ArchiveAboutContact
National News

རྡོ་རྗེ་སློབ་དཔོན་མཆོག་གིས་ བླམ་ ༡ དང་ དབུ་འཛིན་ ༢ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར།

· 1 min read

རང་ཟླ་ ༦ པའི་ཚེས་ ༡༥ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ བླམ་ ༡ དང་ དབུ་འཛིན་ ༢ གསར་བསྐོས་ཐོག་ལུ་ བཀྲ་ཤིས་ལེགས་དར་ གནང་ཡོདཔ་ཨིན་པས།
གསང་ཆེན་རྡོ་རྗེ་ལྷུན་གྲུབ་ ཨ་ཎེའི་མཐོ་རིམ་བཤད་གྲྭའི་དབུ་འཛིན།
དེ་ཡང་ སྤ་རོ་རྫོང་ཁག་ རྡོ་དཀར་རྒེད་འོག་ གཡུས་དབུས་སུ་ན་ལས་ སྐྱེས་ལོ་ ༤༤ འབད་མི་ མཁན་པོ་བསོད་ནམས་རྒྱལ་མཚན་དེ་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ ཨ་ཎེའི་མཐོ་རིམ་བཤད་གྲྭའི་ དབུ་འཛིན་སྦེ་ གསར་བསྐོས་གནང་ནུག།
མཁན་པོ་བསོད་ནམས་རྒྱལ་མཚན་གྱིས་ སྐྱེས་ལོ་ ༩ ལས་ ཐིམ་ཕུ་བདེ་ཆེན་ཕོ་བྲང་སློབ་གྲྭ་ལྟེ་བའི་ནང་ ལོ་ངོ་ ༨ ཀྱི་རིང་ལུ་ གཞི་རིམ་གྱི་ སློབ་སྦྱོང་འབད་བའི་ཤུལ་ལས་ རྒྱ་གར་ཧི་མ་ཅཱལ་ལུ་ཡོད་མི་ ཏཱའི་སི་ཏུ་རིན་པོ་ཆེའི་གདན་ས་ ཤེས་རབ་གླིང་ལུ་ ལོ་ངོ་ ༡༠ གྱི་རིང་ལུ་ བཤད་གྲྭའི་ཤེས་ཡོན་ཚུ་ མཐར་ཕྱིན་ཡོདཔ་བཞིན་དུ་ སྤྱི་ལོ་ ༢༠༡༣ ལུ་ མཁན་པོའི་ཕྱག་ཁྱེར་ བཞེས་ཡོདཔ་ཨིན་པས།
དེ་ལས་ སེའུ་ལ་བཤད་གྲྭའི་ནང་ ལོ་ ༡ དང་ ཤར་མཁོ་ཐང་རིན་ཆེན་གླིང་བཤད་གྲྭའི་ནང་ ལོ་ངོ་ ༤ གི་རིང་ལུ་ སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ ལྷུང་འཚོ་བཀྲ་ཤིས་སྒང་ སློབ་དཔོན་དཀར་མདོག་དང་ རིན་ཆེན་གླིང་ལུ་ དབྱངས་སློབ་བགྲེསཔ་ སློབ་དཔོན་འཆི་མེད་ཀྱི་ སྐུ་མདུན་ལས་ ཕྱག་ཆེན་སྔོན་འགྲོ་ཚུ་གནང་ནུག།
ད་རེས་ཀྱི་ གོ་གནས་འདི་ མ་བཞེས་པའི་ཧེ་མར་ ལེགས་བཤད་འབྱུང་གནས་ མཐོ་རིམ་བཤད་གྲྭའི་ དབུ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
རྒྱ་གར་རཱཇ་གི་རིའི་བླམ།
ཐིམ་ཕུ་རྫོང་ཁག་ སྨད་ཝང་རྒེད་འོག་ གཡུས་དར་ལུ་ཁ་ལས་ སྐྱེས་ལོ་ ༤༨ འབད་མི་ མཁན་པོ་ལེགས་སྐྱིད་མཁའ་འགྲོ་དེ་ རྒྱ་གར་རཱཇ་གི་རིའི་བླམ་སྦེ་ གསར་བསྐོས་གནང་ནུག།
མཁན་པོ་ལེགས་སྐྱིད་མཁའ་འགྲོ་གིས་ སྐྱེས་ལོ་ ༡༣ ལས་ དཔལ་ལྡན་འབྲུག་པའི་ ཆོས་སྡེར་ཞུགས་ཏེ་ སྐྱེས་ལོ་ ༡༧ གྱི་རིང་ལུ་ སྤུངས་ཐིམ་ཆོས་སྡེ་ཆེན་མོར་དཀྱིལ་ཆོག་དང་ སྒྲིག་ལམ་གྱི་ སློབ་སྦྱོང་མཛད་ཡོདཔ་ད་ སྐྱེས་ལོ་ ༡༨ ལས་ མདོ་སྡེ་བྲག་བཤད་གྲྭའི་ནང་ སྒྲ་སློབ་སྐུ་བགྲེས་ རྡོ་རྗེ་རིན་ཆེན་ལས་ རིག་གནས་དང་ དབུ་མའི་འཛིན་རིམ་ཚུ་ལུ་ སྦྱངས་བརྩོན་མཛད་ཡོདཔ་ཨིན་པས།
དེ་ལས་ སྐྱེས་ལོ་ ༢༢ ལས་ ༢༨ ཚུན་ རྟ་མགོ་ནང་པའི་མཐོ་རིམ་བཤད་གྲྭའི་ནང་ སྒྲ་སློབ་ཞིང་བཤེགས་ མཁས་དབང་ཀུན་ལས་རྒྱལ་མཚན་དང་ གཙུག་སློབ་སྐུ་བགྲེས་ མཁས་དབང་བསམ་གཏན་རྡོ་རྗེ་ དགེ་བཤེས་ཚེ་རིང་རྡོ་རྗེ་ཚུ་ལས་ མངོན་པ་དང་ ཕར་ཕྱིན་ འདུལ་བ་ལ་སོགས་པའི་ གཞུང་ཆེན་ ༡༣ ཆ་ལག་དང་བཅས་པ་ལུ་ སྦྱངས་བརྩོན་མཛད་དེ་ སྤྱི་ལོ་ ༢༠༠༣ ལུ་ འཛིན་རིམ་ ༩ པ་ མཇུག་བསྡུ་ནུག།
སྤྱི་ལོ་ ༢༠༠༤ ལས་ ལྕགས་རི་ལུ་ སྐྱབས་རྗེ་ཞིང་གཤེགས་དམ་པའི་ཞབས་ལས་ དཔལ་ལྡན་འབྲུག་པའི་ གདམ་ངག་ཡོངས་རྫོགས་ཞུ་སྟེ་ རྟ་མགོ་འོད་གསལ་དགའ་ཚལ་ལུ་ ལོ་གསུམ་ཐེངས་དང་པོའི་ བཅད་རྒྱ་དང་ སྤྱི་ལོ་ ༢༠༠༩ ལས་ ༢༠༡༡ ཚུན་ ལོ་ངོ་ ༣ གྱི་རིང་ལུ་ སྤྱི་གཞི་དགོན་པའི་ སློབ་གྲྭའི་དབུ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༢ ལས་ ༢༠༡༥ ཚུན་ ཤར་བདེ་ཆེན་ཆོས་གླིང་དགོན་པ་ གྲུབ་དབང་བསྟན་འཛིན་རྒྱ་མཚོའི་གདན་སར་ཡང་ ལོ་གསུམ་ཕྱོགས་གསུམ་ཐེངས་ ༢ པའི་ སྒྲུབ་པ་གནང་ཡོདཔ་ད་ སྤྱི་ལོ་ ༢༠༡༥ ལུ་ ལོ་མཚམས་གྲོལ་བའི་ཤུལ་ལས་ ལོ་ངོ་ ༩ གི་རིང་ལུ་ ཕུན་ཚོགས་གླིང་ དཔལ་ལྡན་བཀྲིས་ཆོས་གླིང་ བཤད་གྲྭའི་མཁན་པོ་སྦེ་ ཕྱག་ཞུ་ནུག།
ཐིམ་ཕུ་གསང་སྔགས་ཟབ་དོན་ཕོ་བྲང་ བཤད་གྲྭའི་དབུ་འཛིན།
སྤུ་ན་ཁ་རྫོང་ཁག་ གཡུས་ལོད་སྦི་ས་ལས་ མཁན་པོ་ཡེ་ཤེས་རྡོ་རྗེ་གིས་ སྐྱེས་ལོ་ ༡༢ ལས་ བདེ་ཆེན་ཕོ་བྲང་སློབ་གྲྭ་ལྟེ་བའི་ནང་ འཛུལ་ཞུགས་འབད་དེ་ གར་ཐིག་དབྱངས་གསུམ་གྱི་ སློབ་སྦྱོང་ཚུ་ རིམ་པ་བཞིན་དུ་ མཐར་འཁྱོལ་བའི་ཤུལ་ལས་ རྟ་མགོ་ཆོས་དབྱིངས་ཕོ་བྲང་ནང་ འཛུལ་ཞུགས་འབད་དེ་ སྒྲ་སློབ་ཞིང་གཤེགས་མཁས་དབང་ཀུན་ལེགས་རྒྱལ་མཚན་མཆོག་དང་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་ དེ་ལས་ ཞིང་གཤེགས་དགེ་བཤེས་ཚེ་རིང་རྡོ་རྗེ་ཚུ་ལས་ མདོ་སྔགས་རིག་གནས་དང་བཅས་པ་ལུ་ ཐོས་བསམ་གྱི་རིམ་པ་ མཐར་ཕྱིན་ཡོདཔ་ཨིན་པས།
དེ་ལས་ ལྕགས་རི་མི་འགྱུར་ཆོས་འཁོར་རྡོ་རྗེ་གདན་ལུ་ སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་ཁྲི་ཟུར་རིན་པོ་ཆེའི་ཞབས་ལས་ རང་ལུགས་དཔལ་ལྡན་འབྲུག་པའི་ དབང་ལུང་མན་ངག་ཚུ་ཞུ་སྟེ་ ཕྱག་ཆེན་སྔོན་འགྲོ་ལས་ ཐབས་ལམ་ནཱ་རོ་ཆོས་དྲུག་གི་ ཉམས་ལེན་ཚུ་ ལེགས་ཤོམ་སྦེ་ མཇུག་བསྡུ་བའི་ཤུལ་ལུ་ སྤ་རོ་གསང་ཆེན་ཆོས་འཁོར་ མཐོ་རིམ་བཤད་གྲྭའི་ སློབ་དཔོན་སྦེ་ ལོ་ངོ་ ༣ གྱི་རིང་ལུ་ ཕྱག་ཞུ་ནུག།
དེ་བཟུམ་སྦེ་ རྟ་མགོ་ཆེས་མཐོ་རིག་པའི་ སློབ་གྲྭའི་ལེགས་བཤདཔ་གོངམ་སྦེ་ ལོ་ངོ་ ༤ ལྷགཔ་ཅིག་དང་ རྡོར་གདན་གཙུག་ལག་སློབ་གྲྭའི་ནང་ མཁན་པོའི་གོ་གནས་བཞེས་ཏེ་ ལོ་ངོ་ ༣ རིང་ལུ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 8 Today: 4222 Total visitors: 6899