གནམ་ལོ་ཆུ་ཡོས་ཟླཝ་ ༡༠ པའི་ཚེས་ ༡༠ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ཁྲིམས་འགལ་གྱི་ བྱ་ངན་དང་འབྲེལ་བའི་ དབྱེ་ཞིབ་མཐིལ་ཕྱིན་གྱི་དོན་ལས་ ཐིམ་ཕུ་གསར་སྦིས་ཐང་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཚན་རིག་བརྟག་དཔྱད་ཁང་གསརཔ་ཅིག་ སྒོ་འབྱེད་འབད་ནུག།
དེ་སྦེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་གཙོ་འཛིན་ འཆི་མེད་རྡོ་རྗེ་དང་ འབྲུག་ལུ་ ཨཱཛ་ཊི་ཡའི་གཞུང་ཚབ་ ཀེ་ཐ་རི་ན་ ཝི་སར་ ༢ ཀྱིས་ ཚན་རིག་བརྟག་དཔྱད་ཁང་ སྒོ་འབྱེད་འབད་མི་དེ་ འབྲུག་རྒྱལ་ཁབ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ནང་ འབྱུང་རབས་ཅན་གྱི་ ལས་དོན་ཅིག་ཨིན་པས།
དེ་ཡང་ ཨཱཛ་ཊི་ཡ་ གོང་འཕེལ་མཉམ་འབྲེལ་གྱིས་ མ་དངུལ་ཡུ་རོ་ ༨༥༡,༤༨༨.༥༦ བྱིན་ཐོག་ལས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པའི་ཚེས་ ༥ ལས་ འགོ་བཙུགས་ཏེ་ བཟོ་སྐྲུན་འབད་ཡོདཔ་ད་ ཚན་རིག་བརྟག་དཔྱད་ཁང་དེ་ནང་ སྐྱེ་ལྡན་རྩ་བརྒྱུད་དང་ ཡོངས་འབྲེལ་ཉེས་ལས་ཚུ་ བརྟག་དཔྱད་འབད་ཚུགས་པའི་ དེང་དུས་ཀྱི་ འཕྲུལ་རིག་ཚུ་ཡོད་པའི་ཁར་ ཡུ་ཀེ་ལུ་ཡོད་མི་ ཡོངས་གྲགས་ཅན་གྱི་ སྐྱེ་ལྡན་རྩ་བརྒྱུད་ བརྟག་དཔྱད་ལས་སྡེ་ སེལ་མཱག་ཟེར་མི་ལས་ཡང་ འཕྲུལ་རིག་ཐོག་ལུ་ བདེན་དཔྱད་ཚུ་ འཐོབ་ཚུགས་པའི་ འཕྲུལ་རིག་གཞི་བཙུགས་འབད་ནུག།
དེ་བཟུམ་མའི་ བརྟག་དཔྱད་ཁང་ གཞི་བཙུགས་འབད་མི་དེ་གིས་ རྒྱལ་གཞུང་འགག་སྡེའི་དོན་ལས་ གལ་གནད་ཅན་གྱི་ གྲུབ་འབྲས་ཅིག་ཨིནམ་ད་ བརྟག་དཔྱད་ཁང་དེ་གིས་ ད་ལས་ཕར་ ཁས་ལེན་ལུ་ གཞི་བརྟེན་འབད་བའི་ ཉེས་ལས་ཀྱི་ དྲང་ཁྲིམས་རིམ་ལུགས་དེ་ མངོན་རྟགས་གུ་ གཞི་བརྟེན་ཐབས་ལམ་ལུ་ འཕོ་གྱུར་འབད་ཚུགས་ནི་ཨིན་པས།
བརྟག་དཔྱད་ཁང་དེ་ལུ་བརྟེན་ཏེ་ ཉེས་ལས་འཐབ་སའི་ ས་གོ་ནང་ལས་ དོགས་པ་ཅན་ཚུ་ དུས་ཡུན་ཐུང་ཀུ་ཅིག་ནང་ ངོས་འཛིན་འབད་ཚུགས་པའི་ རེ་བ་ཡོད་པའི་ཁར་ དེང་དུས་དང་བསྟུན་པའི་ འཕྲུལ་ཆས་ཚུ་གིས་ ཞིབ་དཔྱད་ཚུ་ཡང་ དུས་ཚོད་ཁར་འབད་ནི་ལུ་ ཁེ་ཕན་འབྱུང་ནི་ཨིནམ་ལས་ དོགས་པ་ཅན་ཚུ་ ངོས་འཛིན་འབད་ནི་གི་ལྕོགས་གྲུབ་ཡང་ ཡར་དྲགས་འགྱོ་ནི་ཨིན་པས།
བརྟག་དཔྱད་ཁང་དེ་ བྱ་ངན་མར་ཕབ་འབད་ནི་དང་ ད་རེས་ཚུན་ཚོད་ མཐའ་གཏོགས་མ་ཚུགས་པར་ ལུས་ཏེ་ཡོད་མི་ གནད་དོན་ཚུ་ཡང་ བསལ་ཚུགས་ནི་ལུ་ གལ་ཆེ་བའི་ ལག་ཆ་ཅིག་སྦེ་ ལག་ལེན་འཐབ་བཏུབ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
བརྟག་དཔྱད་ཁང་དེ་གིས་ ཁྲིམས་ལུགས་ལག་ལེན་གྱིས་མ་དོ་བར་ ཁྲིམས་རྩོད་ཀྱི་ བྱ་སྒོ་ལེགས་སྒྱུར་དང་ མི་སྡེའི་ནང་ ཉེན་སྲུང་དང་ དྲང་བདེན་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པའི་ཁར་ རྒྱལ་གཞུང་འགག་སྡེ་གིས་ དྲང་བདེན་དང་ དྲང་ཁྲིམས་ལུ་ བརྩོན་ཤུགས་ཡར་འཕེལ་དང་ དད་དམ་ལྷོད་མེད་ཀྱི་ བརྡ་མཚོན་ཡང་ སྟོནམ་ཨིན་པས།
དེ་མ་ཚད་ ཨཱཛ་ཊི་ཡ་ གོང་འཕེལ་མཉམ་འབྲེལ་ནང་ལས་ གནད་སྡུད་གཅིག་བསྒྲིལ་གྱི་དོན་ལུ་ ཡུ་རོ་ ༢༦༤,༩༦༢.༦༨ དང་ ཐིམ་ཕུ་ལུ་ ཨམ་སྲུ་དང་ ཨ་ལོ་ཉེན་སྐྱོབ་ལས་ཚན་ནང་ ཨ་ལོ་དང་ དབང་པོ་སྐྱོན་ཅན་གྱི་དོན་ལུ་ ཁང་མིག་ཚུ་ འོས་འབབ་ཡོདཔ་ བཟོ་ནི་ལུ་ཡང་ ཡུ་རོ་ ༢༥,༤༧༧.༧༡ ཐོབ་ནུག།
ཨམ་སྲུ་དང་ ཨ་ལོ་ཉེན་སྐྱོབ་ལས་ཚན་ གོང་འཕེལ་བཏང་མི་དེ་གིས་ཡང་ ཨམ་སྲུ་དང་ ཨ་ལོ་ཚུ་གི་དོན་ལས་ ཉེན་སྲུང་དང་ལྡན་པའི་ གནས་སྟངས་གསར་གཏོད་ དང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཁས་ལེན་ཡོད་པའི་ བརྡ་མཚོན་སྟོནམ་ཨིན།
ཨཱཛ་ཊི་ཡ་ གོང་འཕེལ་མཉམ་འབྲེལ་གྱི་ མ་དངུལ་ཐོག་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འགོ་དཔོན་ ༡༥ གིས་གཙོས་པའི་ གོ་གནས་མ་འདྲ་བའི་ འགག་པ་ཚུ་ལུ་ སིངྒ་པོར་ལུ་སྦེ་ སྐྱེ་ལྡན་རྩ་བརྒྱུད་ བརྟག་དཔྱད་ཀྱི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཨིནམ་སྦེ་བཀོད་ནུག།
ད་ལས་ཕར་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁ་ཐུག་ལས་ སྐྱེ་ལྡན་རྩ་བརྒྱུད་ བརྟག་དཔྱད་ཁང་དེ་ རྒྱལ་སྤྱིའི་ངོས་ལེན་གནས་ཚད་ འགྲུབ་ནི་ལུ་ ཁས་ལེན་དང་ དྲང་ཁྲིམས་ཀྱི་དོན་ལུ་ གནས་ཚད་མཐོ་དྲགས་དང་ ཡིད་ཆེས་བརྟན་ཐོག་ལས་ བཟང་སྤྱོད་ངེས་གཏན་ བཟོ་ནི་གི་ ཁས་ལེན་ཡང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་གཞུང་འགག་སྡེ་གིས་ འཇོན་སྟངས་ཅན་གྱི་ སྐྱེ་ལྡན་རྩ་བརྒྱུད་ བརྟག་དཔྱད་ཀྱི་ གནད་སྡུད་གཞི་བཙུགས་དང་ ཉེས་འགེལ་ལག་ལེན་ དེ་ལས་ ནོར་འཁྲུལ་ཅན་གྱི་ ཉེས་སྐྱོན་སྲུང་སྐྱོང་དང་ བྱང་སྟོར་ཤོར་མི་ཚུ་ ངོས་འཛིན་འབད་ནི་ཚུ་ནང་ གནད་འགག་ཅན་གྱི་ འགན་ཁུར་ཚུ་ཡང་ འབག་ཚུགས་པའི་ རེ་འདུན་ཡོདཔ་ཨིན་པའི་གནས་ཚུལ།
རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བྱ་ངན་དང་འབྲེལ་བའི་ དབྱེ་ཞིབ་ཀྱི་དོན་ལས་ ཚན་རིག་བརྟག་དཔྱད་ཁང་སྒོ་འབྱེད།
Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]