ArchiveAboutContact

Category: World News

World News

ཡུ་ཨེཛ་སྨན་ཁབ་ཚོགས་ཆུང་གིས་ ཀོ་ཝིཌ་-༡༩ གི་ སྨན་ཁབ་བཙུགས་ནི་ལུ་ རྒྱབ་སྐྱོར་མེདཔ།

བི་བི་སི།འཛམ་གླིང་ནང་ ནད་ཡམས་ཀོ་ཝིཌ་ ༡༩ ཐོན་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ཨ་མི་རི་ཀའི་ མི་སེར་མང་ཆེ་བ་ཅིག་ལུ་ ཀོ་ཝིཌ་-༡༩ གི་ སྨན་ཁབ་དེ་ ལོ་བསྟར་བཞིན་དུ་ བཙུགས་དགོ་པའི་ གཞུང་འབྲེལ་གྱི་ གནང་བ་ཡོད་རུང་ ཡུ་ཨེཛ་སྨན་ཁབ་གྲོས་སྟོན་ཚོགས་ཆུང་གི་ ཁ་ཐུག་ལས་ ན་ལོན་ཚུ་ལུ་ སྨན་ཁབ་བཙུགས་ནི་དེ་ མཚམས་འཇོག་འབད་ནུག།ནད་བཀག་ལག་ལེན་གྱི་ གྲོས་སྟོན་ཚོགས་ཆུང་ ཨེ་སི་ཨའི་པི་གིས་ ཉིན་གྲངས་ ༢ ཀྱི་རིང་ལུ་ གྲོས་འཛོམས་ཅིག་ ཚོགས་པའི་སྐབས་ལུ་ དམར་ཅུམ་དང་ ལྟག་ཀོ་འབོ་ནད་ དེ་ལས་ གཞན་ཡང་ རུ་བེ་ལ་དང་ བེ་རི་སེ་ལ་ཟེར་མི་ཚུ་གི་ སྨན་ཁབ་ཚུ་ བཙུགས་དགོ་པའི་ རྒྱབ་སྣོན་ཚུ་ སྒྱུར་བཅོས་བཏང་སྟེ་ མཆིན་པའི་ནད་ཀྱི་ཐེད་ཁར་ ཚོགས་རྒྱུན་བསྐྱུར་ནི་གི་ འཆར་གཞི་དེ་ ཕར་འགྱངས་འབད་ཡོདཔ་ཨིན་པས།སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ ཚོགས་ཆུང་དེ་གིས་ ཀོ་ཝིཌ་-༡༩ གི་ སྨན་ཁབ་སྐོར་ལས་ གྲོས་བསྡུར་འབད་བའི་ཤུལ་ལས་ འདས་པའི་ལོ་ངོ་དག་པ་ཅིག་གི་རིང་ལུ་ དུས་རྒྱུན་རྒྱབ་སྐྱོར་ཡོད་མི་ སྨན་ཁབ་དེ་ ད་ལས་ཕར་ མཚམས་འཇོག་འབད་ནི་ལུ་ ཚོགས་རྒྱན་བཙུགས་ནུག་ཟེར་ […]

World News

སྤྱི་ལོ་ ༢༠༢༦ ལོར་ ཡུ་ཨེན་ཨེཌཛ་ལས་སྡེ་ མཇུག་བསྡུ་ནི་གི་གྲོས་འཆར།

རོའི་ཊརཛ།འཛམ་གླིང་སྤྱི་ཚོགས་ ཨེཆ་ཨའི་ཝི་/ཨེཌཛ་གི་ ནད་གཞི་ལུ་ གཙོ་བོར་བཟུང་མི་ ལས་སྡེ་དེ་ སྤྱི་ལོ་ ༢༠༢༦ ལུ་ མཇུག་བསྡུ་གཏང་ནི་བཟུམ་ཅིག་ཡོདཔད་ དེ་ཡང་ མ་དངུལ་གྱི་ དཀའ་ངལ་ལུ་བརྟེན་ཏེ་ འོང་ནི་ཨིན་པས།སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ དཔར་བསྐྲུན་འབད་མི་ ཡིག་ཆའི་ནང་ ཡུ་ཨེན་ཨེཌཛ་དེ་ སྤྱི་ལོ་ ༢༠༢༦ གི་ ལོ་མཇུག་ལུ་ མེདཔ་བཟོ་ནི་ཨིན་ཟེར་ བཀོད་ཡོདཔ་ད་ གྲོས་འཆར་དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ གྲོས་འཆར་ཆ་ཚང་བཀོད་མིའི་ ཆ་ཤས་ཅིག་ཨིནམ་སྦེ་བཀོད་ནུག།ཡུ་ཨེན་ཨེཌཛ་ ལས་སྡེ་དེ་ སྤྱི་ལོ་ ༡༩༩༦ ལུ་ འགོ་བཙུགས་ཡོདཔ་ད་ ལས་སྡེ་དེ་གིས་ སྲོག་སྐྱབས་ཀྱི་ལཱ་ཚུ་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་ ༢༠༡༠ ལུ་ འཛམ་གླིང་ནང་ ཨེཌཛ་ལུ་བརྟེན་པའི་ ཤི་རྐྱེན་ས་ཡ་ ༡.༢ འབད་ས་ལས་ སྤྱི་ལོ་ ༢༠༢༣ ཚུན་ལུ་ ཤི་རྐྱེན་དེ་ ༦༣༠,༠༠༠ གུ་ མར་ཕབ་འབད་ཚུགས་ཡོདཔ་ཨིན་པས།ཨིན་རུང་ ཨེཆ་ཨའི་ཝི་ […]

World News

ཨཱཛ་ཊེ་ལི་ཡ་ལུ་ བཙོག་རླུང་མཐོ་དྲགས་ཡོད་མི་དེ་ སྤྱི་ལོ་ ༢༠༣༥ ལོར་ མར་ཕབ་ཀྱི་གསལ་བསྒྲགས།

བི་བི་སི།ཨཱཛ་ཊེ་ལི་ཡ་དེ་ འཛམ་གླིང་ནང་ བཙོག་རླུང་མཐོ་དྲགས་ཡོད་མི་ཅིག་ཨིན་རུང་ གཞུང་གི་ཁ་ཐུག་ལས་ སྤྱི་ལོ་ ༢༠༠༥ གི་ ནང་འཁོད་ལུ་ བཙོག་རླུང་བརྒྱ་ཆ་ ༦༢ དེ་ཅིག་ མར་ཕབ་འབད་ནི་གི་ དམིགས་གཏད་སྐྱེད་དོ་ཟེར་ཨིན་པས།རྒྱལ་ཁབ་དེ་གིས་ ཧེ་མ་ཡང་ སྤྱི་ལོ་ ༢༠༣༠ གི་ ནང་འཁོད་ལུ་ བཙོག་རླུང་བརྒྱ་ཆ་ ༤༣ མར་ཕབ་འབད་ནི་གི་ ཁས་བླངས་འབད་ནུག།ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བ་ནིཛ་གིས་ སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ དམིགས་གཏད་གསརཔ་ཅིག་ འགོ་འབྱེད་འབད་མི་དེ་ ཚན་རིག་གིས་ རྒྱབ་སྐྱོར་འབད་མི་ འགན་ཁུར་ཅན་གྱི་ དམིགས་གཏད་དང་ དེ་ཁར་ལྷོད་ནི་གི་ ཉམས་ལེན་འཆར་གཞི་ཅིག་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།གཞུང་གི་ཁ་ཐུག་ལས་ བདུན་ཕྲག་འདི་ནང་ ཉེན་ཁ་བརྟག་ཞིབ་འབདཝ་ད་ མི་གིས་བཟོ་མི་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ ཨཱཛ་ཊེ་ལི་ཡ་ལུ་ མ་འོངས་པར་ གནམ་གཤིས་གནས་སྟངས་ གནམ་མེད་ས་མེད་ སྐྱོ་དྲགས་ཅིག་སྦེ་ འཐོན་ནི་ཨིན་པའི་ ཉེན་བརྡ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ ཕྱད་མདའི་གནས་སྟངས་དུས་མཐུན།

ཨཱལ་ཇ་ཟི་ར།སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ ར་ཤི་ཡའི་ གཞུང་འབྲེལ་གནས་ཚུལ་ཅིག་ནང་ འདས་པའི་ཉིན་མར་ དམག་འཁྲུག་གདོང་ཐུག་ནང་ ཡུ་ཀེ་རེན་གྱི་ དམག་མི་ ༡,༥༠༠ ལྷགཔ་ཅིག་ ར་ཤི་ཡའི་ དམག་མི་ཚུ་གིས་ དམར་བསད་འབད་ཡོདཔ་སྦེ་ བཀོད་ཡོད་རུང་ ཡུ་ཀེ་རེན་གྱི་ཁ་ཐུག་ལས་ གཏན་འཁེལ་མ་འབདཝ་ཨིན་པས།ཡུ་ཀེ་རེན་གྱི་ མཁའ་དམག་འཕྲུལ་ཆས་ཌྲཱོན་ ༡ གིས་ ར་ཤི་ཡའི་ས་མཚམས་ བེལ་གོ་རཱོད་ལུ་ སྣུམ་འཁོར་གཅིག་གུ་ཕོག་སྟེ་ མི་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༡ ལུ་ རྨ་སྐྱོན་བྱུང་ཡོདཔ་སྦེ་བཀོད་ནུག།ཕྱད་མདའི་སྐོར་ལས་ རང་དབང་དབྱེ་དཔྱད་སྡེ་ཚན་ཚུ་གིས་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ དྲག་པོའི་མིང་གཏམ་གྱི་དོན་ལུ་ སྔོན་ཆད་མ་བྱུང་པའི་ བརྩོན་ཤུགས་ཐོག་ལས་ ཕྱད་མདའ་རྐྱབ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས།དེ་ཁ་ལུ་ ཡུ་ཀེ་རེན་གྱི་ དམག་སྡེ་གིས་ འདས་པའི་ཉིན་མར་ ར་ཤི་ཡའི་ དམག་མི་ ༡,༠༢༠ དང་ མཁའ་དམག་འཕྲུལ་ཆས་ ༣༦༠ དེ་ལས་ ས་དམག་འཕྲུལ་ཆས་ ༣༦ མེདཔ་བཏང་ཡོདཔ་སྦེ་བཀོད་ནུག།ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ ར་ཤི་ཡའི་ […]

World News

ནེ་པཱལ་ལུ་ ཇེན་ཟི་གི་ ངོ་རྒོལ་སྐབས་ལུ་ བྱོག་འགྱོ་མི་ བཙོན་པ་ཚུ་ བཙོན་ཁང་ནང་ ལོག་འོང་དོ་ཡོདཔ།

ཧི་མ་ལ་ཡཱན།སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ ནེ་པཱལ་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་ཚེ་ སྤྱི་ཟླ་ ༩ པའི་ཚེས་ ༨ དང་ ༩ ལུ་ ཇེན་ཟི་ཟེར་མི་ ན་གཞོན་ཚུ་གིས་ གཞུང་ལུ་ ངོ་རྒོལ་འབདཝ་ད་ བཙོན་ཁང་ཚུ་གི་ནང་ལས་ བྱོག་འགྱོ་མི་ བཙོན་པ་ཚུ་གི་གྲས་ལས་ ལ་ལོ་ཅིག་ ཁོང་རའི་བློ་འདོད་ཐོག་ལས་ ལོག་འོང་དོ་ཡོད་རུང་ གཞན་མི་ཚུ་ འཛིན་བཟུང་འབད་བའི་བསྒང་ཡོད་ཟེར་ཨིན་པས།དེ་ཡང་ མག་ཝཱན་པུར་ མངའ་སྡེའི་བཙོན་ཁང་ བྷིམ་ཕེ་ཌི་ལས་ བཙོན་ཁང་གི་ སྒོ་ར་ ༣ མེདཔ་བཏང་སྟེ་ བྱོག་འགྱོ་མི་ བཙོན་པ་ ༤༤༠ གི་གྲས་ལས་ ༣༦ ཁོ་རའི་བློ་འདོད་ཐོག་ལས་ བཙོན་ཁང་ནང་ ལོག་ཡོདཔ་ད་ ༡༣༠ འབད་མི་ཅིག་ སྲུང་སྐྱོབ་དམག་མི་ཚུ་གིས་ འཛིན་བཟུང་འབད་བའི་ལྷག་ལུས་ བཙོན་པ་ ༢༧༧ འཛིན་བཟུང་གི་དོན་ལུ་ འཕྲོ་མཐུད་དེ་ར་ འཚོལ་དོ་ཡོདཔ་སྦེ་བཀོད་ནུག།དེ་བཟུམ་སྦེ་ མི་ཡག་དི་ བཙོན་ཁང་ནང་ལས་ བཙོན་པ་ […]

World News

སའུ་དི་ཨ་ར་བི་ཡ་དང་ པ་ཀིཛ་ཏཱན་ རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་ཀྱི་ཆིངས་ཡིག།

རོའི་ཊརཛ། སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ སའུ་དི་ཨ་ར་བི་ཡ་དང་ པ་ཀིཛ་ཏཱན་ རྒྱལ་ཁབ་ ༢ ཀྱི་བར་ན་ སྲུང་སྐྱོབ་ཀྱི་ ཆིངས་ཡིག་ཅིག་ བཟོ་ཡོདཔ་ལས་ ཆིངས་ཡིག་དེ་གིས་ ལུང་ཕྱོགས་ནང་ མཐུན་ལམ་ཚུ་ མེདཔ་འགྱོ་དོ་ཡོད་པའི་ གནས་སྟངས་ནང་ རྒྱལ་ཁབ་ ༢ ཀྱི་བར་ན་ ལོ་ངོ་བཅུ་ཕྲག་རིང་གི་ སྲུང་སྐྱོབ་མཉམ་འབྲེལ་ལུ་ བཙན་ཐབས་འབྱུང་ནི་ཨིན་པས།  དེ་ཡང་ པ་ཀིཛ་ཏཱན་དང་ སའུ་དི་ཨ་ར་བི་ཡའི་ སྲུང་སྐྱོབ་ཆིངས་ཡིག་དེ་ ལོ་ངོ་ལེ་ཤ་ཅིག་གི་རིང་ལུ་ གྲོས་བསྟུན་ཚུ་འབད་བའི་ གྲུབ་འབྲས་ཅིག་ཨིནམ་ད་ རྒྱལ་ཁབ་གཞན་གང་རུང་ལུ་ ཆེད་དུ་དམིགས་ཏེ་ ཆིངས་ཡིག་བཟོ་བཟོཝ་མེན་ཟེར་ སའུ་དི་ཨ་ར་བི་ཡའི་ འགོ་དཔོན་ཅིག་གིས་བཤད་ནུག། མ་གཞི་ ཧེ་མ་ལས་ ཡུ་ཨེཛ་གིས་ ཨ་རབ་རྒྱལ་ཁབ་ཚུ་གི་དོན་ལུ་ ཉེན་སྲུང་འགན་ལེན་འབད་དེ་ཡོད་རུང་ འགན་ལེན་དེ་ ཉམས་སུ་སོང་ཡོདཔ་ལས་ ཨ་རབ་རྒྱལ་ཁབ་ཚུ་གིས་ ཡིད་ཆེས་མེད་པའི་ཁར་ འདས་པའི་བདུན་ཕྲག་ནང་ ཨིཛ་རེལ་གྱིས་ ཀ་ཊར་ལུ་ཡང་ གནོད་འཚུབ་བཀལ་མི་དེ་གིས་ ཨ་རབ་རྒྱལ་ཁབ་ཚུ་ ཧེང་སྐལ་ར་ ཚ་གྱང་ལང་དགོཔ་ བྱུང་ཡོདཔ་སྦེ་ཨིན་པས།   དེ་ཁ་ལུ་ […]

World News

ནའི་ཇར་གྱི་ ནུབ་ཕྱོགས་གཡུས་ཚན་ཅིག་ནང་ ཀྲོམ་མདའ་རྐྱབ་སྟེ་ མི་གྲངས་ ༢༢ དེ་ཅིག་དམར་བསད།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ ནའི་ཇར་གྱི་ ནུབ་ཕྱོགས་གཡུས་ཚན་ཅིག་ནང་ མོ་ཊར་བཱ་ཡེག་གུ་ བཞོན་མི་ཚུ་གིས་ ཀྲོམ་མདའ་རྐྱབ་སྟེ་ མི་གྲངས་ ༢༢ དེ་ཅིག་ དམར་བསད་འབད་ཡོདཔ་ད་ དེ་བསྒང་ མི་མང་ཤོས་ཅིག་ར་ ཡེ་ཤུའི་ཁྲུས་དབང་ཅིག་ནང་ བཅའ་མར་གཏོགས་ཏེ་ སྡོད་ཡོདཔ་ཨིན་པས། དེ་བསྒང་ ས་གནས་དེ་ཁར་ སྡོད་མི་ཅིག་གིས་ ཕ་རཱནཛ་གི་ གནས་ཚུལ་ལས་སྡེ་ ཨེ་ཨེཕ་པི་ལུ་ མ་ལི་དང་ བཱར་ཀི་ན་ཕ་སོའི་ ས་མཚམས་ལུ་ཡོད་མི་ ཏི་ལ་བེ་རི་ལུང་ཕྱོགས་ཀྱི་ མཛད་སྒོའི་ལས་རིམ་ཅིག་ནང་ གྲལ་གཏོགས་འབད་མི་ ༡༥ དམར་བསད་འབད་བའི་ཤུལ་ལུ་ ས་གནས་གཞན་ཁར་ཡང་ མི་གྲངས་ ༧ དམར་བསད་འབད་ཡོདཔ་སྦེ་བཤད་ནུག། ནའི་ཇར་དྲག་དམག་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལུང་ཕྱོགས་དེ་ནང་ ཇི་ཧ་ཌིཛ་གིས་ གནོད་འཚུབ་བཀལ་མི་ཚུ་ བཀག་མ་ཚུགས་པའི་ དཀའ་ངལ་འབྱུང་དོ་ཡོད་མི་དེ་ཡང་ ཨཱལ་ཀའི་ཌ་དང་ ཨིཛ་ལ་མིག་ གཡིབ་དམག་སྡེ་ཚན་དང་ འབྲེལ་བ་ཡོད་མི་ཚུ་གིས་ འགོ་འདྲེན་འཐབ་མས་ཟེར་ཨིན་པས། ནའི་ཇར་དབང་འཛིན་ཚུ་གིས་ ས་གནས་དེ་ཁར་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤད་ཡོད་རུང་ ཤི་རྐྱེན་གྱི་ […]

World News

སྲིད་འཛིན་ཊམ་གྱིས་ བློན་ཆེན་མོ་དི་ལུ་ འཁྲུངས་སྟོན་གྱི་ཉིན་མར་ བཀྲིས་བདེ་ལེགས་ཀྱི་བརྒྱུད་འཕྲིན།

བི་བི་སི།ཡུ་ཨེཛ་དང་ རྒྱ་གར་ ༢ ཀྱི་བར་ན་ ཕྱིར་ཚོང་དང་ ནང་འདྲེན་གྱི་ ཁྲལ་ཚད་སྐོར་ལས་ ཁ་འཆམ་མ་ཚུགས་པར་ བདུན་ཕྲག་མང་རབས་ཅིག་ སོང་ཡོད་པའི་ དུས་སྐབས་ནང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་གྱིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ལུ་ འཁྲུངས་སྐར་དུས་སྟོན་ ཐེངས་ ༧༥ པའི་ སྔ་གོང་ལས་ བཀྲིས་བདེ་ལེགས་ཀྱི་ བརྒྱུད་འཕྲིན་གནང་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ སྲིད་འཛིན་ཊམ་གྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ལེགས་ཤོམ་འགྱོ་ནི་གི་ རྟགས་མཚན་བཟུམ་ཅིག་ཡོདཔ་བཞིན་དུ་ བརྒྱུད་འཕྲིན་དེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་འགྲིག་ཆའི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་གིཤུལ་ལས་ སྲིད་འཛིན་ཊམ་གྱིས་ མི་སྡེ་བརྡ་བརྒྱུད་ཨེགཛ་ནང་ བློན་ཆེན་མོ་དི་གིས་ ཕྱག་ལཱ་ཚུ་ ལེགས་ཤོམ་གནང་དོ་ཡོདཔ་སྦེ་ བཀོད་པའི་ཁར་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་འཇོམས་ཐབས་ལུ་ རྒྱབ་སྐྱོར་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་བཀོད་ནུག།དེ་བཟུམ་སྦེ་ བློན་ཆེན་མོ་དི་གིས་ཡང་ ཁོང་ ༢ […]

World News

ནེ་པཱལ་གྱི་ ཁྲིམས་སྤྱི་བགྲེསཔ་ ཨམ་སུ་ཤི་ལ་ ཀར་ཀི་དེ་ གནས་སྐབས་ཀྱི་ བློན་ཆེན་སྦེ་བསྐོ་བཞག།

ཧི༌མ༌ལ་ཡཱན། ནེ་པཱལ་གཞུང་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལེ་ཤ་ཅིག་ར་ བཀག་དམ་འབད་བའི་ཤུལ་ལས་ ཇེན་ཟི་ཟེར་མི་ ན་གཞོན་ཚུ་གིས་ སྤྱི་ཟླ་ ༩ པའི་ཚེས་ ༨ དང་ ༩ ལུ་ ངོ་རྒོལ་འབད་མི་དེ་ ཁྲིམས་སྲུང་འགག་སྡེ་གིས་ ཚད་འཛིན་འབད་མིའི་ནང་ མི་གྲངས་ ༥༡ ལུ་ ཤི་རྐྱེན་དང་ ༡,༣༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། མ་གཞི་ མི་སྡེ་བརྡ་བརྒྱུད་ བཀག་དམ་འབད་མི་ཚུ་ ན་གཞོན་ཚུ་གིས་ ངོ་རྒོལ་འགོ་བཙུགས་པའི་ཉིན་མ་ར་ ཡངས་ཆག་བཏང་ཡོད་རུང་ བློན་ཆེན་ཀེ་པི་ ཨོ་ལི་གིས་ དགོངས་ཞུ་མ་འབད་ཚུན་ ངོ་རྒོལ་མཚམས་འཇོག་ འབད་མ་བཏུབ་ཨིན་པས། ངོ་རྒོལ་དེ་ནང་ གཞུང་གི་སྒྲིང་ཁྱིམ་དང་ དམངས་སྒེར་གཉིས་ཆ་རའི་ སྒྲིག་བཀོད་ཚུ་ལུ་ གནོདཔ་བཀལ་ཡོདཔ་མ་ཚད་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་དང་ ལྷན་ཁག་ མངའ་སྡེའི་ཁྲིམས་ཁང་ མངའ་སྡེ་བདག་སྐྱོང་གི་ ཡིག་ཚང་ཚུ་ལུ་ཡང་ མེ་སྤར་ནུག། དེ་འབདཝ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ ནེ་པཱལ་གྱི་སྲིད་འཛིན་ རམ་ཅཱན་ད་ར་ […]

World News

ཚེ་ཚད་སྐྱེས་ལོ་ ༡༠༠ ལྷག་མི་ མང་ཤོས་ར་ རྒྱ་པཱན་ལུ་ཡོད་པའི་ ཐོ་དེབ་གསལ་སྟོན།

བི་བི་སི། རྒྱ་པཱན་གཞུང་གིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ལས་ལྷག་མི་ ཧ་ལམ་འབུམ་ ༡ དེ་ཅིག་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱ་པཱན་གྱི་ མི་སེར་ཚུ་གི་ གཟུགས་ཁམས་ལུ་འཕྲོད་པའི་ བཟའ་འཐུང་སྤྱོད་མི་དང་ སྤྱིར་བཏང་གི་ ནད་གཞི་ཉུང་སུ་འབད་མི་ དེ་ལས་ མཉམ་བསྡོམས་ཐོག་གི་ ལུས་སྦྱོང་གི་ ལམ་སྲོལ་ཚུ་ལུ་བརྟེན་ཏེ་ འོང་ནི་མས་ཟེར་ཨིན་པས།   སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ རྒྱ་པཱན་གྱི་ གསོ་བའི་ལྷན་ཁག་ལས་ ད་རེས་ནངས་པར་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ལས་ལྷག་མི་ ༩༩,༧༦༣ ཡོདཔ་སྦེ་ བཤད་ཡོདཔ་ད་ དེ་ཡང་ ཨམ་སྲུ་ ༨༧,༧༨༤ དང་ ཕོ་སྐྱེས་ ༡༡,༩༧༩ ཡོདཔ་སྦེ་བཀོད་ནུག། འཛམ་གླིང་ནང་ ཚེ་ཚད་རིང་ཤོས་ རྒྱ་པཱན་གྱི་ མི་སེར་ཚུ་ཨིན་རུང་ ཨ་ལོ་གསར་སྐྱེས་ཀྱི་ ཚད་གཞི་དེ་ ག་ནི་བ་ དམའ་སུ་སྦེ་ཡོདཔ་ད་ ལོ་ན་རྒས་ཤོས་ཀྱི་ཐེད་ཁར་ […]

Online now: 9 Today: 1405 Total visitors: 14768