤ་ཅིག་ཡང་ དབང་གནོན་འབད་ནུག།ཡུ་ཀེ་ལུ་ཡོད་མི་ སི་རི་ཡའི་ འགྲོ་བ་མིའི་ཐོབ་དབང་ བལྟ་རྟོག་སྡེ་ཚན་གྱིས་འབད་བ་ཅིན་ སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ ངོ་རྒོལ་འབད་མི་ཚུ་གིས་ ས་གནས་ཌེ་རཱའི་ ས་ཆ་བརྒྱ་ཆ་ ༩༠ ལྷགཔ་ཅིག་ དབང་གནོན་འབད་ནུག་ཟེར་ཨིན་པས།སི་རི་ཡ་ལུ་ སྤྱི་ལོ་ ༢༠༡༡ ལས་ ངོ་རྒོལ་འབད་མི་ཚུ་ ཐོན་པའི་ཤུལ་ལུ་ མི་གྲངས་ས་ཡ་ཕྱེད་དེ་ཅིག་ དམར་བསད་འབད་ཡོདཔ་ལས་ ཁྱིམ་མཚེས་རྒྱལ་ཁབ་ ཇོར་ཌན་གྱིས་ སི་རི་ཡ་དང་གཅིག་ཁར་ ས་མཚམས་ཚུ་ སྒོ་བསྡམས་བཞག་ནུག།དེ་བཟུམ་སྦེ་ སི་རི་ཡའི་ བྱང་ཕྱོགས་ལུ་ཡང་ ངོ་རྒོལ་འབད་མི་ཚུ་གིས་ གཞུང་གི་རྒྱབ་འགལ་ལུ་ དྲག་ཐོག་དབང་ཤུགས་ཐོག་ལས་ གནོད་འཚུབ་ཚུ་བཀལ་ནི་ འགོ་བཙུགས་ཡོདཔ་ལས་ མི་གྲངས་ ༣༧,༠༠༠ དེ་ཅིག་ སྡོད་གནས་སྤོ་སྟེ་ འགྱོ་དགོཔ་བྱུང་ནུག་ཟེར་ […]

National News

རྒྱལ་ཡོངས་ཚོགས་སྡེའི་ནང་ལས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་དང་ ཤེས་རིག་ཁྲིམས་ལུགས་ཀྱི་ བསྐྱར་ཞིབ་སྙན་ཞུ་ བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ་ཚུ་ཆ་འཇོག།

སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༡༤ པའི་ནང་ལས་ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ ཅན་མ་དང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ བསྐྱར་ཞིབ་སྙན་ཞུ་ དེ་ལས་ བརྡ་བརྒྱུད་གནས་སྟངས་ བསྐྱར་ཞིབ་སྙན་ཞུ་ཚུ་ ཆ་འཇོག་གྲུབ་ ནུག།དེ་ཡང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ བུམ་ཐང་གི་འཐུས་མི་ དཀོན་མཆོག་ཚེ་རིང་གིས་ ནང་འཁོད་ཞལ་འཛོམས་ནང་ ཞུན་དག་འབད་བའི་ སྙན་ཞུ་ཕུལ་ཏེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ ༢༠༢༣-༢༠༢༤ དེ་ ཆ་འཇོག་གནང་དགོ་པའི་ གྲོས་འབུལ་ཕུལ་བའི་ཤུལ་ལུ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།དེ་གི་ཤུལ་ལུ་ དམིགས་བསལ་ཤེས་རིག་ཚོགས་ཆུང་གི་ཁྲི་འཛིན་ མོང་སྒར་གྱི་འཐུས་མི་ ཚེ་རིང་དབང་ཆེན་གྱིས་ ནང་འཁོད་ཞལ་འཛོམས་ཀྱི་ དུས་མཐུན་སྙན་ཞུ་ཡོངས་རྫོགས་ཕུལ་ཏེ་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ གྲོས་འབུལ་ཕུལ་མི་དང་བསྟུན་ཏེ་ ཚོགས་རྒྱན་སྐྱུར་ཐོག་ལས་ ཆ་འཇོག་གྲུབ་ནུག།དེ་བཟུམ་སྦེ་ར་ མི་སྡེ་དང་ ལམ་སྲོལ་ལས་དོན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ མགར་སའི་འཐུས་མི་ ཚེ་རིང་གིས་ གྲོས་འདེབས་དག་པ་ཅིག་ལུ་ ནང་འཁོད་ཞལ་འཛོམས་ནང་ ལེགས་བཅོས་འབད་ཡོད་པའི་ སྙན་ཞུ་ཕུལ་ཏེ་ […]

World News

པ་ཀིཛ་ཏཱན་ལུ་ སྲིད་དོན་གྱི་བྲེལ་ཟིང་།

ཨཱལ་ཇ་ཟི་ར། པ་ཀིཛ་ཏཱན་ལུ་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབདཝ་ད་ སྲུང་སྐྱོབ་དམག་མི་དང་ ངོ་རྒོལ་འབད་མི་ཚུ་གི་ བྲེལ་ཟིང་ལུ་བརྟེན་ཏེ་ སྲིད་ཚོགས་ཀྱིས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཅིག་ལུ་ ཀྲོབ་མདའ་ཕོག་སྟེ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བཤད་མི་དེ་ལུ་ གཞུང་གི་ཁ་ཐུག་ལས་ ངོ་རྒོལ་འགྲེམ་སྟོན་འབད་མི་ ༡ ལུ་ཡང་ ཤི་རྐྱེན་མ་བྱུང་ཟེར་ཨིན་པས།དེ་ཡང་ པ་ཀིཛ་ཏཱན་ ཏ་རིག་ཨི་ཨིན་སཱཕ་ སྲིད་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཨིཛ་ལ་མ་བཱད་ལུ་ བཙན་འཛུལ་འབད་བའི་ཤུལ་ལས་ ཁྲིམས་ལུགས་བསྟར་སྤྱོད་ལས་སྡེ་ཚུ་གིས་ ཁོང་ཆ་ཁྱབ་ ཕྱིར་བཏོན་འབད་ཞིནམ་ལས་ཚུར་ མི་ལུ་ཤི་རྐྱེན་དང་ རྨ་སྐྱོན་བྱུང་ཡོདཔ་ལས་ སྲིད་ཚོགས་དང་ གཞུང་གི་བར་ན་ མ་འགྲིགསཔ་ཐལ་ནུག།ཚོགས་པའི་འཐུས་མི་ ལ་ལོ་ཅིག་གིས་ ངོ་རྒོལ་འགྲེམ་སྟོན་འབད་མི་ ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ཨིན་རུང་ སྲིད་ཚོགས་དེ་གི་ཁྲི་འཛིན་ གོ་ཧར་ཨ་ལི་ཁཱན་གྱིས་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

རྒྱ་ནག་གི་ དོན་གཅོད་པ་ཅིག་ པ་ར་ག་ཡེ་ རྒྱལ་ཁབ་ནང་ལས་ ཕྱིར་བཏོན་བཏང་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ རྒྱ་ནག་གི་ དོན་གཅོདཔ་ཅིག་གིས་ ལྷོ་ཨ་མེ་རི་ཀའི་ རྒྱལ་ཁབ་ཚུ་གིས་ ཏ་ཡེ་ཝཱན་དང་གཅིག་ཁར་ མཐུན་ལམ་རྒྱུན་བཅད་དགོ་པའི་ རྒྱུད་སྐུལ་འབད་བ་ལུ་བརྟེན་ཏེ་ པ་ར་ག་ཡེ་ རྒྱལ་ཁབ་ནང་ལས་ བཏོན་བཏང་ནུག།དེ་ཡང་ པ་ར་ག་ཡེ་ ཕྱི་འབྲེལ་བློན་པོ་གིས་ བརྗོད་དོན་ཅིག་ བཏོན་མིའི་ནང་ རྒྱ་ནག་གི་དོན་གཅོདཔ་ ཞུ་ཝི་གི་ རྒྱལ་ཁབ་ནང་ གནས་སྡོད་ཀྱི་ ཆོག་ཐམ་དེ་ ཆ་མེད་བཏང་ཡོདཔ་ད་ ཞུ་ཝི་དེ་ ལེ་ཊིན་ཨ་མི་རི་ཀ་ལུ་ རྒྱ་ནག་གི་ དོན་གཅོདཔ་ཨིན་པས།དོན་གཅོདཔ་ཞུ་ཝི་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཚན་རིག་དང་ ལམ་སྲོལ་ཚོགས་པའི་ ཞལ་འཛོམས་ནང་ འོང་ཡོད་རུང་ ཞལ་འཛོམས་དེ་ནང་ གྲལ་གཏོགས་མ་འབད་བར་ པ་ར་ག་ཡེ་ལུ་ སོང་ཞིནམ་ལས་ ནང་འཁོད་སྲིད་དོན་ལུ་ བར་དཀྲུགས་འབད་ནུག།རྒྱལ་ཁབ་དེ་ ལྷོ་ཨ་མེ་རི་ཀའི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཏ་ཡེ་ཝཱན་དེ་ རང་དབང་རྒྱལ་ཁབ་སྦེ་ བརྩི་འཇོག་འབད་མི་ཅིག་ཨིནམ་ད་ འཛམ་གླིང་ནང་ ཏ་ཡེ་ཝཱན་དེ་ རྒྱལ་ཁབ་སྦེ་ ངོས་ལེན་འབད་མི་ ༡༢ ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 14 Today: 1044 Total visitors: 8264