ArchiveAboutContact

Category: World News

World News

བང་ལ་དེཤ་གི་ ཁྲིམས་རྩོདཔ་ཚུ་གིས་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་གནང་དགོ་པའི་ཞུ་བ།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ བང་ལ་དེཤ་གི་ ཁྲིམས་རྩོདཔ་ཚུ་གིས་ ན་ཧིང་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འགོ་འདྲེན་འཐབ་སྟེ་ དབང་ཚད་ལས་ བཏོན་བཏང་མི་ བློན་ཆེན་བགྲེསཔ་ ཤེག་ཧ་སི་ན་ལུ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་དགོ་པའི་ ཞུ་བ་འབད་ནུག། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་གནང་དགོཔ་ད་ བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ནང་ འབྲེལ་བ་འཐབ་གནང་།

World News

རྒྱ་གར་གྱིས་ ར་ཤི་ཡ་ལས་ ས་སྣུམ་ཉོ་འདྲེན་ མཚམས་འཇོག་འབད་ནི་ལུ་ངོས་ལེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་ལུ་ དམག་འཁྲུག་མཇུག་བསྡུ་ནིའི་དོན་ལས་ ཡུ་ཨེཛ་གིས་ ཀེ་རིམ་ལིན་ལུ་ དཔལ་འབྱོར་གྱི་ གནོན་ཤུགས་བྱིན་ནིའི་དོན་ལས་ རྒྱ་གར་གྱི་བློན་ཆེན་ མོ་དི་གིས་ ར་ཤི་ཡའི་ ས་སྣུམ་ཉོ་འདྲེན་དེ་ བཀག་ཆ་འབད་ནི་ལུ་ ངོས་ལེན་འབད་ཡི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ བདུན་རིམ་བཞིན་དུ་ གློག་རིག་སྒྲིག་བཀོད་ (PDF) འདི་ རྒྱུན་མངག་མཛད་དེ་གཟིགས་གནང་།

World News

ཨིན་ཌོ་ནེ་ཤི་ཡར་ མར་ཁུ་འབག་མི་གྲུ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༠ ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ ཨིན་ཌོ་ནེ་ཤི་ཡའི་ རི་ཡའུ་མཚོ་གླིང་མངའ་སྡེའི་ནང་ མར་ཁུ་འབག་མི་གྲུ་ཅིག་ ཉམས་བཅོས་འབད་བའི་སྐབས་ལུ་ མེ་རྐྱེན་བྱུང་སྟེ་ མི་ ༡༠ ལུ་ ཤི་རྐྱེན་དང་ ༡༨ ལུ་ རྨ་སྐྱོན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་ཚུ་ བདུན་རིམ་བཞིན་དུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་གཟིགས་གནང་།

World News

པཱ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ ས་མཚམས་ཁར་ འཛིང་འཁྲུག་ལང་མི་ལུ་བརྟེན་ཏེ་ མི་ལེ་ཤ་ཅིག་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ མཐའ་ཟུར་ས་མཚམས་ཀྱི་ ས་ཁོངས་ཅིག་ནང་ པཱ་ཀིཛ་ཏཱན་དང་ ཨཕ་གྷ་ནིཛ་ཏཱན་གྱི་ དམག་སྡེའི་བར་ན་ འཛིང་འཁྲུག་ལང་མི་ལུ་བརྟེན་ཏེ་ མཐུན་ཕྱོགས་རྒྱལ་ཁབ་ ༢ དགྲ་བྱང་ཕྱད་ལུ་ གྱུར་ཡོདཔ་ཨིན་པས། དེ་ཡང་ ཨཕ་གྷ་ནིཛ་ཏཱན་གྱི་ ཤར་ལྷོ་རྫོང་ཁག་ སི་པིན་བཱོལ་ཌགདང་ པཱ་ཀིཛ་ཏཱན་གྱི་ ཅ་མཱན་རྫོང་ཁག་ནང་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་ཡོད་པའི་ ཉེས་འཛུགས་བཀལ་ཏེ་ འཛིང་འཁྲུག་ལང་ནུག་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

World News

འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྡེ་ཚན་ཅིག་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྡེ་ཚན་ཅིག་ ཡུ་ཀེ་རེན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ རུ་ཁག་དང་གཅིག་ཁར་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ གནོད་འཚུབ་བཀལ་ཡོད་རུང་ སྨན་བཅོས་ཀྱི་ མཁོ་ཆས་ཚུ་ བི་ལོ་ཟར་ཀ་ ཁྲོམ་སྡེའི་ནང་ བསྐྱལ་ཚུགས་ནུག། དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ནང་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ སྣུམ་འཁོར་ཊཱག་ ༢ ལུ་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་འབདཝ་ལས་ མི་སྡེའི་ལས་བྱེདཔ་ཚུ་ལུ་ དེ་བཟུམ་མའི་ གནོདཔ་བཀལ་ནི་དེ་ མཇུག་བསྡུ་དགོ་པའི་ བསྐུལ་མ་འབད་ཡོདཔ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

World News

བང་ལ་དེཤ་ལུ་ བགོ་ལའི་བཟོ་གྲྭ་འཕྲུལ་ཁང་ཅིག་ནང་ མེ་རྐྱེན་སྦོམ་ཅིག་ བྱུང་ཡོདཔ་ལས་ མི་གྲངས་ ༡༦ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བང་ལ་དེཤ་ལུ་ བགོ་ལའི་བཟོ་གྲྭ་འཕྲུལ་ཁང་ཅིག་ནང་ མེ་རྐྱེན་སྦོམ་ཅིག་ བྱུང་ཡོདཔ་ལས་ མི་གྲངས་ ༡༦ ལུ་ ཤི་རྐྱེན་བྱུང་མི་ཚུ་ག་ར་ མེ་གིས་འཚིགས་ཡོདཔ་ལས་ ངོས་འཛིན་འབད་མ་ཚུགས་པར་ཡོད་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་དེ བཀའ་དྲིན་བསྐྱང་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ ཞུ་ནི་ཨིན་ལགས།

World News

ལྷོ་ཨཕ་རི་ཀའི་ འཁོར་ལམ་བདའ་སྟེ་ ཟིམ་བཱ་ཝི་དང་ མ་ལཱ་ཝིའི་ མི་ཁུངས་ ༤༢ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ དབང་འཛིན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཨཕ་རི་ཀའི་ འཁོར་ལམ་བདའ་སྟེ་ ཟིམ་བཱ་ཝི་དང་ མ་ལཱ་ཝིའི་ མི་ཁུངས་འབག་མི་ སྣུམ་འཁོར་བཱཛ་ཅིག་ མགོ་མཇུག་སློག་སྟེ་ ཡར་སོངཔ་ལས་ མི་གྲངས་ ༤༢ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྣུམ་འཁོར་བཱཛ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ཀྱི་ནུབ་མོར་ ལྷོ་ཨཕ་རི་ཀ་ ལིམ་པོ་པོ་མངའ་སྡེའི་ གངས་རིའི་ས་ཁོངས་བདའ་སྟེ་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ བྱུང་ཡོདཔ་སྦེ་བཀོད་ནུག། ལྷོ་ཨཕ་རི་ཀའི་སྲིད་འཛིན་ སི་རིལ་ར་མ་ཕོ་ས་གིས་ ཨ་ལོ་ ༧ བརྩིས་ཏེ་ ཉེ་འདབས་ཀྱི་ ཁྱིམ་ཚང་རྒྱལ་ཁབ་ ཟིམ་བཱ་ཝི་དང་ མ་ལཱ་ཝིའི་ མི་ཁུངས་མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ མྱ་ངན་གྱི་ སེམས་གསོ་མཛད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

ཨཱཛ་ཊེ་ལི་ཡར་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ མི་ ༣ ལུ་ཤི་རྐྱེན།

རོའི་ཊརཛ།སྤྱི་ཟླ་ ༡༠ པའི་ཚེས་ ༡༡ གི་དྲོ་པར་ ཨཱཛ་ཊེ་ལི་ཡའི་མངའ་སྡེ་ ནིའུ་ས་འུཊ་ཝེལཛ་གི་ གནམ་ཐང་ཅིག་ནང་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུ་དེ་ནང་གི་ མི་ ༣ ལུ་ ཤི་རྐྱེན་བྱུང་ནུག། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

World News

པཱ་ཀིཛ་ཏཱན་ལུ་ རྫས་བམ་འགས་ཏེ ཁྲིམས་སྲུང་འགག་པ་ ༦ དང་ དབང་བཙོངཔ་ ༣ ལུ་ཤི་རྐྱེན།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ དྲག་ཐོག་དབང་བཙོངཔ་ཚུ་གིས་ པཱ་ཀིཛ་ཏཱན་གྱི་ ནུབ་བྱང་མངའ་སྡེ་ ཁེ་བར་པག་ཏཱུན་ཁ་ཝ་ལུ་ ཁྲིམས་སྲུང་འགག་སྡེའི་སློབ་གྲྭར་ རང་སྲོག་བཅད་ཐོག་ལས་ རྫས་བམ་འགས་བཅུག་མིའི་ནང་ ཁྲིམས་སྲུང་འགག་པ་ ༦ དང་ དབང་བཙོངཔ་ ༣ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

World News

རྒྱ་ནག་གིས་ སའི་ནང་ལས་ཐོན་མི་ རྒྱུ་ཆས་དཀོན་དྲགས་ཚུ་ ཕྱིར་ཚོང་འཐབ་ནི་གི་ ཁྲིམས་ལུགས་དམ་དྲགས།

བི་བི་སི། རྒྱ་ནག་གིས་ དེང་རབས་ཀྱི་ འཕྲུལ་རིག་ཐོན་སྐྱེད་ ལེ་ཤ་ཅིག་ བཟོ་བསྐྲུན་འབད་ནི་ལུ་ ཁག་ཆེ་བའི་ ས་ནང་གི་ རྒྱུ་ཆས་དཀོན་དྲགས་ཚུ་ ཕྱིར་ཚོང་འཐབ་ནི་གི་ ཁྲིམས་ལུགས་དམ་དྲགས་སྦེ་ བཟོ་ཡོདཔ་ཨིན་པས།སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ རྒྱ་ནག་གི་ ཚོང་འབྲེལ་ལྷན་ཁག་ལས་ གསལ་བསྒྲགས་འབད་མི་ སྒྲིག་གཞི་གསརཔ་ཚུ་གིས་ འཕྲུལ་རིག་བཟོ་བཏོན་དང་ གནང་བ་མེད་པའི་ ཕྱིའི་མཉམ་འབྲེལ་ཚུ་དང་ ད་ལྟོ་ཡོད་མི་ བཅའ་ཡིག་ཚུ་ ཚུལ་མཐུན་བཟོ་ནུག། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

Online now: 13 Today: 1115 Total visitors: 11145