སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ གཅན་གཟན་སྟག་གི་ ས་ཁོངས་ཀྱི་དོན་ལས་ ཡུན་བརྟན་མ་དངུལ་ཞལ་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ ཞལ་འཛོམས་དེ་ཡང་ འབྲུག་གཞུང་དང་ གཅན་གཟན་སྟག་ ཉམས་སྲུང་མཉམ་སྡོམ་ ༢ མཉམ་འབྲེལ་ཐོག་ལས་ སྤ་རོ་སྤང་སྦི་ས་ དུང་དཀར་རྫོང་ནང་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།.
མི་དབང་རྒྱལ་བཙུན་མཆོག་གི་ སྐྱབས་འཛིན་འོག་ལུ་ ཞལ་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་པའི་སྐབས་ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ འཛམ་གླིང་ནང་ ཡོངས་ཁྱབ་ཅན་གྱི་ ཕན་བདེའི་དོན་ལས་ གཅན་གཟན་སྟག་དང་ སྟག་འཁྱམས་སའི་ ས་ཁོངས་ཚུ་ ཉེན་སྲུང་འབད་དགོཔ་དེ་ གལ་གནད་ཆེ་དྲགས་སྦེ་ཡོད་ཟེར་ གསུངས་གནང་ནུག།
མི་དབང་རྒྱལ་བཙུན་མཆོག་གིས་ འབྲུག་དང་ སྟག་འཁྱམས་སའི་ ས་ཁོངས་གཞན་ཚུ་ནང་ སྟག་གི་གྲངས་ཚད་ ཡར་སེང་གི་དོན་ལས་ བརྩོན་ཤུགས་བསྐྱེད་མི་ཡོངས་ལུ་ ཐུགས་ངལ་རངས་ཡོད་ལུགས་དང་ ཉམས་སྲུང་འབད་མི་ཚུ་གི་ ལཱ་གི་རྒྱབ་སྐྱོར་ལུ་ ཡུན་བརྟན་ཅན་གྱི་ མ་དངུལ་ཁག་ཆེ་བའི་སྐོར་ལས་ཡང་ ཡང་བསྐྱར་གསུངས་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ང་བཅས་ཀྱིས་ ཉམས་སྲུང་གི་ ཁས་ལེན་དང་བསྟུན་ཏེ་ ཡུན་བརྟན་ཅན་གྱི་ གནད་འགག་ཆེ་བའི་ མ་དངུལ་གྱི་ དགོས་མཁོ་ངོ་མ་དེ་ རྒྱབ་ཁར་བསྐྱུར་ནི་མི་འོང་། དུས་སྐབས་མང་ཤོས་ཅིག་ར་ ཉམས་སྲུང་མཁས་མཆོག་ཚུ་གི་ གལ་ཆེ་བའི་ལས་སྣ་དེ་ མ་དངུལ་གྱི་ རྒྱབ་སྐྱོར་ཏན་ཏན་མེད་མི་གིས་ བར་ཆད་རྐྱབ་པ་ལུ་བརྟེན་ཏེ་ ད་རེས་ཀྱི་ ཞལ་འཛོམས་འདི་གི་ ཀུན་སློང་དེ་ཡང་ གཅན་གཟན་སྟག་གི་ ས་ཁོངས་ཚུ་གི་དོན་ལུ་ གསར་བཏོད་ཅན་གྱི་ མ་དངུལ་གྱི་ ཐབས་ལམ་ཚུ་བརྒྱུད་དེ་ རྒྱ་ཆེ་བའི་ འཐོན་ཁུངས་ཚུ་ བསྡུ་སྒྲུབ་འབད་ནི་དེ་ཨིན་ཟེར་ གསུངས་གནང་ནུག།
དེ་ལས་ ང་བཅས་ག་ར་ གཅིག་སྒྲིལ་གྱི་སྒོ་ལས་ སྲོག་ཆགས་རྩ་མེད་འགྱོ་ནི་དང་ བརླག་གཏོར་ཤོར་ནི་གི་ གནས་སྟངས་དེ་ སྲོགས་ཆགས་ཡོངས་ལུ་ བྱམས་པ་དང་ སྙིང་རྗེ་ མོས་གུས་ཚུ་བསྐྱེད་དེ་ ཡུན་ཐུབ་ཅན་སྦེ་ སྔར་ཤུལ་ལུ་ བསྐྱར་གསོ་འབད་ཚུགས་དགོ་པའི་ཁར་ ཉམས་སྲུང་གི་ ལས་དོན་འདི་ནང་ ང་བཅས་ག་ར་ལུ་ ཕན་ཚུན་གཅིག་སྒྲིལ་དང་ ཚད་མེད་པའི་ ལེགས་སྒྱུར་གི་ གོ་སྐབས་བཟང་པོ་ཐོབ་སྟེ་ བདེ་ཉམས་ཐོག་ལུ་གནས་པའི་ རེ་སྨོན་ཡོད་ཟེར་ཡང་ གསུངས་གནང་ཡོདཔ་ཨིན་པས།
ཉིན་གྲངས་ ༢ ཀྱི་ ཞལ་འཛོམས་ནང་ སྟག་དང་ སྟག་འཁྱམས་སའི་ ས་ཁོངས་ཚུ་ ཉམས་སྲུང་གི་དོན་ལུ་ གྲོས་བསྟུན་དང་ མཉམ་འབྲེལ་ གསར་བཏོད་ཐབས་ལམ་ཚུ་ གོང་འཕེལ་གཏང་ཐབས་ལུ་ སྟག་གི་ས་ཁོངས་ཡོད་མི་ རྒྱལ་ཁབ་ཚུ་དང་ གཞུང་སྒེར་གྱི་ གྲོགས་རམ་བྱིན་མི་ཚུ་ དེ་ལས་ བསམ་ཞིབ་ཅན་གྱི་ འགོ་ཁྲིདཔ་ཚུ་དང་ རྒྱལ་སྤྱི་གོང་འཕེལ་ལས་སྡེ་ ཉམས་སྲུང་དང་འབྲེལ་བའི་ གཞུང་མིན་ལས་ཚོགས་ཚུ་གིས་ གྲལ་གཏོགས་འབད་ནུག།
ཞལ་འཛོམས་དེ་ནང་ མཁས་མཆོག་སྡེ་ཚན་གྱི་ འཐུས་མི་ཚུ་གིས་ འགོ་ཁྲིད་ཐོག་ལས་ ཡུན་བརྟན་མ་དངུལ་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱལ་སྤྱི་སྐྱེ་ལྡན་རིགས་སྣའི་ སྒྲིག་བཀོད་དང་གཅིག་ཁར་ མཐུད་འབྲེལ་གྱི་སྐོར་ལས་དང་ སྟག་འཁྱམས་སའི་ ས་ཁོངས་ཚུ་ ཉེན་སྲུང་འབད་ནིའི་ནང་ གཞུང་སྒེར་མཉམ་འབྲེལ་ཚུ་གི་སྐོར་ལས་ རིག་རྩལ་ཅན་གྱི་ གྲོས་བསྟུན་ཚུ་ཡང་ འབད་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ སྐྱེ་ལྡན་རིགས་སྣ་རྒྱུན་སྐྱོང་དང་ བཙོག་རླུང་ཀཱར་བོན་ ལོགས་སུ་སྦེ་ བདག་འཛིན་འཐབ་ནི་ དེ་ལས་ མི་རློབས་ས་ཡ་ ༡༠༠ ལྷགཔ་ཅིག་ལུ་ འཐོན་ཁུངས་བཀྲམ་སྤེལ་དང་ འཛམ་གླིང་གི་འཕྲོད་བསྟེན་ ངེས་གཏན་བཟོ་ཐབས་ལུ་ གཅན་གཟན་སྟག་འཁྱམས་སའི་ ས་ཁོངས་ཚུ་ ཉམས་སྲུང་གི་དོན་ལས་ མ་དངུལ་ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡ བསྡུ་སྒྲུབ་འབད་ནི་གི་ ཁས་ལེན་ཐོག་ལས་ མཇུག་བསྡུ་ནུག།
ཞལ་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ མ་ལེ་ཤི་ཡའི་རྒྱལ་སྲས་ ཏེང་ཀུ་ཧ་ས་ནཱལ་ ཨི་བར་ཧིམ་ ཨ་ལམ་ཤཱ་དང་ འབྲུག་གི་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ འཛམ་གླིང་རི་དྭགས་མ་དངུལ་གྱི་ གཙོ་འཛིན་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀར་ཊར་རོ་བཱཊ་ དེ་ལས་ རྒྱལ་སྤྱི་མཐའ་འཁོར་གནས་སྟངས་མཐུན་རྐྱེན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀར་ལོཛ་མེ་ནུ་ཡིལ་ རོ་ཌི་གུཛ་ཚུ་གིས་ཡང་ གསུང་བཤད་རེ་ གནང་ཡོདཔ་ཨིན་པས།
སྟག་གི་ཉམས་སྲུང་ གཅིག་སྒྲིལ་སྡེ་ཚན་དེ་ སྤྱི་ལོ་ ༢༠༢༢ སྟག་ལོའི་སྔ་གོང་ལུ་ གཞི་བཙུགས་འབད་ཡོད་པའི་ ལས་ཚོགས་སྣ་མང་གི་ སྡེ་ཚན་ཅིག་ཨིནམ་ད་ སྡེ་ཚན་དེ་ནང་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱིས་གཙོས་པའི་ མཐའ་འཁོར་གནས་སྟངས་ བརྟག་དཔྱད་ལས་སྡེ་དང་ རྒྱལ་སྤྱི་རི་དྭགས་སེམས་ཅན་དང་ཤིང་སྣའི་ཚོགས་པ་ རང་བཞིན་གནས་སྟངས་ཉམས་སྲུང་གི་ རྒྱལ་སྤྱི་གཅིག་མཐུན་ལས་སྡེ་ འཛམ་གླིང་རི་དྭགས་ཉམས་སྲུང་མ་དངུལ་ ལོན་ཌོན་གྱི་ རི་དྭགས་ལས་ཚན་ལ་སོགས་པ་ཚུ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ སྟག་འཁྱམས་སའི་ ས་ཁོངས་ཡོད་མི་ རྒྱལ་ཁབ་ ༡༣ གྱི་གྲངས་སུ་ ཚུད་དོ་ཡོདཔ་ད་ ད་རེས་ སྟག་ ༡༣༡ ཡོད་མི་དེ་ སྤྱི་ལོ་ ༢༠༡༥ ལུ་ སྟག་གི་གྲངས་རྩིས་དང་ཕྱདཔ་ད་ བརྒྱ་ཆ་ ༢༧ ཡར་སེང་སོང་སྟེ་ཡོདཔ་མ་ཚད་ འབྲུག་ལུ་ གཅན་གཟན་སྟག་ཚུ་ཡང་ ས་ཁ་མཐོ་ཚད་ མི་ཊར་ ༤༠༠༠ དེ་ཅིག་ཁར་ འཁྱམས་དོ་ཡོདཔ་ལས་ སྟག་ཚུ་འཁྱམས་སའི་ ས་ཁོངས་མཐོ་ཤོས་ཀྱི་ རྒྱལ་ཁབ་ཨིན་པའི་གནས་ཚུལ།
མི་དབང་རྒྱལ་བཙུན་མཆོག་གིས་ གཅན་གཟན་སྟག་གི་ ས་ཁོངས་ཀྱི་དོན་ལས་ ཡུན་བརྟན་མ་དངུལ་ཞལ་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།
Related

སྤ་རོ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ཡོདཔ།
མེ་རྟ་ཟླཝ་ ༨ པའི་ཚེས་ ༣༠ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ སྤ་རོ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནུག། དེ་ཡང་ རང་ཟླ་ ༨ པའི་ཚེས་ ༡༥ སྤྱི་ཟླ་ ༩ པའི་ཚེས་ ༢༦ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་གནང་མི་དེ་ རང་ཟླ་ ༨ པའི་ཚེས་ ༢༩ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ བླ་མ་དགོངས་པ་འདུས་པའི་ བཀའ་དབང་ཡོངས་རྫོགས་གནང་སྟེ་ གྲོལ་གནང་མི་དང་ འཕྲོ་མཐུད་དེ་ར་ སྨོན་ལམ་ཆེན་མོ་ ཐེངས་ ༡༢ པ་དེ་ གནང་དོ་ཡོདཔ་ཨིན་པས། དེ་བསྒང་ སྤ་རོ་ལུ་ སྐྱབས་རྗེ་རིན་པོ་ཆེའི་ཞབས་ལས་ བཀའ་ཁྲིད་ཟབ་མོ་དང་ […]

མི་དབང་མངའ་ཞབས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་སྡེ་ཚན་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ སྡེ་ཚན་དེ་གིས་ མགྱོགས་པ་ར་ སེན་ཊྲཱལ་ཨཕ་རི་ཀཱན་ རི་པབ་ལིག་ནང་ ཞི་བདེའི་ལཱ་ཚུ་འབད་ནི་ཨིན་པས། འཐུས་མི་ ༡༨༠ འབད་མི་ སྡེ་ཚན་དེ་ནང་ ཨམ་སྲུ་ ༡༣ ཡོདཔ་ད་ སྡེ་ཚན་དེ་ཡང་ ནང་གསེས་སྡེ་ཚན་ཁག་ ༢ ལས་ སྡེ་ཚན་དང་པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ འཕུར་འགྲུལ་འབད་ཡོདཔ་ད་ སྡེ་ཚན་ ༢ པ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འཕུར་འགྲུལ་འབད་ནི་ཨིན་པས། འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉེན་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྡེ་ཚན་དེ་ནང་ དམག་མིའི་འགོ་དཔོན་དང་ ལས་བྱེདཔ་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ […]

འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཨོམ་གྱི་སྨན་བཅོས་ཁང་གི་ ལོ་འཁོར་དུས་སྟོན་དང་པ་བརྩི་སྲུང་།
སྤྱི་ཟླ་ ༩ པའི་ཚེས་ ༡༣ ལུ་ རྒྱལ་ཡུམ་དགེ་དོན་བློ་གཏད་ཀྱི་སྐྱབས་འཛིན་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྒྱལ་བཙུན་རྗེ་བཙུན་པདྨ་སྐྱེས་མ་དང་ ཨ་ལོའི་སྨན་ཁང་ནང་ འབྲུག་གི་ཨོམ་གྱི་སྣ་མང་སྨན་བཅོས་ཁང་དང་པའི་ ལོ་འཁོར་དུས་སྟོན་ཐེངས་དང་པ་ བརྩི་སྲུང་ཞུ་སར་ དབུ་བཞུགས་མཛད་གནང་ནུག། དུས་སྟོན་དེ་ཁར་ གཞན་ཡང་ མཐའ་ཡས་ལེན་གྱི་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་ཀྱི་ ཆེད་བསྟོད་མདོ་ཆེན་ ལེགས་སྦྱར་བ་ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་དང་ གསོ་བའི་སྐྱོང་བཞག་གི་ ཁྱད་ལཱ་འབད་མི་དང་ ཆེ་མཐོའི་སྐུ་མགྲོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས། ཨོམ་གྱི་སྨན་བཅོས་ཁང་དེ་ གསོ་བ་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ དེ་ལས་ རྒྱལ་ཡུམ་དགེ་དོན་བློ་གཏད་དང་ རྒྱལ་ཡུམ་སི་རི་ཀིཏ་ ཨོམ་གྱི་ཀེན་སར་གཞི་ཚོགས་བཅས་ཀྱི་ མཉམ་འབྲེལ་ལས་སྣ་ཅིག་ཨིནམ་ད་ སྨན་བཅོས་ཁང་དེ་ གཞི་བཙུགས་དང་ གོང་ཕེལ་ལུ་ ལེགས་སྦྱར་བ་ ཌོག་ཊར་ཀི་རིཤ་ན་ཅ་ཏམ་ར་གིས་ གཏོང་ཕོད་ཅན་གྱི་ ཞལ་འདེབས་དང་ ཁས་ལེན་ སློབ་སྟོན་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ ཁོ་གིས་ འབྲུག་དང་གཅིག་ཁར་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་འབད་དེ་ ཨོམ་གྱི་སྐྱོང་བཞག་ནང་ དམིགས་བསལ་གྱི་ བཙན་ཐབས་དང་ ས་གནས་ཀྱི་ལྕོགས་གྲུབ་ […]