ArchiveAboutContact
National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པའི་ འགོ་འབྱེད་རྟེན་འབྲེལ།

· 1 min read

རང་ཟླ་ ༥ པའི་ཚེས་ ༦ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པའི་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ཡི།
འགོ་འབྱེད་རྟེན་འབྲེལ་དེ་ནང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ བློན་པོ་བགྲེསཔ་ཚུ་མ་ཚད་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ ཕྱི་རྒྱལ་ཁག་གི་ གཞུང་ཚབ་དང་ དོན་གཅོདཔ་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།
དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ཐུགས་འགན་མང་རབས་ཅིག་ བཞེས་བཞིན་དུ་ཡོད་རུང་ འབྲུག་གི་སྤྱི་ཚོགས་ལུ་ ཐུགས་བརྩེས་གཟིགས་ཏེ་ འགོ་འབྱེད་རྟེན་འབྲེལ་ནང་ བྱོན་གནང་མི་འདི་ལུ་ བཀྲིན་དགའ་ཚོར་ཞུ་ཡི།
དེ་བཟུམ་སྦེ་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ མཛད་སྒོའི་རྟེན་འབྲེལ་ནང་བྱོན་མི་ ཞི་དྲག་གི་ དཔོན་ཁག་ཚུ་དང་ ཕྱི་རྒྱལ་དོན་གཅོདཔ་སྐུ་ཚབ་ཚུ་གུ་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་དང་ རྒྱང་མཐོང་གཟིགས་མི་དང་ རྒྱང་བསྒྲགས་ཐོག་ལས་ སྙན་གསན་མི་ འབྲུག་མི་ཡོངས་ལུ་ཡང་ བྱོན་ལེགས་ཡོད་ཟེར་ཨིན་པས།
འདས་པའི་ལོ་ངོ་ ༣ གྱི་ཧེ་མར་ འཛམ་གླིང་མཐའ་དབུས་གེ་རའི་ནང་ ནད་ཡམས་ཀོ་ཝིཌ་གིས་ མི་མང་གི་ ཚེ་སྲོག་ལུ་ བར་ཆད་དང་ དཔལ་འབྱོར་གྱི་གནས་སྟངས་ མར་ཉམས་འགྱོ་བའི་ དུས་ཚོད་ཁར་ མི་དབང་མངའ་ཞབས་མཆོག་ སྐུ་འོ་བརྒྱལཝ་དང་ ཐུགས་འཚེར་ལུ་མ་གཟིགས་པར་ ཉེན་འཚུབས་ཆེ་བའི་ ས་ཁོངས་ཚུ་ནང་ ཆིབས་བསྐྱོད་གནང་སྟེ་ འབྲུག་མི་ཡོངས་ལུ་ ཐུགས་བརྩེའི་སྒོ་ལས་ བཀའ་སློབ་དང་ ལམ་སྟོན་ཚུ་ མཛད་གནང་མི་ལུ་བརྟེན་ཏེ་ འབྲུག་མི་ཕུད་རྡོག་ ༡ ལུ་ཡང་ ཤི་རྐྱེན་མ་བྱུངཔའི་ཁར་ སྐྱིད་སྡུག་ཚུ་ཡང་ གཟིགས་གནང་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
མི་དབང་མཆོག་གིས་ རྒྱལ་ཁབ་ཀྱི་ ན་གཞོན་ཚུ་ རང་གི་རྐང་མར་ ལོང་སྡོད་ཚུགསཔ་བཟོ་ནི་གི་ ཐུགས་བཞེད་གནང་སྟེ་ རྒྱལ་སྲུང་གི་ འཆར་གཞི་དང་ ལས་རིམ་ཚུ་ བརྩམས་གནངམ་བཞིན་དུ་ དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༥ ལས་ ན་གཞོན་ཚུ་ལུ་ ཀུན་ཚང་ཤེས་ཡོན་ འཐོབ་ནིའི་དོན་ལས་ ལས་རིམ་འགོ་བཙུགས་གནང་མི་ལུ་ བཀྲིན་དགའ་ཚོར་ཞུ་བའི་ཁར་ སྤྱི་ཚོགས་ཀྱི་ཧོངས་ལས་ཡང་ རྒྱབ་སྐྱོར་སྒྲིང་སྒྲིང་སྦེ་ར་ ཕུལ་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མཆོག་གིས་ འཛམ་གླིང་རྒྱལ་སྤྱི་དང་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་དང་ བང་ལ་དེཤ་ལུ་ ཆིབས་བསྐྱོད་གནང་སྟེ་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ དཔལ་འབྱོར་མཁས་མཆོག་ དེ་ལས་ ཚོང་པ་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་དེ་ རྒྱལ་ཁབ་ཚུ་གི་བར་ན་ རྒྱབ་སྐྱོར་དང་ མཐུན་ལམ་མཉམ་འབྲེལ་ཚུ་ ག་ནི་བ་ དམ་ཟབ་སྦེ་ བཟོ་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
འབྲུག་རྒྱལ་ཁབ་ཀྱི་ འཕྲལ་ཕུགས་ ༢ ཀྱི་མཐའ་དོན་ལུ་ གཞི་རྟེན་སྒྲིང་སྒྲིང་དང་ དཔལ་འབྱོར་གྱི་གནས་སྟངས་ གསར་འགྱུར་ཐོག་ལུ་ ལེགས་བཅོས་དང་ ཡར་སྐྱེད་ཀྱི་དོན་ལས་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་འགོ་བཙུགས་ནིའི་ནང་ ཐབས་ལམ་དང་ ལམ་སྟོན་བཟང་པོ་ཚུ་ མཛད་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ ཁྲིམས་དང་ སྲིད་བྱུས་ག་ཅི་གི་ཐོག་ལས་འབད་རུང་ ཅི་ལྕོགས་གང་ལྕོགས་སྦེ་ ཕྱག་ཕྱིད་ཞུ་ནི་གི་ ཁས་བླངས་ཡང་ཡོད་ཟེར་ཨིན་པས།
དེ་ལས་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་ཞབས་ལས་ ལྷུན་རྩེ་ཨའུ་ཚོ་ སློབ་གྲྭ་ལྟེ་བའི་ ས་ཁོངས་ནང་ གཏེར་བཏོན་སངས་རྒྱས་གླིང་པའི་ གཏེར་ཆོས་ཀྱི་ ལྗགས་ལུང་གནང་ཡོདཔ་མ་ཚད་ བླ་སྤྲུལ་དང་ མཁན་སློབ་ཚུ་གིས་ཡང་ ཆོས་ཕྱོགས་ཀྱི་ མཛད་འཕྲིན་ཕྱོགས་མཐར་ བསྐྱངས་གནང་མི་ལུ་ཡང་ སྤྱི་ཚོགས་ཀྱི་ཧོངས་ལས་ གྲྭ་ཚང་ཆོས་ཕྱོགས་ཡོངས་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ འབྲུག་གི་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་ ༣ པའི་ཚེས་ ༡༥ ལས་ རྒྱ་གར་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་དང་པ་ གནང་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ གཞན་དང་མ་འདྲ་བའི་ མཐུན་འབྲེལ་རྩ་ཅན་འདི་ བསྐྱར་ཞིབ་འབད་ནི་གི་ གོ་སྐབས་དང་ མཛའ་བཤེས་མཐུན་ལམ་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ནི་དང་ འབྲུག་གི་ལོ་ལྔའི་འཆར་གཞི་ ༡༣ པའི་ ལས་སྣ་ཚུ་གིས་མ་ཚད་པར་ མཉམ་འབྲེལ་དང་ གྲོགས་རམ་གྱི་ གསུང་གྲོས་ལེ་ཤ་ཅིག་ གནང་པའི་ནང་ལས་ རེ་ལིའི་ལམ་མཐུད་སྦྲེལ་དང་ རྒྱལ་ཡོངས་ཨང་ཅན་ ན་གཞོན་རིག་རྩལ་གོང་འཕེལ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཚུ་ནང་ རྒྱབ་སྐྱོར་གནང་ནི་ཨིནམ་སྦེ་ ངོས་ལེན་སྦོམ་འབད་ར་ ཐོབ་མི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ མི་རྗེ་བློན་ཆེན་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

gyalchi
National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
Online now: 36 Today: 2915 Total visitors: 5592