ArchiveAboutContact
National News

རྡོ་རྗེ་སློབ་དཔོན་མཆོག་གིས་ སྒྲུབ་དཔོན་དང་ དབུ་འཛིན་ བླམ་གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

· 1 min read

གནམ་ལོ་ཤིང་འབྲུག་ཟླཝ་ ༧ པའི་ཚེས་ ༣ སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ སྒྲུབ་དཔོན་ ༡ དང་ དབུ་འཛིན་ ༡ བླམ་ ༡ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་ གནང་ཡོདཔ་ཨིན་པས།
དེ་ཡང་ ཀྲོང་གསར་རྫོང་ཁག་ ནུབ་སྦིས་རྒེད་འོག་ལས་ སྐྱེས་ལོ་ ༤༩ འབད་མི་ སློབ་དཔོན་བསྟན་འཛིན་ལྷུན་གྲུབ་དེ་ ཐིམ་ཕུ་མཐའ་བྲག་དགོན་པའི་ སྒྲུབ་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༩ ལས་ ཀྲོང་གསར་ཆོས་རྩེ་རབ་སྡེའི་ནང་ འཛུལ་ཞུགས་འབད་དེ་ དཔལ་ལྡན་འབྲུག་པའི་ གར་ཐིག་དབྱངས་ ༣ དང་ དཀྱིལ་ཆོག་གི་ རིམ་པ་ཚུ་ལུ་ སྦྱངས་བརྩོན་མཛད་ནུག།
དེ་ལས་ ཚང་ཁ་འབྲིང་རིམ་བཤད་གྲྭ་དང་ རྟ་མགོ་ནང་པའི་གཙུག་ལག་སློབ་གྲྭའི་ནང་ལས་ གཞུང་ཆེན་བཅུ་གསུམ་དང་བཅས་པའི་ མདོ་སྔགས་ཀྱི་ རིག་གཞུང་ཚུ་ལུ་ སྦྱངས་བརྩོན་མཛད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ རྗེ་མཁན་ཁྲི་ཟུར་ སྐྱབས་རྗེ་ཞིང་གཤེགས་ བསྟན་བསྟན་འཛིན་དོན་གྲུབ་མཆོག་དང་ སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དབུ་གཙོས་པའི་ རྡོར་སློབ་བསོད་ནམས་རྒྱ་མཚོ་དང་ གྲུབ་དབང་ཀརྨ་འགྱུར་མེད་ཚུ་གི་ཞབས་ལས་ དོན་བརྒྱུད་དཔལ་ལྡན་འབྲུག་པའི་ལུགས་ཀྱི་ གདམས་ངག་སྡོང་པོ་གསུམ་བསྒྲིལ་གྱིས་གཙོས་པའི་ བསྐྱེད་རྫོགས་ཀྱི་ གདམས་ངག་ཚུ་ཞུ་སྟེ་ ལྕགས་རི་སྒྲུབ་སྡེ་ལྟེ་བའི་ནང་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཉམས་ལེན་ གནང་ཡོདཔ་མ་ཚད་ ལྕགས་རི་སྒྲུབ་སྡེ་ལྟེ་བའི་ དབུ་མཛད་ཀྱི་ གོ་གནས་ཡང་བཞེས་ནུག།
དེ་ལས་ སྐྱབས་རྗེ་ ཁྲི་ཟུར་ཞིང་གཤེགས་མཆོག་གི་ བཀའ་དགོངས་ལྟར་དུ་ དཔལ་རི་སྒྲུབ་སྡེའི་ནང་ ལོ་ངོ་ ༡༡ ལྷགཔ་ཅིག་གི་རིང་ལུ་ སྒྲུབ་སྡེའི་སློབ་དཔོན་སྦེ་ ཕྱག་ཞུ་ཐོག་ལས་ སྒྲུབ་སྡེ་པ་ཚུ་ལུ་ ཕྱག་ཆེན་ཆོས་དྲུག་གི་ སྒྲུབ་པ་ཉམས་ལེན་གྱིས་མ་དོ་བར་ སྒྲུབ་སྡེའི་ལྷ་ཁང་དང་ མཚམས་ཁང་མང་རབས་ཅིག་ཡང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཉམས་བཅོས་དང་ གསར་བཞེངས་ཀྱི་ འཛིན་སྐྱོང་ཚུ་ཡང་ མཛད་ཡོདཔ་ཨིན་པས།
སྤུང་ན་ཁ་ ཉི་ཟེར་སྒང་གི་བླམ།
སྤུ་ན་ཁ་རྫོང་ཁག་ སྟོད་པའི་ས་རྒེད་འོག་ གཡུས་སྨན་ཆུང་ནང་ལས་ སྐྱེས་ལོ་ ༤༥ འབད་མི་ སློ་དཔོན་དོན་གྲུབ་དེ་ སྤུང་ན་ཁ་ ཉི་ཟེར་སྒང་གི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༨ ལས་ སྤུངས༌ཐིམ༌གཞུང༌གྲྭ༌ཚང༌གི་མངའ་འོག་ བདེ་ཆེན་ཕོ་བྲང་ དགེ་འདུན་སློབ་གྲྭའི་ནང་ འཛུལ་ཞུགས་མཛད་དེ་ ལོ་ངོ་ ༡༠ གྱི་རིང་ལུ་ དཔལ་ལྡན་འབྲུག་པའི་བུ་ཆོས་ གར་ཐིག་དབྱངས་གསུམ་ཚུ་ལུ་ སྦྱངས་བརྩོན་མཛད་ནུག།
དེ་ལས་ ལོ་ངོ་ ༩ གི་རིང་ལུ་ ནང་པའི་ཆེ་མཐོ་རིག་པའི་འབྱུང་གནས་ རྟ་མགོ་བཤད་གྲྭའི་ནང་ལས་ ཤེས་ཡོན་ཚུ་ མཐར་འཁྱོལ་བའི་ཤུལ་ལས་ ལྷོ་རྫོང་བཀྲ་ཤིས་སྒང་ལུ་ གྲུབ་དབང་དཀར་མདོག་མཆོག་གི་ཞབས་ལས་ རང་ལུགས་དཔལ་ལྡན་འབྲུག་པའི་ཕ་ཆོས་ གདམས་ངག་སྡོང་པོ་གསུམ་བསྒྲིལ་གྱི་གཙོ་བོ་ སྒོམ་པ་ནཱ་རོ་ཆོས་དྲུག་དང་ ཟབ་ལམ་སྙན་བརྒྱུད་ཀྱི་ གདམས་ངག་ཚུ་ ལོ་ངོ་ ༣ གྱི་རིང་ལུ་ སྒྲུབ་པ་ཉམས་ལེན་མཛད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལོ་ངོ་ ༧ གྱི་རིངལུ་ རྟ་མགོ་ཆེ་མཐོ་རིག་པ་བཤད་གྲྭའི་ ལས་འགན་པ་སྦེ་ ཕྱག་ཞུ་བའི་ཁར་ ལོ་ངོ་ ༤ གི་རིང་ལུ་ སྤ་རོ་ཤར་པ་སློབ་གྲྭའི་ མཁན་པོ་སྦེ་ བཞུགས་ཡོདཔ་ད་ ད་རེས་ཀྱི་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ ལྷོ་རྫོང་བཀྲ་ཤིས་སྒང་ལུ་ མཚམས་སྒྲུབ་གནང་སྟེ་བཞུགས་ནུག།
བཀྲིས་སྒང་སློབ་གྲྭའི་དབུ་འཛིན།
དེ་བཟུམ་སྦེ་ སྤ་རོ་རྫོང་ཁག་ བཙན་ཏོག་རྒེད་འོག་ གཡུས་ཟམ་སར་ལས་ སྐྱེས་ལོ་ ༣༦ འབད་མི་ སློབ་དཔོན་ཚེ་རིང་དེ་ ལྷ་རྫོང་བཀྲ་ཤིས་སྒང་ སློབ་གྲྭའི་དབུ་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ སྐྱེས་ལོ་ ༩ ལས་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ སློབ་གྲྭ་ལྟེ་བའི་ནང་ རབ་བྱུང་དགེ་སློང་གི་སྡེ་ལུ་ཞུགས་ཏེ་ གར་ཐིག་དབྱངས་གསུམ་དང་ ཡིག་རིགས་ལ་སོགས་པ་ཚུ་ལུ་ སྦྱངས་བརྩོན་མཛད་ཡོདཔ་ཨིན་པས།
དེ་ལས་ སེམས་རྟོག་ཁ་ བཤད་གྲྭའི་ནང་ འཛུལ་ཞུགས་མཛད་དེ་ ཤེས་ཡོན་ཚུ་ལུ་ སྦྱངས་བརྩོན་མཛད་ཡོདཔ་ད་ སྤྱི་ལོ་ ༢༠༠༣ ལུ་ སེམས་རྟོག་ཁ་ལས་ སྤུངས་ཐིམ་གཞུང་སྦུག་གྲལ་པའི་སྡེ་ནང་ཞུགས་ཏེ་ དཔལ་ལྡན་འབྲུག་པའི་ གར་ཐིག་དབྱངས་གསུམ་ཚུ་ལུ་ སྦྱངས་བརྩོན་མཛད་པའི་ཤུལ་ལས་ ལོ་ངོ་ ༣ གྱི་རིང་ལུ་ སྤ་རོ་འབྲང་རྒྱས་དགོན་པ་ སློབ་གྲྭའི་སློབ་དཔོན་གྱི་ ཕྱག་ལཱ་མཛད་དེ་བཞུགས་ནུག།
དེ་གི་ཤུལ་ལས་ མདོ་སྡེ་བྲག་བཤད་གྲྭའི་ནང་ འཛུལ་ཞུགས་མཛད་དེ་ ལོ་ངོ་ ༥ གི་རིང་ རིག་གཞུང་ཚུ་ལུ་ སྦྱངས་བརྩོན་མཛད་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༦ ལུ་ རྟ་མགོ་གཙུག་ལག་སློབ་གྲྭའི་ནང་ལས་ མདོ་སྔགས་རིག་གཞུང་ཚུ་ལུ་ཡང་ གསན་བསམ་མཐར་ཕྱིན་ཡོདཔ་ཨིན་པས།
དེ་ལས་ རིམ་པ་བཞིན་དུ་ དཔལ་ལྡན་བླ་མ་དམ་པ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་དང་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ། རྒྱལ་སྲས་སྤྲུལ་སྐུ་རིན་པོ་ཆེ། མཁན་ཆེན་ཀརྨ། སྤ་རོ་གནས་བརྟན་ ཀུན་ལེགས་བསྟན་འཛིན། མཁན་པོ་རྣམ་རྒྱལ་ཚུ་ལས་ གདམས་ངག་ཟབ་མོ་དང་ མདོ་སྔགས་གཞུང་རིག་ཚུ་ལུ་ཡང་ དོགས་སེལ་དང་ མཐའ་དཔྱོད་མཛད་ནུག།
སྤྱི་ལོ་ ༢༠༡༧ ལས་ སྤྱི་ཞིང་བསམ་གཏན་ཆོས་གླིང་ སྒྲུབ་སྡེའི་ནང་ རིགས་ཀུན་ཁྱབ་བདག་ རྡོ་རྗེ་སློབ་དཔོན་མཆོག་གི་ཞབས་ལས་ བསྐྱེད་རྫོགས་མན་ངག་གི་ བཅུད་སྙིང་བཞེས་ཏེ་ ལོ་གསུམ་ཕྱོགས་གསུམ་གྱི་ ཉམས་ལེན་མཐར་ཕྱིན་པའི་ཤུལ་ལས་ ལོ་ངོ་ ༤ གི་རིང་ལུ་ མདོ་སྡེ་བྲག་བཤད་གྲྭའི་ནང་ རིག་གཞུང་ཚུ་ལུ་ སློབ་སྟོན་མཛད་དེ་ བཞུགས་ཡོདཔ་ཨིན་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 5 Today: 4222 Total visitors: 6899