ArchiveAboutContact

Category: World News

World News

ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ག་ཟ་ཞི་བདེའི་འཆར་གཞི་ གོ་རིམ་དང་པའི་གུ་ མིང་རྟགས་བཀོད་ཡོདཔ།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ གསལ་བསྒྲགས་འབདཝ་བཞིན་དུ་ ག་ཟ་འི་དོན་ལས་ ཞི་བདེའི་འཆར་གཞི་ གོ་རིམ་དང་པའི་གུ་ ཨིཛ་རེལ་དང་ ཧ་མཱཛ་ ༢ ཀྱི་བར་ན་ མིང་རྟགས་བཀོད་ནུག།སྤྱི་ཟླ་ ༡༠ པའི་ཚོས་ ༩ ལུ་ དེ་བཟུམ་མའི་ ཞི་བདེའི་འཆར་གཞི་གུ་ མིང་རྟགས་བཀོད་མི་དེ་ཡང་ ཕན་ཚུན་འཛིན་བཟུང་འབད་དེ་ཡོད་མི་ བཙོན་པ་ག་ར་ གང་མགྱོགས་གཏང་ནི་དང་ ཨིཛ་རེལ་གྱི་ དམག་མི་ཚུ་ཡང་ གྲོས་འཆམ་བྱུང་མི་ ཐབས་ཤེས་ཐོག་ལས་ ཕྱིར་བཏོན་འབད་ནི་ཚུ་ ཞི་བདེ་སྒྲིང་སྒྲིང་དང་ ཡུན་བརྟན་གྱི་ གོམ་ཐེངས་དང་པ་ཨིན་པས། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

World News

ཡུ་ཨེཛ་གི་ སྲིད་འཛིན་ཊམ་ལུ་ འཛམ་གླིང་ཞི་བདེའི་རྟགས་མ་ འཐོབ་ནི་གི་འོས་འབབ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཏ་ཡེ་ཝཱན་གྱི་སྲིད་འཛིན་ ལའི་ཆིང་ཏེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་ སྲིད་འཛིན་ཊམ་གྱིས་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ ཏ་ཡེ་ཝཱན་ལུ་ དབང་ཤུགས་བཙོང་ནི་མེདཔ་ བཟོ་ཚུགས་པ་ཅིན་ འཛམ་གླིང་ཞི་བདེའི་རྟགས་མ་དེ་ སྲིད་འཛིན་ཊམ་ལུ་ འཐོབ་དགོཔ་འདུག་ཟེར་ཨིན་པས། དེ་ཡང་ ཡུ་ཨེཛ་དང་ ཏ་ཡེ་ཝཱན་ ༢ ཀྱི་བར་ན་ ལུགས་མཐུན་གྱི་ མཐུན་ལམ་མེད་རུང་ ད་ཚུན་གྱི་བར་ན་ ཡུ་ཨེཛ་རྒྱལ་ཁབ་དེ་ ཏ་ཡེ་ཝཱན་ལུ་ རྒྱབ་སྐྱོར་འབད་མི་ གལ་ཆེ་ཤོས་ཅིག་སྦེ་གནས་ནུག། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

World News

མི་ཡཱན་མར་ལུ་ དྲག་པོའི་དམག་སྡེ་གིས་ མི་སེར་ ༤༠ ལྷགཔ་ཅིག་དམར་བསད།

ཨེ་བི་སི། མི་ཡཱན་མར་ལུ་ མི་སེར་ཚུ་ དུས་སྟོན་ཅིག་ བརྩི་སྲུང་འབད་ནི་དང་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་འགྲེམ་སྟོན་གྱི་དོན་ལས་ སྤུངས་འཛོམས་འབད་སར་ དྲག་པོའི་དམག་སྡེ་གིས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ཆུང་ཀུ་ཚུ་བརྩིས་ཏེ་ མི་གྲངས་ ༤༠ ལྷགཔ་ཅིག་ དམར་བསད་དང་ ༨༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ མི་ཡཱན་མར་ ཅ་འོང་ཨུ་ཁྲོམ་ཁར་ ཐ་དིང་ཡུད་ཟེར་མི་ དུས་སྟོན་བརྩི་སྲུང་གི་དོན་ལས་ མི་སེར་བརྒྱ་ཕྲག་སྦེ་ སྤུངས་འཛོམས་འབད་སར་ དྲག་པོའི་དམག་སྡེ་གིས་ རྫས་བམ་ཚུ་ བཀོག་ཡོདཔ་ཨིན་པས། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

World News

ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ཧོངས་ལས་ དམག་འཐབ་འབད་མི་ རྒྱ་གར་གྱི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ ཨེན་ཌི་ཊི་ཝི་ གནས་ཚུལ་ཅིག་ནང་ ར་ཤི་ཡའི་ཧོངས་ལས་ དམག་འཐབ་འབད་མི་ རྒྱ་གར་གྱི་ མི་ཁུངས་ཨིན་པའི་ ཡིད་ཆེས་ཡོད་མི་ སྐྱེས་ལོ་ ༢༢ འབད་མི་ ཕོ་སྐྱེས་ཅིག་ ཡུ་ཀེ་རེན་གྱི་ དམག་མི་ཚུ་གིས་ འཛིན་བཟུང་འབད་ཡོདཔ་སྦེ་བཀོད་ནུག། དེ་ཡང་ ཡུ་ཀེ་རེན་གྱིས་ བརྡ་བརྒྱུད་ཚུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དེ་ རྒྱ་གར་གུ་ཇ་རཱཊ་གྱི་ ས་གནས་མོར་བཱི་ལུ་ གནས་སྡོད་འབད་མི་ མ་ཇོ་ཊི་ སཱ་ཧིལ་ མོ་ཧ་མཱད་ ཧུ་སེན་ཟེར་མི་དེ་ཨིནམ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ རྒྱ་གར་གྱི་ དབང་འཛིན་ཚུ་གིས་ བདེན་དཔྱད་ཀྱི་ ལཱ་ཚུ་འབད་དོ་ཟེར་ཨིན་པས། རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ གནད་དོན་དེ་གི་སྐོར་ལས་ བདེན་དཔྱད་ཚུ་འབད་བའི་བསྒང་ཡོད་རུང་ ཡུ་ཀེ་རེན་ལས་ གཞུང་འབྲེལ་གྱི་ བརྡ་ལན་ཅིག་ ག་ནི་ཡང་ མ་ཐོབ་ཟེར་བཀོད་ནུག། ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཧུ་སེན་ཟེར་མི་ ཕོ་སྐྱེས་དེ་ ར་ཤི་ཡ་ལུ་ གཙུག་ལག་སློབ་སྡེ་ཅིག་ནང་ ཤེས་ཡོན་ལྷབ་སྦྱང་གི་དོན་ལས་ འགྲུལ་བསྐྱོད་འབད་མི་ཅིག་ཨིན་རུང་ […]

World News

རྒྱ་གར་ལུ་ གློ་སྨན་མངར་ཁུ་འཐུང་པའི་ཤུལ་ལས་ ཨ་ལོ་དག་པ་ཅིག་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༩ པའི་ནང་ རྒྱ་གར་གྱི་མངའ་སྡེ་ མ་དེ་ཡ་པར་དེཤ་གི་ ཁྲོམ་ཆུང་ཅིག་ནང་ རྒྱུ་མཚན་མ་ཤེས་པར་ ཨ་ལོ་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ས་གནས་ཀྱི་ གསོ་བའི་ལས་བྱེདཔ་ཚུ་ འུར་འབྱེལ་འཐབ་དགོཔ་ བྱུང་ཡོདཔ་ཨིན་པས། དེ་ཡང་ སྐྱེས་ལོ་ ༡ ལས་ ༦ གི་བར་ན་འབད་མི་ ཨ་ལོ་ ༡༡ དེ་ཅིག་ སྤྱིར་བཏང་གློ་སྨན་ མངར་ཁུ་འཐུང་པའི་ཤུལ་ལས་ ཉིན་གྲངས་དག་པ་ཅིག་གི་ ནང་འཁོད་ལུ་ ཤི་རྐྱེན་བྱུང་ནུག། མ་གཞི་ འགོ་དཔོན་ཚུ་གིས་ བདེན་པ་མ་ཤེས་པའི་ཧེ་མར་ ཆུ་འཐུང་མི་ལས་ འགོ་བཙུགས་ཏེ་ བརྟག་དཔྱད་འབད་བའི་ཤུལ་ལུ་ མཁལ་རྡོག་མེདཔ་ཐལ་ཡོད་པའི་ ངོས་འཛིན་བྱུང་ནུག། གནད་དོན་དེ་ལུ་བརྟེན་ཏེ་ བདུན་ཕྲག་དག་པ་ཅིག་གི་ཤུལ་ལས་ ལྷོ་ཕྱོགས་ཁྲོམ་སྡེ་ ཅེན་ནའི་ལུ་ མངའ་སྡེའི་བརྟག་དཔྱད་ཁང་གིས་ གློ་སྨན་མང་རཆུའི་ནང་ དུག་རྫས་ཌའི་ཐི་ལིན་ གེ་ལི་ཀཱོལ་ཟེར་མི་ བརྒྱ་ཆ་ ༤༨.༦ ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨིན་ཌོ་ནེ་ཤི་ཡ་ལུ་ སློབ་གྲྭའི་སྒྲིང་ཁྱིམ་ཅིག་ རམ་འགྱོ་མིའི་ནང་ ཤི་རྐྱེན་གྱི་གྱངས་ཁ་ ༥༤ ལུ་ཡང་སེང་།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ ཨིན་ཌོ་ནེ་ཤི་ཡའི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིན་ཌོ་ནེ་ཤི་ཡ་ལུ་ སློབ་གྲྭ་ཅིག་གི་ སྒྲིང་ཁྱིམ་རམ་འགྱོ་མི་ལུ་བརྟེན་ཏེ་ ཤི་རྐྱེན་གྱི་གྱངས་ཁ་དེ་ མི་གྲངས་ ༥༤ ལུ་ ཡར་སེང་སོང་ཡོདཔ་མ་ཚད་ ད་རུང་ཡང་ ལེ་ཤ་ཅིག་ར་ མ་ཚང་པར་ཡོདཔ་ལས་ སྲོག་སྐྱབས་འབད་མི་ཚུ་གིས་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབད་དོ་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ ཤར་ཕྱོགས་ཇ་བ་ལུ་ཡོད་མི་ ཨཱལ་ཁོ་ཟི་ནི་ ཨིཛ་ལཱ་མིག་ ལྟོ་ཐོབ་སློབ་གྲྭའི་ནང་ སློབ་ཕྲུག་བརྒྱ་ལས་བཅད་དེ་ ཁ་ཐུན་བཏང་སྡོད་པའི་བར་ན་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་ སློབ་གྲྭའི་སྒྲིང་ཁྱིམ་དེ་ རམ་སོང་ཡོདཔ་སྦེ་བཀོད་ནུག། ཨིན་ཌོ་ནེ་ཤི་ཡའི་ རྐྱེན་ངན་འཛིན་སྐྱོང་ལས་སྡེ་གིས་ དུས་ཅི་ རྒྱལ་ཁབ་ནང་ དེ་བཟུམ་མའི་ རྐྱེན་ངན་བྱུང་མི་དེ་ མཐོ་ཤོས་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས། ཞིབ་དཔྱོདཔ་ཚུ་གིས་ ད་ལྟོའི་བར་ན་ཡང་ སློབ་གྲྭའི་སྒྲིང་ཁྱིམ་དེ་ རམ་འགྱོ་བའི་ རྒྱུ་རྐྱེན་ཚུ་ བལྟ་དོ་ཡོདཔ་ད་ འགོ་དཔོན་ལ་ལུ་ཅིག་གིས་ ཐོག་ཚད་ ༢ […]

World News

ཕི་ལི་པིན་ རྒྱལ་ཁབ་ནང་ ས་ཡོམ་རྐྱབ་ཡོདཔ་ལས་ མི་གྲངས་ ༦༩ ལུ་ ཤི་རྐྱེན་དང་ ༡༠ དེ་ཅིག་ལུ་རྨ་སྐྱོན།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༣༠ གི་ཕྱི་རོ་ ཕི་ལི་པིན་གྱི་ དབུས་ཕྱོགས་ལུ་ ས་ཡོམ་ཤུགས་ཚད་ མེག་ནེ་ཅཱུཌ་ ༦.༩ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༦༩ ལུ་  ཤི་རྐྱེན་དང་ ༡༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡ གི་དྲོ་པར་ སེ་བུ་མངའ་སྡེའི་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་ཡོམ་དེ་གིས་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ནུབ་མོར་ཁྲོམ་ལམ་བདའ་སྟེ་ སྡོད་དགོཔ་བྱུང་ཡི་ཟེར་ཨིན་པས། དེ་མ་ཚད་ གློག་མེ་དང་ ཆུ་བཀྲམ་སྤེལ་ཚུ་ལུ་ཡང་ གནོད་སྐྱོན་བྱུང་ཡོདཔ་ད་ ས་ཡོམ་དེ་ཡང་ རྒྱལ་ཁབ་ནང་ རླུང་འཚུབ་ཀྱིས་ མི་གྲངས་ ༡༢ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ བདུན་ཕྲག་ ༡ ལྷགཔ་ཅིག་གི་ཤུལ་ལས་ར་ རྐྱབ་ཡོདཔ་སྦེ་བཀོད་ནུག། གནོད་སྐྱོན་དེ་ མང་ཤོས་ཅིག་ར་ ཕི་ལི་པིན་གྱི་ དབུས་ཕྱོགས་ལུ་ཡོད་མི་ ཝི་ས་ཡཛ་ […]

World News

ཨིན་ཌོ་ནེ་ཤི་ཡ་ལུ་ སློབ་གྲྭའི་སྒྲིང་ཁྱིམ་ཅིག་ རམ་ཡར་སོངཔ་ལས་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ ༩༩ དེ་ཅིག་ལུ་རྨ་སྐྱོན།

བི་བི་སི། ཉེན་སྐྱོབ་འབད་མི་ཚུ་གིས་ ཨིན་ཌོ་ནེ་ཤི་ཡའི་ ཤར་ཕྱོགས་ཇ་བ་ལུ་ སློབ་གྲྭའི་སྒྲིང་ཁྱིམ་ཅིག་ རམ་འགྱོ་མི་ ས་རུག་རྡོ་རུག་གི་འོག་ལས་ སློབ་ཕྲུག་ཚུ་དང་ ལས་བྱེདཔ་ལེ་ཤ་ཅིག་ སྲོག་སྐྱབས་འབད་ནུག། དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༣༠ ལུ་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ནང་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ ༩༩ དེ་ཅིག་ སྨན་ཁང་ནང་ བསྐྱལ་ཡོད་མིའི་གྲས་ལས་ ལ་ལུ་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ཤི་རྐྱེན་གྱི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས། ཤར་ཕྱོགས་ཇ་བ་ཁྲོམ་སྡེ་ སི་ཌོ་ཨར་ཇོ་ལུ་ཡོད་མི་ ཨཱལ་ཁོ་ཟི་ནི་ ཨིཛ་ལ་མིག་ ལྟོ་ཐོབ་སློབ་གྲྭའི་འོག་ལུ་ བུཚ་ན་ཆུང་ ༣༨ དེ་ཅིག་ བཀག་བཞག་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ སློབ་གྲྭའི་སྒྲིང་ཁྱིམ་དེ་ རམ་འགྱོ་བའི་སྐབས་ལུ་ སློབ་ཕྲུག་ཚུ་ ཁ་ཐུན་བཏང་ནིའི་དོན་ལས་ འཛོམས་ཏེ་ཡོདཔ་ཨིན་མས། རྐྱེན་ངན་དེ་ཡང་ ཐོག་ཚད་ […]

World News

ནེ་པཱལ་གྱི་ བློན་ཆེན་བགྲེསཔ་དང་ ཆེ་མཐོའི་འགོ་དཔོན་ཚུ་ འགྲུལ་བསྐྱོད་བཀག་དམ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ ནེ་པཱལ་གྱི་ ནང་སྲིད་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ བློན་ཆེན་གྱི་ གོ་གནས་ལས་ ཕྱིར་བཏོན་འབད་མི་ ཀེ་པི་ཤར་མ་ ཨོ་ལི་དང་ ཆེ་མཐོའི་འགོ་དཔོན་ ༤ ཕན་ཚུན་འགྲུལ་བསྐྱོད་འབད་ནི་ལས་ བཀག་དམ་འབད་ཡི་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ ནེ་པཱལ་རྒྱལ་ཁབ་ནང་ མི་སྡེ་བརྡ་བརྒྱུད་བཀག་དམ་དང་ དཔལ་འབྱོར་གྱི་དཀའ་ངལ་ དེ་ལས་ ངན་ལྷད་ཚུ་གི་སྐོར་ལས་ ན་གཞོན་ཚུ་གིས་ འགོ་འཁྲིད་འབད་དེ་ ངོ་རྒོལ་འབད་མི་ཚུ་ རྒྱལ་ཁབ་ནང་འཁོད་ལུ་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ ཁོང་ཁྲོ་ཅན་ཅིག་ལུ་གྱུར་ནུག། དེ་བསྒང་ ཉིན་གྲངས་ ༢ ཀྱི་ དྲག་རྒོལ་སྐབས་ལུ་ མི་གྲངས་ ༧༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྤྱི་ཚོགས་དང་ གཞུང་གི་ཡིག་ཚང་ཚུ་ཡང་ མེ་བཏང་སྟེ་ སྲིད་གཞུང་ཡང་ ཧྲམ་བཏང་ཡོདཔ་ཨིན་པས། དེ་ལས་ གཞན་ཡང་ ནང་སྲིད་བློན་པོ་བགྲེསཔ་ ར་མེཤ་ལེ་ཁག་དང་ རྒྱལ་ཡོངས་ཞིབ་དཔྱད་སྲུང་སྐྱོབ་ལས་ཁུངས་ཀྱི་ […]

World News

ནེ་པཱལ་རྒྱལ་ཁབ་ནང་ ངོ་རྒོལ་འགོ་ཁྲིདཔ་ གུ་རུང་གིས་ ཤུལ་མའི་བཙག་འཐུའི་ནང་ བཅའ་མར་གཏོགས་ནི།

ཨཱལ་ཇ་ཟི་ར།འཕྲལ་ཁམས་ཅིག་ཁར་ ནེ་པཱལ་རྒྱལ་ཁབ་ནང་ ན་གཞོན་ཚུ་གིས་ ངོ་རྒོལ་འབད་དེ་ ཉིན་གྲངས་དག་པ་ཅིག་གི་ ནང་འཁོད་ལུ་ར་ གཞུང་ཆ་མེད་བཏང་མི་ འགོ་ཁྲིདཔ་གིས་ སང་ཕོད་ སྤྱི་ཟླ་ ༣ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ཨིན་པའི་ གསལ་བསྒྲགས་འབད་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ ན་གཞོན་འགོ་ཁྲིདཔ་ སུ་དཱན་གུ་རུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གི་སྡེ་ཚན་གྱིས་ རྒྱལ་ཁབ་ནང་འཁོད་ལུ་ རྒྱབ་སྐྱོར་པ་ཚུ་ བསྡུ་སྒྲིག་འབད་དེ་ སྔར་སྲོལ་གྱི་ སྲིད་དོན་ཚོགས་པ་ བསྒྱུར་བཅོས་ཀྱི་དོན་ལུ་ ལས་ཚོགས་ཅིག་ བཟོ་སྟེ་ཡོད་ཟེར་ཨིན་པས།སྐྱེས་ལོ་ ༣༦ འབད་མི་ གུ་རུང་གིས་ ནེ་པཱལ་ལུ་ ཇེན་ཟི་ཟེར་མི་ ན་གཞོན་ཚོགས་པ་ འགོ་ཁྲིད་འབད་དེ་ ངོ་རྒོལ་ཐོག་ལས་ སྲིད་གཞུང་ཆ་མེད་བཏང་པ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ ཡོངས་གྲགས་ཐོན་ནུག།གུ་རུང་གིས་ རང་འདོད་ཅན་དང་ ངན་ལྷད་ཅན་གྱི་ ཧེ་མའི་ སྲིད་ཚོགས་ཀྱི་གཞུང་དེ་ ཆ་མེད་བཏང་ཡོདཔ་ལས་ ཤུལ་མའི་བཙག་འཐུའི་ནང་ ང་བཅས་ཀྱིས་ བཅའ་མར་གཏོགས་ནི་སྦེ་ ཐག་བཅད་ཅི་ཟེར་ བཤད་ཡོདཔ་ཨིན་པས།ངན་ལྷད་ཅན་གྱི་ སྲིད་གཞུང་དེ་ […]

Online now: 24 Today: 1208 Total visitors: 11238