ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་ཚབས་ཆེན་ནང་ རྒྱ་པཱན་གཞུང་གིས་ འབྲུག་གཞུང་ལུ་ རྒྱ་པཱན་གྱི་ཏི་རུ་ ཡན་ཐེར་འབུམ་ ༣.༣ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་ ༢ ལྷགཔ་ཅིག་ གློ་བུར་སྐྱིན་འགྲུལ་ བྱིན་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ བི་རྣམ་རྒྱལ་དང་ རྒྱ་པཱན་གཞུང་ཚབ་ཡིག་ཚང་གི་ གཞུང་ཚབ་འགན་འཛིན་ ཀ་ཝ་ཟུ་ ཀུ་ནི་ཧི་ཀོ་གིས་ སྐྱིན་འགྲུལ་རྒྱབ་སྐྱོར་གྱི་ ཆིངས་ཡིག་གུ་ མིང་རྟགས་བཀོད་ནུག།
སྐྱིན་འགྲུལ་དེ་ གཞུང་འབྲེལ་གོང་འཕེལ་གྲོགས་རམ་ལས་ སྐྱེད་ཀྱི་ཚད་གཞི་དམའ་སུ་དང་ བསྐྱིན་ཚབ་ཡང་ བྱ་སྟབས་གང་བདེའི་ཐོག་ལུ་ སྤྲོད་ནི་སྦེ་ཨིནམ་ད་ སྐྱིན་འགྲུལ་དེ་གིས་ ནད་ཡམས་ཀྱི་ཤུལ་ལས་ འབྲུག་རྒྱལ་ཁབ་ཀྱི་ དཔལ་འབྱོར་བསྐྱར་གསོའི་ བརྩོན་ཤུགས་ཚུ་ལུ་ ལྷན་ཐབས་འབྱུང་ནི་ཨིན་པས།
སྐྱིན་འགྲུལ་ཆིངས་ཡིག་གུ་ མིང་རྟགས་བཀོད་པའི་སྐབས་ལུ་ འབྲུག་གི་གཞུང་ཚབ་ བི་རྣམ་རྒྱལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ དབུ་ཁྲིད་དང་ ལམ་སྟོན་བཟང་པོའི་འོག་ལུ་ འབྲུག་གིས་ ནད་ཡམས་འཛིན་སྐྱོང་ནང་ མིག་དཔེ་བཟང་པོ་ སྟོན་ཡོདཔ་བཞིན་དུ་ ད་ལས་ཕར་ འབྲུག་གཞུང་ལུ་ ནད་ཡམས་ལུ་བརྟེན་ཏེ་ གནོད་སྐྱོན་སྦོམ་བྱུང་མི་ དཔལ་འབྱོར་གོང་འཕེལ་ཐོག་ལས་ སྒྲིང་སྒྲིང་བཟོ་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་བཤད་ནུག།
དེ་མ་ཚད་ རྒྱ་པཱན་གྱིས་ གཞུང་འབྲེལ་གོང་འཕེལ་ གྲོགས་རམ་ཐོག་ལུ་ སྐྱིན་འགྲུལ་བྱིན་མི་དེ་གིས་ འབྲུག་གི་དཔལ་འབྱོར་ བསྐྱར་གསོའི་ ལས་སྣ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་འབྱུང་པའི་ རེ་བ་ཡོད་ཟེར་ཨིན་པས།
རྒྱ་པཱན་གཞུང་ཚབ་འགན་འཛིན་ ཀ་ཝ་ཟུ་ ཀུ་ནི་ཧི་ཀོ་གིས་ རྒྱ་པཱན་གཞུང་ལས་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་ཚབས་ཆེན་ནང་ གློ་བུར་སྐྱིན་འགྲུལ་ བྱིན་མི་དེ་གིས་ འབྲུག་གི་གོང་འཕེལ་ལས་སྣ་ཚུ་གིས་མ་ཚད་པར་ རྒྱ་པཱན་དང་ འབྲུག་གི་བར་ན་ འཕྲུལ་རིག་མཉམ་འབྲེལ་ལུ་ཡང་ ལྷན་ཐབས་འབྱུང་པའི་ རེ་བ་ཡོད་ལུགས་ཚུ་བཤད་ནུག།
གཞུང་ཚབ་བི་རྣམ་རྒྱལ་གྱིས་ ད་ཚུན་གྱི་བར་ན་ རྒྱ་པཱན་གྱིས་ འབྲུག་གི་མི་སྡེའི་དཔལ་འབྱོར་ གོང་འཕེལ་དང་ ནད་ཡམས་ཀྱི་སྐབས་ལུ་ བརྩེ་བའི་གྲོགས་རམ་ཚུ་ གང་དྲག་བྱིན་མི་དང་ ད་ལས་ཕར་ཡང་ རྒྱབ་སྐྱོར་ཚུ་ འཕྲོ་མཐུད་དེ་ར་ བྱིན་ནི་གི་ ཁས་ལེན་འབད་མི་ལུ་ འབྲུག་གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ རྒྱ་པཱན་གཞུང་དང་ མི་སེར་ཚུ་ལུ་ ཧིང་དྭངས་མའི་དཀྱིལ་ལས་ར་ ཡིད་ཆེས་དང་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པའི་གནས་ཚུལ།
འབྲུག་གཞུང་གིས་ རྒྱ་པཱན་གཞུང་ལས་ དངུལ་ཀྲམ་ཐེར་འབུམ་ ༢ ལྷགཔ་ཅིག་ སྐྱིན་འགྲུལ་ལེན་ནི།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]