ArchiveAboutContact

Category: World News

World News

ཧོར་མུཛ་མཚོ་གླིང་དེ་ ཨི་རན་གྱི་དོན་ལུ་ ཉེན་ཁ་ཅན་གྱི་ ས་ཁོངས་ཅིག་ཨིན་པའི་ངོས་འཛིན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ ཨི་རན་གྱིས་ ཧོར་མུཛ་མཚོ་གླིང་དེ་ འགྲུལ་སྐྱོད་འབད་མ་ཆོག་པའི་ ཉེན་ཁ་ཅན་གྱི་ ས་ཁོངས་ཅིག་ཨིནམ་སྦེ་ ངོས་འཛིན་འབད་ཡོད་པའི་སྐོར་ལས་ བཤད་ཡོདཔ་ཨིན་པས། དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཨི་རཱན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ གནོདཔ་བཀལ་ནི་གི་ འཇིགས་སྐུལ་འབད་བ་ཅིན་ ཨི་རཱན་གྱིས་ཡང་ ག་ལཱཕ་ལུང་ཕྱོགས་ཀྱི་ གཞི་རྟེན་མཐུན་རྐྱེན་ག་ར་ལུ་ གནོདཔ་བཀལ་ནི་ཨིན་པའི་ ཉེན་བརྡ་འབད་ནུག།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ཚུ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༤ དམར་བསད།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ ནུབ་ཅིག་གི་རིང་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ གསལ་བཤད་འབད་ནུག། དེ་ཡང་ ཨོ་དི་ས་ ལུང་ཕྱོགས་ཀྱི་ བེ་ལེག་སི་ཟེར་མི་ རྒྱ་མཚོའི་གྲུ་ཚུགས་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་དང་ མི་ཛ་ཡེལ་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ལུང་ཕྱོགས་དེ་ནང་ ར་ཤི་ཡ་གིས་ དེ་བཟུམ་མའི་ གནོདཔ་བཀལ་མི་དེ་ ཉིན་གྲངས་ ༥ པ་ཨིན་པས། དེ་ལས་ གཞན་ཡང་ བྱང་ཤར་སུ་མི་ཁྲོམ་སྡེའི་ནང་ མི་གྲངས་ ༣ དང་ ལྷོ་ཕྱོགས་ཟ་པོ་རི་ཟི་ཡ་ལུ་ མི་གྲངས་ ༣ དེ་ལས་ ཤར་ལྷོ་ལུང་ཕྱོགས་གཞན་ ༣ གྱི་ནང་ མི་གྲངས་ ༥ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་ཚུ་དང་ མི་ཛ་ཡེལ་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ བཏང་ཐོག་ལས་ གནོད་འཚུབ་བཀལ་མི་དེ་ སྤྱི་ཟླ་འདི་ནང་ ཐེངས་ ༥ པ་ཨིན་པས། དེ་ཡང་ རྒྱལ་ས་ཀི་ཡིབ་ལུ་ སློབ་གྲྭ་དང་ ཚོང་འབྲེལ་རྩིས་ཏེ་ ས་ཁོངས་ཁག་ ༡༦ དེ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ གསུངས་ཡོདཔ་མ་ཚད་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ཡང་ ཁྲོམ་སྡེ་ནང་འཁོད་ལུ་ མེ་རྐྱེན་ལེ་ཤ་ཅིག་ བྱུང་ཡོད་པའི་ སྙན་ཞུ་འབད་ནུག། གནོད་འཚུབ་དེ་གིས་ ཡུ་ཀེ་རེན་གྱི་ ཁར་ཀིབ་ལུང་ཕྱོགས་ནང་ མི་གྲངས་ ༧ དང་ ཅེར་ནི་ཧིབ་ལུང་ཕྱོགས་ནང་ མི་གྲངས་ ༣ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་ཡང་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ གསུངས་ཡོདཔ་ཨིན་པས། དེ་མ་ཚད་ སྤྱི་ཟླ་ ༧ པའི་ཚེས་ ༡༣ གྱི་ཕྱི་རོ་ཡང་ […]

World News

བང་ལ་དེཤ་ལུ་ ས་རུད་དང་ ཆུ་རུད་ལུ་བརྟེན་མི་ མི་གྲངས་ ༥༡ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི། ད་རེས་ནངས་པ་ བང་ལ་དེཤ་ལུ་ ཆརཔ་མ་ཆདཔ་སྦེ་ར་ རྐྱབ་པ་ལུ་བརྟེན་ཏེ་ རྒྱལ་ས་ཌ་ཀ་གིས་གཙོས་པའི་ བང་ལ་དེཤ་རྒྱལ་ཁབ་ནང་ ཆུ་རུད་དང་ ས་རུད་ཚུ་ལུ་བརྟེན་ཏེ་ མི་གྲངས་ ༥༡ དེ་ཅིག་ལུ་ ཤི་རྐྱེན་དང་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གི་ སྡོད་ཁྱིམ་ཚུ་ འཕྱགས་བདའ་ཡོདཔ་ཨིན་པས། དེ་ཡང་ མང་ཤོས་ཅིག་ར་ རོ་ཧིང་ཡའི་ སྐྱབས་བཅོལ་བ་ཚུ་སྡོད་མི་ ཀོགཛ་བ་ཛར་ལུ་ བྱུང་ཡོདཔ་ད་ དེ་བཟུམ་སྦེ་ བདུན་ཕྲག་ཧེ་མའི་ནང་ཡང་ ཆུ་རུད་ཀྱིས་ སློབ་གྲྭ་ཅིག་ འཕྱགས་བདའ་ཡོདཔ་ལས་ སློབ་དཔོན་ ༡ དང་ སློབ་ཕྲུག་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

མཐའ་ཡས་ལེན་གྱི་ ཆང་ཁང་ཅིག་ནང་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༢༧ ལུ་ ཤི་རྐྱེན་དང་ ༢༢ ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ ཆང་ཁང་ཅིག་ནང་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༢༧ ལུ་ ཤི་རྐྱེན་དང་ ༢༢ ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ད་ དེ་ཡང་ ཅ་ཊུ་ཅག་རྫོང་ཁག་ལུ་ཡོད་མི་ ཡོངས་གྲགས་ཅན་གྱི་ ཆང་ཁང་གི་ འཁྲབ་སྟེགས་གུ་ལས་ འབར་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཝེཏ་ནམ་ལུ་ གྲུ་ཆུང་ཅིག་ མགོ་མཇུག་སློག་སྟེ་ ཡར་སོངཔ་ལས་ ལྟ་བཤལཔ་ ༡༥ ལུ་ཤི་རྐྱེན།

རོའི་ཊརཛ།སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ཝེཏ་ནམ་གྱི་ ལྷོ་ཕྱོགས་མཚོ་གླིང་ ཕུ་ཀུ་ཨོག་ལུ་ གྲུ་ཆུང་ཅིག་ མགོ་མཇུག་སློག་སྟེ་ ཡར་སོངཔ་ལས་ རྒྱ་གར་གྱི་ ལྟ་བཤལཔ་ ༡༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ སྙན་ཞུ་དང་འཁྲིལ་བ་ཅིན་ རྐྱེན་ངན་དེ་ནང་ལས་ མི་གྲངས་ ༢༡ སྲོག་སྐྱབས་འབད་ཚུགས་ཡོདཔ་ད་ དེ་བསྒང་ གྲུ་དེ་ནང་ རྒྱ་གར་གྱི་ ལྟ་བཤལཔ་ ༣༢ དང་ ལས་བྱེདཔ་ ༣ དེ་ལས་ ལས་རོགསཔ་ ༡ རྩིས་ཏེ་ མི་གྲངས་ ༣༦ སྡོད་ཡོདཔ་ཨིན་པས།ཝེཏ་ནམ་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ཡིག་ཚང་ལས་ བྱུང་རྐྱེན་དེ་ལུ་ ལྟ་རྟོག་འབད་དོ་ཟེར་ཨིནམ་ད་ གནོད་སྐྱོན་བྱུང་མི་ བཟའ་ཚང་ཚུ་ལུ་ གྲོགས་རམ་འབད་ནིའི་དོན་ལས་ ཧོ་ཅི་མིན་ཁྲོམ་སྡེ་དང་ ཧ་ནོའི་ལུ་ གློ་བུར་ངོས་ལེན་ལྟེ་བ་ཚུ་ཡང་ གཞི་བཙུགས་འབད་ཡོདཔ་སྦེ་བཤད་ནུག།ཝེཏ་ནམ་ལུ་ མཚོ་གླིང་སྦོམ་ཤོས་ཅིག་ཨིན་མི་ ཕུ་ཀུ་ཨོག་དེ་ ལྟ་བཤལཔ་ཚུ་གི་དོན་ལས་ ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ འདས་པའི་ལོ་ཚུ་ལས་ རྒྱ་གར་གྱི་ ལྟ་བཤལཔ་ལེ་ཤ་ཅིག་ འོང་དོ་ཡོདཔ་སྦེ་ […]

World News

པ་ཀིཛ་ཏཱན་གྱི་ ཉེན་སྲུང་དམག་མི་ཚུ་གིས་ ངོ་རྒོལ་དམག་མི་ ༧༥ དེ་ཅིག་ དམར་བསད་འབད་ཡོདཔ།

ཨེན་ཌི་ཊི་ཝི།སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ པ་ཀིཛ་ཏཱན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཱ་ལུ་ཅིཛ་ཏཱན་མངའ་སྡེའི་ནང་ དམག་སྡེའི་གནམ་གྲུ་ ཧེ་ལི་ཀོ་ཊར་གྱི་ རྒྱབ་སྐྱོར་ཐོག་ལུ་ ཉེན་སྲུང་དམག་མི་ཚུ་གིས་ ངོ་རྒོལ་སྡེ་ཚན་དང་གཅིག་ཁར་ དམག་རྐྱབ་སྟེ་ ངོ་རྒོལཔ་ ༧༥ དེ་ཅིག་ དམར་བསད་འབད་ཡི་ཟེར་ཨིན་པས།མ་གཞི་ བདུན་ཕྲག་འདི་ནང་ ངོ་རྒོལ་འབད་མི་ སྡེ་ཚན་དེ་ ཧེ་མ་ ངོ་རྒོལ་སྡེ་ཚན་ཆུང་ཀུ་སྦེ་ བརྩིསཝ་ཨིན་རུང་ ད་རེས་ནངས་པ་ རྒྱ་སྐྱེད་སྦེམ་སྦེ་ར་ འགྱོ་དོ་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གཞི་ཅིག་ལུ་ གྱུར་ཏེ་ཡོདཔ་སྦེ་བཀོད་ནུག།

World News

སི་པེན་ལུ་ ནགས་མེ་བྱུང་ཡོདཔ་ལས་ མི་གྲངས་ ༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༠ ལུ་ སི་པེན་རྒྱལ་ཁབ་ཀྱི་ ནགས་ཚལ་ནང་ མེ་རྐྱེན་སྦོམ་ཅིག་ བྱུང་ཡོདཔ་ལས་ མི་གྲངས་ ༡༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༡༩ དེ་ཅིག་ཡང་ བྱང་སྟོར་ཤོར་ཡོདཔ་ཨིན་པས། མེ་རྐྱེན་དེ་ནང་ ཉམས་རྒུད་བྱུང་མི་ མང་ཤོས་ཅིག་ར་ ཕྱི་རྒྱལ་གྱི་ མི་ཁུངས་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ གཞུང་ལས་ སྡོད་སྒར་ཚུ་ནང་ སྡོད་དགོ་པའི་ བཀའ་རྒྱ་གནང་མི་ལུ་ གནས་མ་བཏུབ་པར་ སྣུམ་འཁོར་བདའ་སྟེ་ བྱོག་འགྱོ་མི་ཚུ་ཨིནམ་སྦེ་ གསལ་བཀོད་འབད་ནུག།

World News

རྒྱ་ནག་གི་ ལྷམ་བཟོ་གྲྭ་ཁང་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༢༨ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༧ པའི་ཚེས་ ༩ གི་ཕྱི་རོ་ ས་གནས་ཀྱི་ ཆུ་ཚོད་ ༥ དེ་ཅིག་ཁར་ རྒྱ་ནག་གི་ ཤར་ལྷོ་ཁྲོམ་སྡེ་ ཇིན་ཇི་ཡང་ལུ་ཡོད་མི་ ལྷམ་བཟོ་གྲྭ་ཁང་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༢༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་མཆོག་གིས་ མེ་རྐྱེན་དེ་ལུ་བརྟེན་ཏེ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ འགན་འཁྲི་དམ་དམ་སྦེ་ར་ བཀལ་དགོཔ་སྦེ་ གསུངས་ཡོདཔ་ད་ མེ་རྐྱེན་དེ་ནང་ལས་ མི་གྲངས་ ༢༠༠ ལྷགཔ་ཅིག་ སྲོག་སྐྱབས་འབད་ཡོདཔ་ཨིན་པས།

World News

རྒྱ་ནག་རྒྱལ་ཁབ་ནང་ ཆུ་རུདལུ་བརྟེན་ཏེ་ མི་གྲངས་ ༣༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ རྒྱ་ནག་གི་ ལྷོ་ཕྱོགས་ས་གནས་ཚུ་ནང་ ཆར་ཆུ་འབོལ་བའི་སྟབས་ཀྱིས་ ཆུ་རུད་ཐོན་ཡོདཔ་ལས་ མི་གྲངས་ ༣༩ དེ་ཅིག་ལུ་ ཤི་རྐྱེན་བྱུང་མིའི་གྲས་ལས་ མང་ཤོས་ཅིག་ར་ ནཱན་ནིང་ཁྲོམ་སྡེའི་ ཆུ་མཛོད་ཁང་ཅིག་ ཕྱགས་བདའ་སྟེ་ ཆུ་རུད་ཐོན་པ་ལུ་བརྟེན་ཏེ་ཨིན་པས། དེ་ཡང་ ཆུ་རུད་ཀྱིས་སྦེ་ ཆུ་མཛོད་ཁང་ཚུ་ བརྡབ་བཏང་པ་ལུ་བརྟེན་ཏེ་ ཆུ་རུད་སྦོམ་སྦེ་ར་ ཐོན་ཡོདཔ་སྦེ་ ནཱན་ནིང་ཁྲོམ་སྡེའི་ ནཱན་ནིང་ཁྲོམ་སྡེའི་ ཁྲོམ་དཔོན་འོགམ་ ཌིང་ཝེ་གིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ གསལ་བཤད་འབད་ནུག།

Online now: 24 Today: 1498 Total visitors: 4175