ArchiveAboutContact

Category: World News

World News

སུ་དཱན་ལུ་ ནང་འཁྲུག་ལང་བཞིན་དུ་ཡོདཔ་ལས་ མི་སེར་ཚུ་ལུ་ བཀྲེས་སྐོམ་གྱི་སྡུག་བསྔལ།

བི་བི་སི། ན་ཧིང་ སྤྱི་ཟླ་ ༤ པ་ལས་ར་ སུ་དཱན་ལུ་ དྲག་པོའི་དམག་སྡེ་དང་ རེ་པིཌ་ས་པོཊ་ཕོརཛ་གི་བར་ན་ ནང་འཁྲུག་ལང་མི་དེ་ ད་རེས་ཡང་ འཇོམས་མ་ཚུགས་པར་ཡོདཔ་ལས་ མི་སེར་ས་ཡ་ ༩ ལྷགཔ་ཅིག་ རང་སོའི་ཁྱིམ་ནང་ལས་ ཐོན་འགྱོ་དགོཔ་ཐོན་ནུག།སུ་དཱན་ལུ་ ལཱ་འབད་མི་ བཟའ་འཐུང་མཁས་མཆོག་ ཊིམ་མོ་གཱཛ་བིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ མི་རློབས་བརྒྱ་ཆ་ ༧༠ དེ་ཅིག་ལུ་ བཟའ་འཐུང་གི་ དཀའ་ངལ་ཚབས་ཆེན་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།དེ་བཟུམ་མའི་ ནང་འཁྲུག་ལུ་བརྟེན་ཏེ་ སུ་དཱན་རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ལཱ་ཚུ་ ག་ནི་ཡང་ ལག་ལེན་འཐབ་མ་ཚུགས་དེ་གིས་ མི་སེར་ཚུ་ལུ་ དངུལ་མེད་པར་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།རྒྱལ་ཁབ་དེ་ནང་ བཟའ་འཐུང་གིས་ མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་ཡོད་པའི་གུ་ བཟའ་ཆས་དུམ་གྲ་རེ་ ཐོབ་མི་ཚུ་ཡང་ གོང་ཚད་མཐོ་དྲགས་སྤྲོད་དེ་ ཉོ་ཟ་དགོཔ་ལས་ རང་དབང་མེད་པའི་ གནས་སྟངས་ལུ་ ཐུག་སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ལྷོ་ཨ་ཕི་རི་ཀའི་ རྒྱལ་ཁབ་ནང་ ར་མ་ཕོ་ས་དེ་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༡༤ གི་ཕྱི་རུ་ ར་མ་ཕོ་ས་དེ་ ལྷོ་ཨ་ཕི་རི་ཀའི་ སྲིད་འཛིན་སྦེ་ ཁས་བླངས་རྟེན་འབྲེལ་བརྩིས་ཡོདཔ་ད་ དེ་ཡང་ ར་མ་ཕོ་སའི་ སྲིད་ཚོགས་དང་ སྲིད་ཚོགས་གཞན་ཚུ་གི་བར་ན་ མཉམ་འབྲེལ་ཆིངས་ཡིག་གུ་ མིང་རྟགས་བཀོད་དེ་ བཙག་འཐུ་འབད་ཡོདཔ་ལས་ སྲིད་འཛིན་ཕྱིར་དབྱུང་གི་ དབང་ཚད་ཡང་ སྲིད་ཚོགས་མཉམ་འབྲེལ་ལུ་ཡོདཔ་ཨིན་པས།དེ་སྦེ་ མཉམ་འབྲེལ་འབད་མི་ སྲིད་ཚོགས་ཚུ་ཡང་ ཌེ་མོ་ཀེར་ཊིག་ ཨེ་ལ་ཡེནཛ་དང་ ཨཱཕ་རི་ཀ་ ནེ་ཤ་ནཱལ་ཀོང་གེ་རེཛ་ དེ་ལས་ ཨིན་ཀ་ཐ་ཕི་རི་ཌམ་ སྲིད་ཚོགས་ཚུ་ཨིན་པས།དེ་བཟུམ་མའི་ སྲིད་ཚོགས་མཉམ་འབྲེལ་ གཞི་བཙུགས་འབད་མི་དེ་ཡང་ གཙོ་བོ་ར་ ཨ་ཕི་རི་ཀ་ ནེ་ཤ་ནཱལ་ཀོང་གེ་རེཛ་དེ་ རྒྱལ་ཡོངས་བཙག་འཐུའི་ནང་ སྡོད་ཁྲི་ ༤༠༠ ཡོད་ས་ལས་ ༡༥༩ ལས་ མ་ཐོབ་ནི་དེ་གིས་ མཉམ་བསྡོམས་འབད་ནུག།ཨིན་རུང་ ཨི་ཀོ་ནོ་མིག་ཕི་ རི་ཌམ་ ཕ་ཡེ་ཊརཛ་དང་ ཨེམ་ཀེ་སྲིད་ཚོགས་ ༢ ཀྱིས་ མཉམ་བསྡོམས་འབད་མ་བཏུབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཡུ་ཀེ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུའི་སྐོར་ལས་ བསམ་འཆར་བསྡུ་ལེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༤ ལུ་ ཡུ་ཀེ་རྒྱལ་ཁབ་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་བཙག་འཐུའི་སྐོར་ལས་ བསམ་འཆར་བསྡུ་ལེན་འབད་མི་དང་འཁྲིལཝ་ད་ བློན་ཆེན་རི་ཤི་སུ་ནག་གི་ སྲིད་དོན་ཚོགས་པ་ ཀཱན་སར་ཝེ་ཊིབ་ལས་ ན་ཡེ་ཇེལ་ཕ་ར་ཇེའི་ རི་ཕཱོམ་ཡུ་ཀེ་ སྲིད་དོན་ཚོགས་པ་ལུ་ རྒྱབ་སྐྱོར་མངམོ་ཡོད་པའི་ བརྡ་མཚོན་སྟོན་མས་ཟེར་ཨིན་པས།དེ་ཡང་ རི་ཕཱོམ་ཡུ་ཀེ་ལུ་ རྒྱབ་སྐྱོར་གྱི་ཚད་གཞི་ བརྒྱ་ཆ་ ༡༩ དང་ ཀཱན་སར་བེ་ཊིབ་ལུ་ བརྒྱ་ཆ་ ༡༨ དེ་ལས་ ལྡོག་ཕྱོགས་ལེ་བཱར་སྲིད་ཚོགས་ལུ་ བརྒྱ་ཆ་ ༣༧ ཡོདཔ་སྦེ་ཐོན་ནུག།བསམ་འཆར་དེ་ཡང་ རི་ཤི་སུ་ནག་གིས་ བསྐུལ་བསྒྲགས་ནང་ ལཱ་གཡོག་ནང་ཡོད་མི་ཚུ་གི་ཁྲལ་ ཌོ་ལར་ཐེར་འབུམ་ ༢༡.༧༠ དེ་ཅིག་ མར་ཕབ་འབད་ནི་ཨིནམ་སྦེ་ བཤད་པའི་ཤུལ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༡༢ དང་ ༡༣ ལུ་ མི་གྲངས་ ༢,༢༡༡ དེ་ཅིག་ལས་ བསྡུ་ལེན་འབད་ཡོདཔ་ཨིན་པས།ཡུ་ཀེ་དེ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ནང་ལས་ ཕྱིར་བཏོན་འབད་ནི་དང་འབྲེལ་ཏེ་ མཐར་འཁྱོལ་ཅན་གྱི་ ལཱ་འབད་མི་ རི་ཕཱོམ་ཡུ་ཀེའི་འགོ་ཁྲིདཔ་ […]

World News

ཀུ་ཝེཊ་གི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་མིའི་ནང་ ཕྱི་ཁའི་ལས་མི་ ༤༩ ལུ་ཤི་རྐྱེན།

སི་ཨེན་ཨེན། སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ ཀུ་ཝེཊ་རྒྱལ་ཁབ་ནང་ ཕྱི་ཁའི་ལས་མི་ཚུ་སྡོད་སའི་ སྒྲིང་ཁྱིམ་ཅིག་ལུ་ མེ་འབར་ཏེ་ མི་གྲངས་ ༤༩ ལུ་ ཤི་རྐྱེན་བྱུང་ནུག།ཁྱིམ་ཐོག་ ༦ འབད་མི་ སྒྲིང་ཁྱིམ་དེ་ནང་ ཕྱི་ཁའི་ལས་མི་ ༡༥༠ དེ་ཅིག་ སྡོད་དོ་ཡོདཔ་ད་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ནའི་སྐོར་ལས་ མ་ཤེས་རུང་ མེ་དེ་འོག་ཐོག་ལས་ འབར་བའི་ཤུལ་ལུ་ ཐབ་རླུང་རྒྱ་རྫི་དང་ མེ་བཤེད་འཇམ་པའི་ ཅ་ཆས་ཚུ་ཡོད་ནི་དེ་གིས་ དེ་འཕྲལ་ལས་ ཁྱབ་སྤེལ་ཡར་སོངཔ་ཨིན་པས།མེ་རྐྱེན་དེ་ནང་ ཤི་རྐྱེན་བྱུང་མི་ཚུ་ག་ར་ དུ་པ་ལུ་བརྟེན་ཏེ་ དབུགས་གཏོང་ལེན་འབད་མ་ཚུགས་པར་ ཤི་སོངཔ་སྦེ་ ཁྲིམས་སྲུང་འགག་སྡེའི་ ཕུངམོ་བརྟག་དཔྱད་ལས་ཁུངས་ཀྱིས་ གསལ་བཤད་འབད་ནུག།དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲས་ཁར་ རྒྱ་གར་གྱི་ མི་ཁུངས་ཚུ་ཡང་ཡོདཔ་ལས་ བློན་ཆེན་ན་རེན་ད་ར་ མོ་དི་གིས་ མེ་རྐྱེན་དེ་ ཡིད་སྐྱོ་བའི་ གཞི་ཅིག་ཨིན་པས་ཟེར་ གསུངས་ཡོདཔ་ཨིན་པས།རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དེ་ ཤི་རྐྱེན་བྱུང་མི་ རྒྱ་གར་གྱི་ མི་ཁུངས་ཚུ་གི་ ཕུངམོ་ལེན་ནི་དང་ རྒུད་གསོ་ཚུ་ བལྟ་རྟོག་འབད་ནིའི་དོན་ལས་ […]

World News

ནིའུ་ཟི་ལེན་ལུ་ རྒྱ་ནག་གི་ བློན་ཆེན་གྱི་གཟིགས་སྐོར།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ རྒྱ་ནག་གི་བློན་ཆེན་ ལི་ཀི་ཨང་དེ་ ནིའུ་ཟི་ལེན་གྱི་རྒྱལ་ས་ ཝེ་ལིང་ཊཱོན་ལུ་ལྷོདཔ་ད་ ནིའུ་ཟི་ལེན་གྱི་ བློན་ཆེན་དང་ ཡོངས་ཁྱབ་གཙོ་འཛིན་ ༢ ཀྱིས་ བསུ་ལེན་འབད་ནུག།རྒྱ་ནག་གི་ བློན་ཆེན་དེ་ ནིའུ་ཟི་ལེན་གྱི་ བློན་ཆེན་དང་གཅིག་ཁར་ ཟུང་ཕྱོགས་མཐུན་འབྲེལ་གྱི་ གསུང་གྲོས་གནང་པར་ བྱོན་ཡོདཔ་ད་ དེ་སྦེ་ རྒྱ་ནག་ལས་ ཆེས་མཐོ་ཅན་གྱི་ གོ་གནས་ཐོག་ལུ་ གཟིགས་སྐོར་གནང་མི་དེ་ ད་ཚུན་ ལོ་ངོ་ ༧ གྱི་ ནང་འཁོད་ལུ་ འགོ་དང་པ་ཨིན་པས།རྒྱ་ནག་གི་ བློན་ཆེན་གྱིས་ ད་རེས་ནངས་པ་ རྒྱལ་སྤྱིའི་ནང་ མགུ་རྙོག་པའི་ འགྱུར་བ་ཚུ་ འཐོན་དོ་ཡོདཔ་ལས་ རྒྱ་ནག་དང་ ནིའུ་ཟི་ལེན་གྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་ གོང་འཕེལ་གཏང་ནི་དེ་ ག་ནི་བ་ཡང་ གལ་ཅན་ཅིག་སྦེ་ བརྩི་དོ་ཡོད་པའི་སྐོར་ལས་ བཤད་ཡོདཔ་མ་ཚད་ རྒྱལ་ཁབ་ ༢ ལུ་ ཕན་ཚུན་ཁེ་ཕན་ཡོད་པའི་ མཉམ་འབྲེལ་ཡང་ སྒྲིང་སྒྲིང་སྦེ་ར་ གཞི་བཙུགས་འབད་ནི་གི་ འདུན་པ་ཡོད་ཟེར་གསུངས་ནུག།དུས་ཅི་གི་ལོ་ནང་ […]

World News

ཡུ་ཀེ་རེན་གྱི་ ས་གནས་ཀི་ཡི་རི་ལུ་ ར་ཤི་ཡའི་ མི་ཛ་ཡེལ་གྱིས་ མི་གྲངས་ ༩ ལུ་ ཤི་རྐྱེན་དང་ ༢༩ ལུ་རྨ་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཡུ་ཀེ་རེན་གྱི་ ནང་སྲིད་བློན་པོ་ ཨི་ཧོར་ཀི་ལེ་མེན་ཀོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ས་གནས་ཀི་ཡི་རི་ཟེར་སར་ ར་ཤི་ཡའི་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་གྱིས་ སྒྲིང་ཁྱིམ་གཅིག་གུ་ཕོགཔ་ལས་ མི་གྲངས་ ༩ ལུ་ ཤི་རྐྱེན་དང་ ༢༩ ལུ་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།ར་ཤི་ཡ་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ སྒྲིང་ཁྱིམ་རྡིབ་འགྱོ་སར་ གློ་བུར་གྱི་ ལཱ་འབད་མི་ཚུ་གིས་ རྨ་སྐྱོན་བྱུང་མི་ཚུ་ སྲོག་སྐྱབས་འབད་སར་དང་ ཤི་མི་ཚུ་གི་ ཕུངམོ་ཚུ་འཚོལ་སར་ དཔར་ཚུ་གི་ནང་ལས་ སེལ་དོ་ཡོདཔ་ཨིན་པས།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ ར་ཤི་ཡའི་ཁ་ཐུག་ལས་ ཡུ་ཀེ་རེན་ལུ་ དྲག་ཐོག་དབང་བཙོང་གི་ བྱ་སྤྱོད་ངན་པ་འབད་བའི་ མངོན་རྟགས་ཚུ་ ཆུ་ཚོད་རེ་རེ་བཞིན་དུའི་ནང་ འཐོན་དོ་ཡོདཔ་ལས་ མཉམ་རོགས་རྒྱལ་ཁབ་ཚུ་ གཅིག་སྒྲིལ་གྱི་སྒོ་ལས་ མཁའ་ཐོག་ཉེན་སྲུང་བཙན་ཐབས་འབད་དགོཔ་འདུག་ཟེར་ བཤདཔ་ཨིན་པས།ས་གནས་ཀི་ཡི་རི་དེ་ ཡུ་ཀེ་རེན་གྱི་ སྲིད་འཛིན་གྱི་ འཁྲུངས་གཡུས་ཨིནམ་ད་ གཡུས་ཚན་དེ་ནང་ ར་ཤི་ཡ་གིས་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་བའི་ཤུལ་ལུ་ སྒྲིང་ཁྱིམ་རྡིབ་འགྱོ་སར་ […]

World News

ཡུ་ཨེཛ་གིས་ ར་ཤི་ཡའི་ རྒྱབ་འགལ་ལུ་ ཕྱི་དངུལ་སྤྲོད་ལེན་ཐོག་ལས་ ཚོང་འབྲེལ་བཀག་དམ།

རོའི་ཊརཛ། ཡུ་ཨེཛ་གིས་ ར་ཤི་ཡའི་ རྒྱབ་འགལ་ལུ་ ཌོ་ལར་དང་ ཡུ་རོ་ལག་ལེན་ཐོག་ལས་ ཚོང་འབྲེལ་འཐབ་ནི་ བཀག་དམ་འབད་ཡོདཔ་ལས་ ར་ཤི་ཡའི་ དངུལ་ཁང་ལྟེ་བ་གིས་ ར་ཤི་ཡ་ལུ་ ཕྱི་དངུལ་ལག་ལེན་ དེ་འཕྲལ་ལས་ བཀག་དམ་འབད་དགོཔ་ཐོན་ནུག།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ ར་ཤི་ཡའི་ རྒྱལ་ཁབ་ནང་ མི་མང་ངལ་གསོའི་ཉིནམ་ཨིན་རུང་ ཕྱི་དངུལ་བརྗེ་སོར་ལས་སྡེ་དང་ དངུལ་ཁང་ལྟེ་བ་གིས་ གནད་དོན་དེ་གི་སྐོར་ལས་ གསལ་བསྒྲགས་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ ཡུ་ཨེཛ་གི་ཁ་ཐུག་ལས་ དེ་བཟུམ་མའི་ བཀག་དམ་འབད་མི་དེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་ཡུན་བརྟན་མེདཔ་ བཟོ་ཐབས་ལུ་ཨིན་པས།དེ་འབདཝ་ལས་ ད་ལས་ཕར་ ར་ཤི་ཡའི་ དངུལ་ཁང་དང་ ཚོང་སྡེ་ དེ་ལས་ མ་རྩ་གཞི་བཙུགས་འབད་མི་ཚུ་གིས་ ཌོ་ལར་དང་ ཡུ་རོའི་ནང་ ཚོང་འབྲེལ་འཐབ་མི་ཚུགས་ནི་ཨིནམ་ལས་ དངུལ་སྤྲོད་ལེན་ཚུ་ག་ར་ ཚོང་འབྲེལ་འཐབ་མི་ རྩ་ཕན་གཉིས་ཀྱི་བར་ན་ ཁོང་རའི་ཏི་རུ་ལག་ལེན་འཐབ་སྟེ་ ཚོང་སྟེགས་གུ་ལས་ སྤྲོད་ལེན་འབད་དགོཔ་ འཐོན་ནི་ཨིན་པས།མ་གཞི་ ར་ཤི་ཡའི་ མི་སེར་ལེ་ཤ་ཅིག་གིས་ར་ ར་ཤི་ཡའི་ཏི་རུ་ རུ་བཱལ་གྱི་ གནས་གོང་མར་འབབ་འགྱོ་བའི་སྐབས་ལུ་ […]

World News

རྒྱ་གར་གྱི་བློན་ཆེན་ མོ་དི་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་གི་ ཁས་བླངས་དམ་བཅའི་རྟེན་འབྲེལ།

ཨེན་ཌི་ཊི་ཝི། ད་རིས་ སྤྱི་ཟླ་ ༦ པའི་ཚེས་ ༩ གི་ ཕྱི་རོའི་ཆུ་ཚོད་ ༦ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་གསརཔ་ཚུ་དང་ མཉམ་གཅིག་སྦེ་ བློན་ཆེན་གྱི་ གནས་ཡུན་ ༣ པའི་ ཕྱག་འགན་གྱི་དོན་ལས་ ཁས་བླངས་དམ་བཅའ་ཚུ་ ཕུལ་ནི་ཨིན་པས།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༧ ལུ་ རྒྱ་གར་གྱི་སྲིད་འཛིན་ ཌའུ་པ་དི་ མུར་མུ་མཆོག་གིས་ བྷ་ར་ཏི་ཡ་ ཇ་ན་ཏ་ སྲིད་ཚོགས་ཀྱི་ འགོ་ཁྲིད་འབད་མི་ ན་རེན་ད་ར་ མོ་དི་གིས་ གཞུང་གསར་བཙུགས་འབད་ནི་ལུ་ ཆ་འཇོག་མཛད་མི་དང་བསྟུན་ཏེ་ཨིན་པས།བློན་ཆེན་ན་རེན་ད་ར་ མོ་དི་གིས་ དེ་སྦེ་ གཞུང་གསར་བཙུགས་འབད་ཚུགས་མི་དེ་ཡང་ གཙོ་བོ་ར་ ཏེ་ལུ་གུ་དེ་སཱམ་ སྲིད་ཚོགས་དང་ ཇ་ན་ཏ་དཱལ་ སྲིད་ཚོགས་ ༢ མཉམ་བསྡོམས་ཐོག་ལུ་ ཚོགས་ཁང་འོག་མའི་ནང་ སྡོད་ཁྲི་ ༢༨ ཐོབ་མི་དེ་ དམངས་གཙོའི་མཐུན་ཚོགས་ཀྱི་ ཁ་ཐུག་ལུ་ར་ […]

World News

འཛམ་གླིང་སྤྱི་ཚོགས་ཀྱིས་ ཨིཛ་རེལ་རྒྱལ་ཁབ་དེ་ ཨ་ལོ་ཚུ་ དམར་བསད་འབད་མིའི་ ནག་ཐོར་བཀོད་ནི།

ཨེན་ཌི་ཊི་ཝི། ཨིཛ་རེལ་གྱི་ དྲག་པོའི་དམག་སྡེ་གིས་ ཨ་ལོའི་ཉེན་སྲུང་ལུ་ འཐུས་ཤོར་བྱུང་ཡོདཔ་ལས་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཨིཛ་རེལ་དེ་ ནག་ཐོར་བཀོད་ནི་སྦེ་ གྲོས་ཆོད་གྲུབ་ཡོདཔ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༧ ལུ་ ཨིཛ་རེལ་གྱིས་ ཁོང་ཁྲོ་ལང་ཐོག་ལས་ ལན་གསལ་རྐྱབ་ནུག།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནི་ཡོ་ གུ་ཊེ་རེཛ་གིས་ ཨ་ལོ་དང་ དམག་འཁྲུག་ཟེར་བའི་ ལོ་བསྟར་སྙན་ཞུ་དེ་ དཔེ་བསྐྲུན་འབད་ནི་སྦེ་ གྲ་སྒྲིད་ཡོདཔ་ཨིན་པས།ཨིན་རུང་ འཛམ་གླིང་སྤྱི་ཚོགས་ནང་ ཨིཛ་རེལ་གྱི་གཞུང་ཚབ་ གི་ལཱད་ཨེར་ཌཱན་གྱིས་ ངོ་ཚ་མེད་པའི་ གྲོས་ཆོད་དེ་ལུ་བལྟ་སྟེ་ ཞེན་པ་ལོག་ཡོད་ལུགས བཤད་པའི་ཁར་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ དེ་ཏ་ནི་ཡ་ཧུ་གིས་ཡང་ མི་སྡེ་བརྡ་བརྒྱུད་ནང་ ཧ་མཱཛ་གི་ ཧམ་རྫུན་ཅན་གྱི་ བརྗོད་དོན་ཚུ་ལུ་ གཞི་བརྟེན་འབད་དེ་ དེ་བཟུམ་མའི་ གྲོས་ཆོད་བཏོན་མི་དེ་གིས་ འཛམ་གླིང་སྤྱི་ཚོགས་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ འབྱུང་རབས་ནང་ ནག་ཐོར་བཙུགསཔ་ཨིན་པས་ཟེར་བཀོད་ནུག།དེ་མ་ཚད་ ཨིཛ་རེལ་གྱི་ སྲུང་སྐྱོབ་དམག་སྡེ་དེ་ འཛམ་གླིང་ནང་ […]

World News

རྒྱ་ནག་རྒྱལ་ཁབ་ནང་ གཟུགས་ཀྱི་ལྗིད་ཚད་ཕབ་ནི་གི་ སྨན་རྫས་ཚོང་སྒྱུར་རྒྱ་སྐྱེད།

ཨཱལ་ཇ་ཟི་ར། རྒྱ་ནག་ལུ་ སྨན་རྫས་ཨོ་ཟེམ་པིག་ཟེར་མི་དེ་ སྤྱི་ལོ་ ༢༠༢༡ ལུ་ གུ་རམ་ནད་གཞིའི་སྨན་སྦེ་ གནང་བ་གྲུབ་ཡོད་རུང་ ད་རེས་འབདཝ་ད་ སྨན་རྫས་དེ་ནང་ གཟུགས་ཀྱི་ལྗིད་ཚད་ཕབ་ནི་གི་ རྫས་སྦྱོར་ཡོདཔ་ལས་ སྨན་རྫས་དེ་ དགོས་མཁོ་བཀོད་མི་ ཡར་སེང་སོང་ནུག།དེ་ཡང་ རྒྱ་ནག་ལུ་ སྨན་རྫས་ཚོང་སྒྱུར་འཐབ་མི་ཚུ་གིས་ སྨན་རྫས་ཨོ་ཟེམ་པིག་གི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལུ་ ཚོང་བསྒྲགས་འབད་དོ་ཡོདཔ་ཨིན་པས།ཨཱཛ་ཊེ་ལི་ཡ་ལུ་ཡོད་མི་ རྒྱ་ནག་དང་ ཨེ་ཤི་ཡའི་ ཞིབ་འཇུག་གཙུག་ལག་སློབ་སྡེའི་ནང་ལས་ ལེགས་སྦྱར་བ་ པཱན་ཝང་གིས་ སྤྱིར་བཏང་ལུ་ གཟུགས་གཞི་ཕྱ་སི་སི་དེ་ རྒྱ་ནག་གི་ ཨམ་སྲུ་ཚུ་གི་ མོ་ལེགས་ཀྱི་ ཚད་གཞི་ཅིག་སྦེ་ བརྩི་སྲོལ་ཡོད་ལུགས་དང་ ཨམ་སྲུ་ལ་ལོ་ཅིག་གིས་ རང་གི་གཟུགས་ཁམས་ཀྱི་ གནས་སྟངས་ཚུ་ རྒྱབ་ཁར་བསྐྱུར་ཏེ་ གཟུགས་ཀྱི་ལྗིད་ཚད་ཕབ་ཐབས་ལུ་ བརྩོན་དོ་ཡོདཔ་སྦེ་བཤད་ནུག།ད་རེས་ནངས་པར་ རྒྱ་ནག་ལུ་ རང་སོའི་གཟུགས་ཀྱི་ལྗིད་ཚད་ ཕབ་ནིའི་དོན་ལས་ ཐབས་ཤེས་སྣ་ཚོགས་ ལག་ལེན་འཐབ་མི་དེ་ཡང་ རྒྱ་ནག་གི་ མི་རློབས་བརྒྱ་ཆ་ ༥༠ དེ་ཅིག་ལུ་ ཚད་ལས་རྒལ་བའི་ ལྗིད་ཚད་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Online now: 3 Today: 1839 Total visitors: 15202