ArchiveAboutContact

Category: World News

World News

ཀེ་ནི་ཡའི་ སློབ་གྲྭ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ སློབ་ཕྲུག་ ༡༦ ལུ་ ཤི་རྐྱེན་བྱུང་ཡོདཔ།

བི་བི་སི། ཀེ་ནི་ཡའི་རྒྱལ་ས་ ནའི་རོ་བི་ལས་ ནུབ་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༡༢༠ དེ་ཅིག་གི་ས་ཁར་ གིལ་གིལ་ལུ་ཡོད་མི་ གནས་སྤྱོད་སློབ་གྲྭ་ཅིག་ནང་ མེ་རྐྱེན་བྱུང་སྟེ་ སློབ་ཕྲུག་ ༡༦ ལུ་ ཤི་རྐྱེན་དང་ ༧༤ ལུ་ རྨ་སྐྱོན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨིཛ་རེལ་གྱིས་ ལེ་བཱ་ནཱོན་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མའི་ནང་ མི་གྲངས་ ༡༢ དེ་ཅིག་ལུ་ཤི་རྐྱེན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༢༦ ལུ་ ལེ་བཱ་ནཱོན་ གསོ་བའི་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ཤར་ཕྱོགས་ལེ་བཱ་ནཱོན་ལུ་ བེ་ཀ་ལུང་གཤོང་གི་ གཡུས་ཚན་མཱཤ་གྷ་ར་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༢ དེ་ཅིག་ དམར་བསད་དང་ ༡༥ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

པ་ཀིཛ་ཏཱན་གྱི་ རེལ་ལི་ཅིག་ལུ་ དམིགས་གཏད་སྐྱེད་དེ་ རྫས་བམ་འགས་བཅུག་ཡོདཔ་ལས་ མི་གྲངས་ ༢༤ ལུ་ ཤི་རྐྱེན་དང་ ༧༠ ལུ་རྨ་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ པ་ཀིཛ་ཏཱན་གྱི་ དམག་མི་ཚུ་ སྐྱེལ་འདྲེན་འབད་མི་ རེལ་ལི་ཅིག་ལུ་ དམིགས་གཏད་སྐྱེད་དེ་ རང་སྲོག་བཅད་ཐོག་ལུ་ སྣུམ་འཁོར་ཀར་ཅིག་གི་ནང་ལས་ རྫས་བམ་ཅིག་ འགས་བཅུག་ཡོདཔ་ལས་ མི་གྲངས་ ༢༤ དེ་ཅིག་ལུ་ ཤི་རྐྱེན་དང་ ༧༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་བསྒང་ རེལ་ལི་དེ་ ནུབ་བཱ་ལོ་ཅིཛ་ཏཱན་ མངའ་སྡེའི་རྒྱལ་ས་ ཀ་ཡེ་ཊ་ལུ་ཡོད་མི་ ཅ་མཱན་ཕ་ཊག་ འབབ་ཚུགས་བརྒྱུད་དེ་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ འགས་རྐྱེན་དེ་ བྱུང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨིཛ་རེལ་གྱིས་ ལེ་བཱ་ནཱོན་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ མཁའ་དམག་ཐོག་ལས་ སི་རི་ཡའི་ ས་མཚམས་ཉེ་འདབས་དང་ ལྷོ་ཕྱོགས་ལེ་བཱ་ནཱོན་གྱི་ གཡུས་ཚན་ལེ་ཤ་ཅིག་ལུ་ དམིགས་གཏད་སྐྱེད་དེ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་སེར་ ༡༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

འཛམ་གླིང་དངུལ་ཁང་གིས་ རྒྱལ་ཁབ་ ༢༧ ལུ་ དཀའ་ངལ་ཚབས་ཆེན་གྱི་ མ་དངུལ་གོ་སྐབས་ ངེས་གཏན་བཟོ་ཐབས།

རོའི་ཊརཛ། ཨི་རཱན་ལུ་ ཕྱད་མདའ་ལང་པའི་ཤུལ་ལས་ འཛམ་གླིང་ནང་གི་ རྒྱལ་ཁབ་ ༢༧ གྱིས་ འཛམ་གླིང་དངུལ་ཁང་གི་ ད་ཡོད་ལས་རིམ་ཚུ་བརྒྱུད་དེ་ དངུལ་ཁང་དེ་ནང་ལས་ མ་དངུལ་མགྱོགས་དྲགས་སྦེ་ འཐོབ་ཚུགས་པའི་ དཀའ་ངལ་ཚབས་ཆེན་གྱི་ ཐབས་ལམ་ཚུ་ སྒྲིག་དོ་ཡོདཔ་སྦེ་ཨིན་པས། དེ་ཡང་ འཛམ་གླིང་དངུལ་ཁང་གི་ ཡིག་ཆས་ཚུ་དང་འཁྲིལཝ་ད་ སྤྱི་ཟླ་ ༢ པའི་ཚེས་ ༢༨ ལུ་ དམག་འཁྲུག་འགོ་བཙུགས་པའི་ཤུལ་ལས་ འཛམ་གླིང་ཤར་དབུས་ལུ་ རྒྱལ་ཁབ་ ༣ གྱིས་ དེ་བཟུམ་མའི་ ཐབས་ལམ་གསརཔ་ཚུ་ལུ་ གནང་བ་གྲོལ་ཡོདཔ་ལས་ རྒྱལ་ཁབ་གཞན་མི་ཚུ་གིས་ཡང་ ཐབས་ལམ་གྱི་བྱ་སྒོ་ཚུ་ མཇུག་བསྡུ་ཐབས་འབདཝ་ཨིནམ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་ནག་ལུ་ རྡོ་སོལ་གཏེར་ཁ་ཅིག་ནང་ རྫས་རླངས་འགས་ཏེ་ ལས་མི་ ༩༠ ལུ་ཤི་རྐྱེན།

རོའི་ཊརཛ།སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ རྒྱ་ནག་གི་ གཞུང་འབྲེལ་བརྡ་བརྒྱུད་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱང་ཕྱོགས་རྒྱ་ནག་གི་ ཤེན་ཛི་མངའ་སྡེའི་ རྡོ་སོལ་གཏེར་ཁ་ཅིག་ནང་ རྫས་རླངས་འགས་པའི་སྟབས་ཀྱིས་ ལས་མི་ ༩༠ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༡༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་པ་ཅིན་ ལོ་ངོ་ ༡ གི་དོན་ལུ་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཨེཛ་གི་ སྲིད་འཛིན་མཆོག་གིས་ པོ་ལེན་ལུ་ དམག་མི་ཧེང་སྐལ་ ༥,༠༠༠ གཏང་ནི་ཨིན་པའི་གསལ་བསྒྲགས།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ པོ་ལེན་ལུ་ དམག་མི་ཧེང་སྐལ་ ༥,༠༠༠ གཏང་ནི་ཨིནམ་སྦེ་ གསུངས་ཡོདཔ་ད་ དེ་ཡང་ པེན་ཊ་གཱོན་ལུ་ དམག་མི་ ༤,༠༠༠ གཏང་ནི་གི་ འཆར་གཞི་ཡོད་མི་དེ་ ཆ་མེད་བཏང་པའི་ བདུན་ཕྲག་ ༡ གི་ཤུལ་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་པ་ཅིན་ ལོ་ངོ་ ༡ གི་དོན་ལུ་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་མཆོག་ ལོག་བྱོན་ལོང་མེད་པར་ ར་ཤི་ཡའི་ སྲིད་འཛིན་པུ་ཊིན་མཆོག་ རྒྱ་ནག་ལུ་བྱོན་ཡོདཔ།

སི་ཨེན་ཨེན། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊམ་མཆོག་ རྒྱ་ནག་ལུ་ གསུང་གྲོས་གནང་པར་བྱོན་ཏེ་ ལོག་བྱོན་པའི་ བདུན་ཕྲག་ ༡ གི་ ནང་འཁོད་ལུ་ར་ ར་ཤི་ཡའི་སྲིད་འཛིན་ པུ་ཊིན་མཆོག་ རྒྱ་ནག་ལུ་ བྱོན་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་པ་ཅིན་ ལོ་ངོ་ ༡ གི་དོན་ལུ་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ལེ་བཱ་ནཱོན་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༩ དམར་བསད།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ལྷོ་ཕྱོགས་ལེ་བཱ་ནཱོན་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༩ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཌེ་ཡེར་ཀ་ནོ་འཱུན་ཁྲོམ་སྡེའི་ སྡོད་ཁྱིམ་ཅིག་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ ཨ་ལོ་ ༣ དང་ ཨམ་སྲུ་ ༣ རྩིས་ཏེ་ མི་གྲངས་ ༡༠ ལུ་ ཤི་རྐྱེན་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་པ་ཅིན་ ལོ་ངོ་ ༡ གི་དོན་ལུ་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཨེཛ་གིས་ ཨི་རཱན་དང་གཅིག་ཁར་ ཕྱད་མདའ་དེ་ གནས་སྐབས་ཅིག་ཆ་མེད།

བི་བི་སི། ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༥ པའི་ཚེས་ ༡༨ ལུ་ ཨི་རཱན་དང་གཅིག་ཁར་ ཕྱད་མདའ་རྐྱབ་ནི་གི་ འཆར་གཞི་ཡོད་མི་དེ་ གཱལཕ་རྒྱལ་ཁབ་ཚུ་གིས་ ཞུ་བ་འབད་མི་དང་འཁྲིལ་ཏེ་ བདེ་སྒྲིག་འབད་ནིའི་དོན་ལས་ བཀག་ཆ་འབད་ཡི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་པ་ཅིན་ ལོ་ངོ་ ༡ གི་དོན་ལུ་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 16 Today: 1168 Total visitors: 8388