བདེ་སྐྱིད་ཆོས་སྒྲོན་དང་
སྒྲོལ་མ་ཡེ་ཤེས།
སྤྱི་ཟླ་ ༦ པའི་ཚེས་ ༩ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཉེས་པ་ཡངས་ཕྲ་དང་ ཉེས་པ་ཡངས་ཕྲ་འོག་རྒྱུའི་ རྩོད་གཞི་ཚུ་ ཨ་རྟག་ག་ཨིནམ་སྦེ་ ཉེས་བཤེར་འབད་ནི་གི་ དབང་ཚད་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ར་ བཞག་དགོ་པའི་ གསུང་གྲོས་རྒྱས་པར་གནང་ཡོད་རུང་ དོན་ཚན་དེ་ མཐའ་དཔྱད་ཀྱི་ གསུང་གྲོས་སྐབས་ལུ་ ཆ་འཇོག་འགྲུབ་ནི་ཨིན་པས།
དེ་ཡང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མའི་གུ་ རྒྱལ་ཡོངས་ཚོགས་འདུ་གིས་ འཕྲི་སྣོན་མཛད་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ལྷོད་མི་དེ་ རྒྱལ་ཡོངས་ཚོགས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་ནུག།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ བཅའ་ཁྲིམས་ ༢༠༠༩ ཅན་མའི་ དོན་ཚན་ ༤༡ པའི་ ག་པ་དང་འཁྲིལ་བ་ཅིན་ འགན་ཁུར་འོག་ལུ་ རྩོད་གཞི་དང་ ཉེས་ཅན་ཚུ་ ཤེས་རྟོགས་འབད་ནི་དང་ ག་ཏེ་འོས་འབབ་ཡོད་སར་ ཉེས་ཅན་ཚུ་ འཛིན་བཟུང་འབད་ནི་ དེ་ལས་ ཁྲིམས་ཀྱི་བྱ་རིམ་ཚུ་ནང་ འཕྲོ་མཐུད་ཉེས་བཤེར་འབད་དགོཔ་སྦེ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ འཕྲི་སྣོན་མཛད་དེ་ རྩོད་གཞི་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ ཉེས་བཤེར་གྱི་དོན་ལས་ གཏང་དགོཔ་སྦེ་ཡོད་མི་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཆུང་གིས་ རྒྱབ་སྣོན་འབད་ནུག།
མགར་སའི་འཐུས་མི་ རྡོ་རྗེ་མཁའ་འགྲོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ ཉེས་ཕྲ་འོག་རྒྱུ་འབད་མི་ རྩོད་གཞི་ཉེས་བཤེར་གྱི་ དབང་ཚད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་བ་ འགག་སྡེ་ལུ་ར་ བཞག་པ་ཅིན་ བྱ་སྟབས་བདེ་ཏོག་ཏོ་སྦེ་ མཇལཝ་ཟེར་ཨིན་པས།
དེ་མ་ཚད་ ཞི་གཡོག་ལེགས་སྒྱུར་གྱི་ གནས་སྟངས་དང་འཁྲིལཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ མི་སྟོབས་ལངམ་སྦེ་ཡོད་མེད་ བལྟ་དགོ་པའི་གུ་ ཞི་གཡོག་པའི་ སྲིད་བྱུས་ནང་ཡང་ མི་སྟོབས་ཉུང་སུ་དང་ ལཱ་འགན་སྦོམ་ འབག་དགོཔ་སྦེ་ཨིནམ་ལས་ ཐུགས་བཞེད་གནང་དགོ་པས་ཟེར་ཞུ་ནུག།
དེ་བཟུམ་མའི་ ཉེས་པ་ཡངས་ཕྲའི་ རྩོད་རྙོགས་ཚུ་ རྫོང་ཁག་ ༢༠ ག་རའི་ནང་ འཐོན་སྲིད་ནི་ཨིནམ་ལས་ ལུང་ཕྱོགས་ཡིག་ཚང་དང་ ཡིག་ཚང་ལྟེ་བ་ལས་ཡང་ ཞིབ་དཔྱད་དང་ རྩོད་བཤེར་གྱི་ ཕྱག་ལཱ་ཛུ་གནངམ་ད་ ཉིན་བསྟར་གྱི་འཐུས་དང་ ཟད་འགྲོ་ དེ་ལས་ དུས་ཚོད་ཀྱི་ དཀའ་ངལ་ཚུ་ཡང་ སེམས་ཁར་བཞག་དགོཔ་འདུག་ཟེར་ཨིན་པས།
རྩོད་བཤེར་དེ་ཚུ་ མཇུག་མ་བསྡུ་བར་ཡོདཔ་ལས་ འགག་སྡེའི་དོ་དམ་འོག་ལུ་ མི་མ་ཤོང་པའི་ གདོང་ལན་དང་ མི་སེར་ལུ་ ཧེང་སྐལ་ར་ བརྡབ་གསིག་རྐྱབ་ནི་གི་ ཉེན་ཁ་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ རྩོད་རྙོགས་ཁག་ ༦༠ དང་ ༧༠ དེ་ཅིག་ འགག་སྡེ་གིས་སྦེ་ རྩོད་གཞི་ཕྱེ་དགོཔ་སྦེ་ བཤད་ཡོད་པའི་ ལོ་རྒྱུས་དང་ གནས་ཚུལ་ཚུ་ཡང་ ཐོབ་ཅི་ཟེར་ཞུ་ནུག།
གསར་སྤང་གི་འཐུས་མི་ ཨ་ནཱཌ་ར་ཡེ་གིས་ རྫོང་ཁག་ཚུ་ནང་ ཁྲིམས་དོན་ འགོ་དཔོན་ལངམ་སྦེ་ མེད་མི་དང་ ཁྲིམས་དོན་འགོ་དཔོན་ཚུ་ མང་བསྡོམས་སྦེ་ ལཱ་འབད་རུང་ གཞུང་གིས་ ཟད་འགྲོ་སྦོམ་སྦེ་ གཏང་དགོ་པའི་ ལོ་རྒྱུས་ཡོདཔ་ལས་ ཉེས་ཕྲའི་རིགས་ཚུ་ ཁྲིམས་སྲུང་འགག་སྡེ་ལུ་ར་ བཞག་དགོཔ་འདུག་ཟེར་ཨིན་པས།
སྤ་རོའི་འཐུས་མི་ ཨྱོན་ཚེ་རིང་གིས་ཡང་ ཉེས་པ་ཡངས་ཕྲ་དང་ ཉེས་པ་ཡངས་ཕྲ་འོག་རྒྱུའི་ ཉེས་བཤེར་གྱི་ དབང་ཚད་ཚུ་ འགག་སྡེ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ནི་ལུ་ རྒྱབ་སྐྱོར་མེད་ཟེར་ཨིན་པས།
རྩོད་དོན་ཆུང་ཀུ་ཅིག་གི་དོན་ལུ་ ཡིག་ཚང་ལྟེ་བ་ལས་ མཐའ་ཟུར་གྱི་གཡུས་ཚན་ དཔེ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ ཤིང་མཁར་ལའུ་རི་ཚུན་ ཁྲིམས་དོན་འགོ་དཔོན་གཏང་ནི་དང་ རྩོད་བཤེར་འབདཝ་ད་ མི་སྡེ་ལུ་ དྲང་བདེན་འཐོབ་ནི་གི་ འོས་འབབ་ག་དེ་སྦེ་ཡོདཔ་ཨིན་ན་དང་ གཞུང་ལུ་ཡང་ སྐུ་གྱོང་སྦོམ་ ཕོག་ནི་གི་ ཉེན་ཁ་འདུག་ཟེར་ཞུ་ནུག།
ལྷུན་རྩེའི་འཐུས་མི་ བསྟན་པ་རྡོ་རྗེ་གིས་ ད་ཚུན་ ཉེས་པ་ཡངས་ཕྲའི་ རྩོད་བཤེར་ཚུ་ འགག་སྡེ་གིས་ ལོ་བསྟར་བཞིན་དུ་ རྩོད་བཤེར་ཁག་ ༣,༥༠༠ ལས་ ༤,༠༠༠ གི་བར་ན་ ལག་ལེན་འཐབ་ནི་དེ་གིས་ སྤྱི་ལོ་ ༢༠༡༧ ལུ་ རྩོད་གཞི་ཁག་ ༤,༠༠༠ དང་ སྤྱི་ལོ་ ༢༠༡༨ ལུ་ རྩོད་གཞི་ཁག་ ༤,༣༠༠ དེ་ལས་ སྤྱི་ལོ་ ༢༠༡༩ ལུ་ རྩོད་གཞི་ཁག་ ༤,༠༨༥ དེ་ཅིག་ ཉེས་བཤེར་འབད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༠ ལུ་ འགག་སྡེ་གིས་ རྩོད་གཞི་ཁག་ ༩༢༨ དང་ སྤྱི་ལོ་ ༢༠༢༡ ལུ་ རྩོད་གཞི་ཁག་ ༡,༠༥༩ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཕུལ་ཡོད་རུང་ རྩོད་གཞི་ཕྱེ་མ་ཚར་བར་ ད་ལྟོའི་བར་ན་ཡང་ རྩོད་གཞི་ཁག་ ༨༦ དེ་ཅིག་ བསྐྱར་ཞིབ་འབད་བའི་བསྒང་འདུག་ཟེར་ཞུ་ནུག།
ཁྱད་ལྡན་གྱི་འཐུས་མི་ ཨྱོན་ཚེ་རིང་གིས་ རྩ་ཁྲིམས་ཆེན་མོའི་ དོན་ཚན་དང་ རྒྱབ་འགེལ་ཡོད་མི་དང་ ཁེ་ཕན་ལྟག་སྤྲོད་ལུ་ གཞི་འཛིན་ཐོག་ལས་ དོན་ཚན་དེ་ ཕྱིར་དབྱུང་འབད་དེ་ འཕྲི་སྣོན་འབད་མི་ལུ་ རྒྱབ་སྐྱོར་མེད་ལུགས་དང་ རང་འཇགས་བཞག་དགོཔ་སྦེ་ཨིན་པས།
ཚོགས་ཆུང་གི་ ཁྲི་འཛིན་འོགམ་ སངས་རྒྱས་རྡོ་རྗེ་གིས་ དོན་ཚན་ ༤༡ པོ་དེ་ འགག་སྡེའི་འགན་ཁུར་དང་ དོན་ཚན་ ༧༡ པོ་དེ་ ཉེས་བཤེར་གྱི་ དབང་ཚད་ཨིན་ཟེར་ཞུ་ནུག།
ཚོགས་ཆུང་གི་ཁྲི་འཛིན་ ཉི་མ་གིས་ དོགས་སེལ་གྱི་ ལན་ཞུ་མིའི་ནང་ དོན་ཚན་ ༤༡ པའི་གུ་ ཚོགས་ཆུང་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགོ་དཔོན་ཚུ་དང་ གསུང་གྲོས་གནང་པའི་སྐབས་ལུ་ བྱ་སྟབས་མ་བདེཝ་སྦོམ་མེདཔ་སྦེ་ བཤདཔ་མ་ཚད་ འགག་སྡེའི་ཁ་ཐུག་ལས་ཡང་ རྩོད་བཤེར་གྱི་དོན་ལུ་ འགན་ཁུར་ཕོག་པ་ཅིན་ འགོ་དཔོན་ཚུ་ལུ་ སྦྱོང་བརྡར་ཁག་ ༣ རེ་ བྱིན་ནི་ཡོདཔ་སྦེ་ ཞུ་དེ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ དོན་ཚན་ ༤༡ པའི་ ག་པ་དང་འཁྲིལ་ཏེ་ འཐུས་མི་ ༦ དེ་ཅིག་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཉེས་བཤེར་འབད་ནི་གི་ དབང་ཚད་བྱིན་མི་དེ་ དོགས་པ་ཡོད་ལུགས་སྦེ་ཞུཝ་ལས་ ཚོགས་ཆུང་གིས་ མཐའ་དཔྱད་གསུང་གྲོས་གནང་ནིའི་དོན་ལུ་ གྲ་སྒྲིག་འབད་དགོཔ་སྦེ་གསུངས་ནུག།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་དེ་ ན་ཧིང་ རྒྱལ་ཡོངས་ཚོགས་འདུའི་ནང་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ནིའི་དོན་ལས་ ཕུལ་གནང་ཡོད་པའི་གནས་ཚུལ།
རྒྱལ་ཡོངས་ཚོགས་སྡེའི་ནང་ ཉེས་པ་ཡངས་ཕྲའི་ རྩོད་གཞི་ཚུ་ ཨ་རྟག་ག་ཨིནམ་སྦེ་ ཉེས་བཤེར་འབད་ནི་གི་ དབང་ཚད་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ར་ བཞག་དགོ་པའི་གྲོས་འབུལ།
Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]