པདྨ་དབང་འདུས།
སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ བློན་ཆེན་གྱི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་ ༡༡ པའི་ཚེས་ ༤ ལས་ ༡༧ ཚུན་ ཐིམ་ཕུ་ལུ་ འབྲུག་གཞུང་གིས་ འགོ་འདྲེན་ཐོག་ལུ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ དུས་སྟོན་ཅིག་ བརྩི་སྲུང་ཞུ་ནི་སྦེ་ཨིན་པས།
དེ་ཡང་ འཛམ་གླིང་ནང་ འགྲོ་བ་མིའི་རེ་འདུན་ ཞི་བདེ་དང་ ལོངས་སྤྱོད་འགྲུབ་ནི་ལུ་ འཐུས་ཤོར་བྱུང་སྟེ་ ཟིང་འཁྲུག་དང་ ཕྱོགས་བཟུང་ མཐུན་ལམ་ཚུ་ མེདཔ་འགྱོ་བའི་ གནད་དོན་ཚུ་ ཡར་སེང་ཅན་སྦེ་ འཐོན་དོ་ཡོདཔ་ལས་ འབྲུག་གི་ཁ་ཐུག་ལས་ སྔོན་ཆད་མ་བྱུང་པའི་ ཚད་གཞི་ཁར་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ལས་ སྨོན་ལམ་ཆེན་མོ་དེ་ནང་ མི་སེར་ཡོངས་ཀྱིས་ གྲལ་གཏོགས་འབད་དགོ་པའི་ ནན་སྐུལ་འབདཝ་ཨིནམ་སྦེ་བཀོད་ནུག།
སྨོན་ལམ་ཆེན་མོའི་ནང་གསེས་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༤ ལས་ ༡༠ ཚུན་ ཀུན་གསལ་ཕོ་བྲང་ལུ་ དགེ་འདུན་དམངས་ཀྱིས་ དུས་རྒྱུན་གནང་སྲོལ་མེད་པའི་ ཚད་གཞི་ཁར་ བརྒྱ་བཞི་རྒྱསཔ་གནང་ནི་དང་ དེ་ཡང་ འཛམ་གླིང་ཞི་བདེ་དང་ དགའ་སྐྱིད་ཀྱི་དོན་ལུ་ ཞི་བའི་མཆོད་འབུལ་དང་ དྲག་པོའི་སྲུང་སྐྱོབ་ཀྱི་ བཟློག་ཐབས་ཚུ་ རང་སོའི་ལས་ལུ་བརྟེན་པའི་ ལུས་ངག་ཡིད་གསུམ་གྱི་ ནད་འཇོམས་དང་ སྒྲིབ་སྦྱོང་ ཁྲུས་གསོལ་ཚུ་གི་སྒོ་ལས་ གནང་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ དང་ ༡༣ ལུ་ ཅང་གླིང་མའི་ཐང་ནང་སྦེ་ གསང་སྔགས་རྡོ་རྗེ་ཐེག་པ་དང་ འགྲུབ་མཐའ་འདྲ་མིན་ ཡོངས་རྫོགས་གིས་མཚོན་པའི་ འཛམ་གླིང་ཞི་བདེའི་ རིས་མེད་སྨོན་ལམ་ཆེན་མོ་ འཚོགས་གནང་ནི་གི་ ལས་རིམ་ཡང་ཡོདཔ་སྦེ་བཀོད་ནུག།
འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་སྐབས་ལུ་ ཞི་བདེའི་དོན་ལས་ བཛྲ་གུ་རུ་བགྱང་ནི་གི་ ལས་རིམ་ཡང་ཡོདཔ་ལས་ ལས་རིམ་མི་དེ་གིས་ མི་ངོམ་ག་ར་ལུ་ དད་དམ་གྱི་སྒོ་ལས་ མཉམ་བསྡོམས་ཐོག་ལུ་ བཛྲ་གུ་རུ་བསགས་ནི་གི་ གོ་སྐབས་ཚུ་ཡང་ འཐོབ་ནི་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལུ་ བླ་སྤྲུལ་དམ་པ་ཚུ་གིས་ ཁྲོམ་དབང་གནང་ནི་དང་ སྤྱི་ཚེས་ ༡༥ ལས་ ༡༧ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ དཔལ་དུས་ཀྱི་འཁོར་ལོའི་ དབང་ལུང་གནང་ནི་ཨིནམ་ད་ དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རང་སོ་དང་ འཇིག་རྟེན་ཀུན་གྱི་ རང་གཤིས་ཀྱི་ ཁྱད་ཆོས་ཡོངས་རྫོགས་དང་ ལྷན་སྐྱེས་ཀྱི་བྱང་སེམས་ དེ་ལས་ རང་སོའི་རྒྱུད་ལུ་ཡོད་མི་ བདེ་བའི་སྐོར་ལས་ རྒྱས་བཤད་ཚུ་ གནང་ནི་ཨིནམ་སྦེ་བཀོད་ནུག།
དེ་མ་ཚད་ དཔལ་དུས་ཀྱི་འཁོར་ལོའི་ ཅ་རྙིང་འགྲེམ་སྟོན་དང་ དུས་ཀྱི་འཁོར་ལོའི་སྐོར་ལས་ མཁས་མཆོག་ཚུ་གི་བར་ན་ གོ་བསྡུར་ཞལ་འཛོམས་ཚུ་ཡང་ འགོ་འདྲེན་འཐབ་གནང་ནི་ཨིན་པས།
འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་སྐབས་ལུ་ རྒྱལ་ཁབ་ཕྱི་ནང་གཉིས་ཆ་ར་ལས་ ནང་པའི་ཆོས་ལུགས་འདྲ་མིན་སྣ་ཚོགས་ཀྱི་ བླ་སྤྲུལ་དམ་པ་ཚུ་གིས་ མགྲིན་དབྱངས་གཅིག་གི་སྒོ་ལས་ འགྲོ་བ་མིའི་སྒྲིབ་སྦྱོང་གི་དོན་ལུ་ གྲལ་གཏོགས་གནང་པའི་ རེ་འདུན་ཡོད་ཟེར་བཀོད་ནུག།
སྨོན་ལམ་ཆེན་མོ་དེ་ནང་ གྲལ་གཏོགས་ཀྱི་དོན་ལས་ ཐོ་བཀོད་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ བློ་འདོད་ཡོད་མི་ཚུ་གིས་ ཡོངས་འབྲེལ་འཆར་སྒོ་ https://www.globalpeaceprayers.org ཐོག་ལས་ ཐོ་བཀོད་གནང་ནི་དང་ དྲི་བ་ཁ་སྐོང་གི་དོན་ལས་ གློག་འཕྲིན་ཁ་བྱང་ eaceprayerfest11@gmail.com ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ཨིན་པས།
དེ་ཡང་ དམ་པའི་ཆོས་ཀྱི་ ཉམས་ལེན་པ་དང་ ཆོས་ཀྱི་དབུ་ཁྲིད་ དམ་ཆོས་མཁས་མཆོག་ གཞན་ཡང་ འཛམ་གླིང་ཡོངས་ཀྱི་ ཆོས་སྒོར་ཞུགས་མི་ཚུ་གིས་ འཛམ་གླིང་ཞི་བདེ་དང་ དགའ་སྐྱིད་ཀྱི་དོན་ལུ་ བྱམས་བརྩེའི་སྒོ་ལས་ གྲལ་གཏོགས་མཛད་པར་ འབྱོན་གནང་ཟེར་ཨིནམ་ད་ སྨོན་ལམ་ཆེན་མོ་དེ་ འཛམ་གླིང་ཡོངས་ལུ་ དངོས་མཐོང་སྦེ་ རྒྱང་བསྒྲགས་འབད་ནི་གི་ ལས་རིམ་ཡོད་ཟེར་བཀོད་ནུག།
སྨོན་ལམ་ཆེན་མོ་དེ་ རང་སོའི་གདམ་ཁ་ཅན་གྱི་ ཁ་སྐད་ཐོག་ལུ་ ཁ་གསལ་སྦེ་ གསལ་བཤད་གནང་ནི་ཨིན་པའི་གུ་ གོ་དོན་ཚུ་ཡང་ ཨིང་ལིཤ་དང་ བོད་སྐད་ རྫོང་ཁ་ཚུ་གི་ནང་ སྐད་སྒྱུར་འབད་དེ་ ཕུལ་ནི་ཨིན་པའི་གནས་ཚུལ།
འབྲུག་གཞུང་གིས་ ཐིམ་ཕུ་ལུ་སྦེ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོའི་ དུས་སྟོན་ཅིག་ བརྩི་སྲུང་ཞུ་ནི།

Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]