ArchiveAboutContact

Category: World News

World News

འཛམ་གླིང་འདི་ཁར་ སྤྱི་ཟླ་ ༧ པའི་ནང་ དྲོད་ཤུགས་ཀྱི་ ཚད་གཞི་མཐོ་དྲགས།

བི་བི་སི། ཚན་རིག་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ དུས་ཅི་ ཚ་དྲོད་ཆེ་བའི་ནང་ལས་ཡང་ སྤྱི་ཟླ་ ༧ པའི་ནང་ དྲོད་ཤུགས་དེ་ ཚད་གཞི་མཐོ་དྲགས་གུ་ གནས་ཡོདཔ་སྦེ་ཨིན་པས།འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུག་ཆེན་ ཨེན་ཊོ་ནི་ཡོ་ གུ་ཊེ་རེཛ་གིས་ འཛམ་བུ་གླིང་འདི་ དྲོད་ཤུགས་འཁོལ་བའི་ བསྐལ་པའི་ནང་ འཛུལ་དོ་ཟེར་ བཤད་ཡོདཔ་ད་ ཚན་རིག་པ་ཚུ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཚ་དྲོད་ཀྱི་ གནས་སྟངས་འདི་ ས་སྣུམ་གྱི་རིགས་ ལག་ལེན་འཐབ་མི་དང་ འབྲེལ་བ་འདུག་ཟེར་ཨིན་པས།མཁས་མཆོག་ལ་ལོ་ཅིག་གིས་ འདས་པའི་ལོ་ངོ་ ༡༢༠,༠༠༠ གི་ ནང་འཁོད་ལུ་ དྲོད་ཤུགས་མཐོ་ཤོས་ར་ དུས་ཅི་གི་ སྤྱི་ཟླ་ ༧ པའི་ནང་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ སའི་བེ་རི་ཡ་ལུ་ ཐུང་རྐྱེན་བྱུང་མིའི་ནང་ མི་ ༦ ལུ་ ཤི་རྐྱེན་དང་ ༧ ལུ་རྨ་སྐྱོན།

ཨེ་བི་སི།སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ ར་ཤི་ཡའི་ས་གནས་ སའི་བེ་རི་ཡ་ཟེར་སར་ གནམ་གྲུ་ཧེ་ལི་ཀོབ་ཊར་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་མཁའ་འགྲུལཔ་ ༦ ལུ་ ཤི་རྐྱེན་དང་ ༧ ལུ་ རྨ་སྐྱོན་བྱུང་ནུག།གནམ་གྲུ་དེ་ སའི་བེ་རི་ཡའི་ ལྷོ་ཕྱོགས་ལུ་ ས་ཁར་ཆགས་པའི་སྐབས་ གློག་ཐག་ཅིག་གུ་ཐོགས་ཏེ་ མེ་འབར་ཡོདཔ་ད་ སྒེར་གྱི་གནམ་གྲུ་ ཧེ་ལི་ཀོབ་ཊར་དེ་ནང་ ལྟ་བཤལཔ་ ༡༢ དང་ གནམ་གྲུའི་ལས་བྱེདཔ་ ༣ ཡོདཔ་སྦེ་ བཤདཔ་ཨིན་པས།གནམ་གྲུ་དེ་ སྤྱི་ལོ་ ༡༩༦༠ རེ་གྲངས་ལུ་ བཟོ་བསྐྲུན་འབད་མི་ འཕྲུལ་ཆས་གཉིས་ལྡན་གྱི་ གནམ་གྲུ་ཨིནམ་ད་ གནམ་གྲུ་དེ་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་མི་ ར་ཤི་ཡ་དང་ ཉེ་འདབས་ཀྱི་ རྒྱལ་ཁབ་ཚུ་ནང་ དེ་བཟུམ་མའི་ གནམ་གྲུ་ཐུག་རྐྱེན་དེ་ ལེ་ཤ་ཅིག་ར་ འབྱུང་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

མ་ཡཱན་མར་ལུ་ ཨམ་ཨང་སཱན་སུ་ཀི་དེ་ བཙོན་ཁང་ནང་ལས་ གནས་སྤོ་སྟེ་ སྡོད་ཁྱིམ་ཅིག་ནང་ འཛིན་བཟུང་ཐོག་ལུ་བཞག་ཡོདཔ།

བི་བི་སི། མ་ཡཱན་མར་ལུ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ དྲག་པོའི་དམག་སྡེ་གིས་ གཞུང་སྐྱོང་ནང་ལས་ ཕྱིར་བཏོན་འབད་དེ་ བཙོན་ཁང་ནང་བཞག་མི་ ཞི་བའི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ ད་རེས་ནངས་པར་ གནས་སྤོ་ཐོག་ལས་ གཞུང་གི་སྡོད་ཁྱིམ་ཅིག་ནང་ འཛིན་བཟུང་ཐོག་ལུ་ཡོདཔ་ཨིན་པས།དེ་ཡང་ ནེ་པི་ཏའོ་ཟེར་སར་ གཞུང་གི་སྒྲིང་ཁྱིམ་ཅིག་ནང་ ཁྱིད་ཡོདཔ་ད་ ད་ཚུན་གྱི་བར་ན་ བཙོན་ཁང་ནང་ མོ་རང་རྐྱངམ་གཅིག་སྦེ་ མི་ག་དང་ཡང་ ཕྱད་མ་བཅུག་པར་བཞག་ནུག།སྐྱེས་ལོ་ ༧༨ འབད་མི་ ཨམ་ཨང་སཱན་སུ་ཀི་ལུ་ དྲག་པོའི་དམག་སྡེ་གིས་ གསང་བའི་ཐོག་ལས་ རྩོད་བཤེར་ལག་ལེན་འཐབ་སྟེ་ ལོ་ངོ་ ༣༣ གྱི་ བཙོན་ཁྲིམས་བཀལ་ཏེ་ཡོདཔ་ཨིན་པས།མོ་གི་སྐོར་ལས་ ལོ་ངོ་ ༢ ལྷགཔ་ཅིག་གི་ དུས་ཡུན་ནང་ གནས་ཚུལ་ག་ནི་ཡང་ མ་ཐོན་པར་ཡོདཔ་ད་ ད་རེས་ བཙོན་ཁང་ནང་ལས་ གནས་སྤོའི་སྐོར་ལས་ཡང་ མ་ཡཱན་མར་དམག་སྡེའི་ ཁ་ཐུག་ལས་ ག་ནི་ཡང་ བཤད་མ་བཏུབ་ཨིན་པས།ཨིན་རུང་ དམངས་གཙོའི་རིང་ལུགས་ཀྱི་ ལམ་ལུགས་ལྟར་དུ་ གདམ་འཐུ་ལས་གྲུབ་པའི་འགོ་ཁྲིདཔ་ ཨམ་ཨང་སཱན་སུ་ཀི་དེ་ བཙོན་ཁྲིམས་ལས་ གློད་གྲོལ་བཏང་དགོ་པའི་ ནན་སྐུལ་དང་བསྟུན་ཏེ་ […]

gyalchi
World News

མི་རིགས་དང་འབྲེལ་བའི་ འཐབ་འཛིང་ལུ་བརྟེན་ཏེ་ རྒྱ་གར་གཞུང་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ནི།

རོའི་ཊརཛ། རྒྱ་གར་བྱང་ཕྱོགས་ཀྱི་ མངའ་སྡེ་ཅིག་ནང་ མི་རིགས་དང་འབྲེལ་བའི་ འཐབ་འཛིང་ཚུ་ ཐོན་ཏེ་ཡོད་མི་དེ་ འཇོམས་ཐབས་འབད་བཅུག་ནིའི་དོན་ལས་ ལྡོག་ཕྱོགས་སྲིད་ཚོགས་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ སྤྱི་ཚོགས་ནང་ བློན་ཆེན་མོ་དིའི་གཞུང་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཆོག་པའི་ གནང་བ་གྲོལ་ནུག།ཨིན་རུང་ བློན་ཆེན་མོ་དིའི་སྲིད་ཚོགས་ བྷ་ར་ཏི་ཡ་ཇཱན་ཏ་གིས་ ཚོགས་ཁང་འོག་མའི་ནང་ སྡོད་ཁྲི་ ༥༤༢ འབད་ས་ལས་ ༣༠༡ འཆང་སྟེ་ཡོད་པ་ལུ་བརྟེན་ཏེ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་དེ་གིས་ མོ་དི་གཞུང་གི་ བརྟན་གཞི་ལུ་ ཁྱད་པར་མི་བཟོ་ནི་ཨིན་པས།ལྡོག་ཕྱོགས་ཀྱིས་ བྷ་ར་ཏི་ཡ་ཇཱན་ཏ་ སྲིད་ཚོགས་ཀྱིས་ དབང་ཚད་བཟུང་སྟེ་ཡོད་མི་ མཐའ་ཟུར་མངའ་སྡེ་ མ་ནི་པུར་ལུ་ གནོད་འཚེ་བྱུང་སྟེ་ མི་གྲངས་ ༡༣༠ དེ་ཅིག་ལུ་ ཤི་རྐྱེན་དང་ སྤྱི་ཟླ་ ༥ པའི་ ཟླ་འགོ་ལས་ཚུར་ མི་གྲངས་ ༦༠,༠༠༠ དེ་ཅིག་ལུ་ སྡོད་ས་བྱང་ཡོད་མི་ཚུ་གི་སྐོར་ལས་ རྩོད་འགྲན་ཅིག་ འགོ་འདྲེན་འཐབ་དགོཔ་སྦེ་བཤད་ནུག།གནད་དོན་དེ་ལུ་ ཆ་གནས་ཐོག་ལས་ ཚོགས་ཁང་འོག་མའི་ཚོགས་དཔོན་ ཨོམ་བིར་ལ་གིས་ རྩོད་འགྲན་དང་ ཚོགས་རྒྱན་བཙུགས་ནི་ཚུ་ ལག་ལེན་འཐབ་ནི་གི་ དུས་ཚོད་དེ་ མགྱོགས་པ་ར་ […]

gyalchi
World News

མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ རྒྱལ་ཁབ་ནང་ ལོག་འོང་ནི་ལུ་གྲ་སྒྲིག།

ཨེ་བི་སི། མཐའ་ཡས་ལེན་ལུ་ བློན་ཆེན་གྱི་ གོ་གནས་འཆང་མི་ ངོས་འཛིན་འབད་ནི་ལུ་ དཀའ་ངལ་ཐོན་ཏེ་ཡོད་པའི་བར་ན་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་དེ་ ཁོ་རང་གིས་ བྲོས་ཟུར་ཐོག་ལུ་ སྡོད་ས་ལས་ ལོག་འོང་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ ཁོ་རའི་བུམོ་ པེ་ཏོང་ཊཱན་གྱིས་ བཤད་ཡོདཔ་ཨིན་པས།དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཁོ་རའི་བཙས་སྟོན་ ༧༤ པའི་ཉིན་མར་ ལོག་འོང་དོ་ཟེར་ཨིནམ་ད་ སྲིད་དོན་ནང་ ཁོ་ལུ་འཕུལ་ཤུགས་ཡོད་མི་ ཕིའུ་ཐའེ་སྲིད་ཚོགས་ཀྱིས་ སྤྱི་ཚོགས་ནང་ སྡོད་ཁྲིའི་དོན་ལས་ བརྩོན་ཤུགས་བསྐྱེད་དེ་ བསྐུལ་བསྒྲགས་འབདཝ་ཨིན་པས།སྤྱི་ཟླ་འདི་གི་ ཟླ་འགོ་ལུ་ མུབ་ཕོར་ཝཱཌ་ སྲིད་ཚོགས་ལས་ བློན་ཆེན་གྱི་ གོ་གནས་དོན་ལུ་ འདེམས་ངོ་བཏོན་ཡོད་རུང་ དྲག་པོའི་སྲིད་གཞུང་གིས་ བསྐོ་བཞག་འབད་དེ་ཡོད་མི་ ཁྲིམས་བཟོ་ཚོགས་ཁང་གིས་ བཀག་ཆ་འབད་ནུག།ཐག་སིན་གྱིས་ སྤྱི་ལོ་ ༢༠༠༡ ལུ་ བློན་ཆེན་གྱི་ གོ་གནས་འཆང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༠༥ ལུ་ཡང་ ལོག་སྟེ་ར་ བློན་ཆེན་འབད་ཡོད་རུང་ སྤྱི་ལོ་ ༢༠༠༦ ལུ་ […]

gyalchi
World News

ཌཆ་མཚོ་མཐའི་ སྦོ་ལོགས་ཁར་ སྣུམ་འཁོར་ ༣,༠༠༠ འབག་མི་ གྲུ་ཆེན་ཅིག་ལུ་མེ་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ ཌཆ་མཚོ་མཐའི་ སྦོ་ལོགས་ཁར་ སྣུམ་འཁོར་ ༣,༠༠༠ འབག་མི་ གྲུ་ཆེན་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ གྲུ་ཆེན་གྱི་ལས་བྱེདཔ་ ༡ ལུ་ ཤི་རྐྱེན་དང་ གཞན་མི་དག་པ་ཅིག་ལུ་ རྨ་སྐྱོན་བྱུང་ནུག།དེ་ཡང་ རིང་ཚད་མི་ཊར་ ༡༩༩ འབད་མི་ གྲུ་ཆེན་དེ་ ཇར་མ་ནི་ལས་ ཨི་ཇིབ་ལུ་ འགྲུལ་སྐྱོད་འབད་བའི་ལམ་ཁར་ མེ་རྐྱེན་བྱང་སྟེ་ གྲུ་ཆེན་གྱི་ ལས་བྱེདཔ་དག་པ་ཅིག་གིས་ གྲུ་ཆེན་གྱི་ ཕྱི་ཁར་མཆོངས་ཡོདཔ་ད་ གྲུ་ཆེན་དེ་ནང་གི་ ལས་བྱེདཔ་ཚུ་ག་ར་ རྒྱ་གར་གྱི་ མི་ཁུངས་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས། .མེ་དེ་ གནམ་མེད་ས་མེད་ཤུགས་སྦེ་ འབར་དོ་ཡོདཔ་ལས་ བསད་ཚུགས་ཚུགས་ལུ་ ད་རུང་ཡང་ ཉིན་གྲངས་དག་པ་ཅིག་ འགོར་ནི་བཟུམ་ཅིག་ཡོདཔ་ད་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ནའི་སྐོར་ལས་ ཤེས་མ་ཚུགསཔ་ཨིན་པས།ཨིན་རུང་ གྲུ་ཆེན་དེ་ནང་ གློག་འཕྲུལ་སྣུམ་འཁོར་ཚུ་ཡོདཔ་ལས་ འཕྲལ་འཕྲལ་ར་ གློག་འཕྲུལ་སྣུམ་འཁོར་གྱི་ འཕྲུལ་ལྟོ་ནང་ལས་ མེ་རླུང་ཐོན་ཏེ་ མེ་འབར་ནི་གི་ ཉེན་ཁ་ཚུ་ཡོད་ཟེར་ཨིནམ་ད་ […]

gyalchi
World News

རྒྱ་གར་གྱིས་ ནང་འཁོད་ཚོང་ལམ་ བྱ་སྟབས་བདེ་ཐབས་ལུ་ ཆུམ་ཕྱིར་ཚོང་བཀག་དམ།

སི་ཨེན་ཨེན། རྒྱ་གར་གྱིས་ བཱཛ་མ་ཏི་མིན་པའི་ ཆུམ་གྱི་རིགས་ཚུ་ ཕྱིར་བཙོང་འཐབ་ནི་ལས་ བཀག་དམ་འབད་ཡོདཔ་ད་ དེ་ཡང་ རྒྱ་གར་གཞུང་གིས་ སྤྱི་ཟླ་ ༧ པའི་ཚེས་ ༢༠ ལས་ བཀག་དམ་འབད་ནུག།ཆུམ་ཕྱིར་ཚོང་འཐབ་མི་ ལས་སྡེ་ ༤ གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཌོ་ལར་ཐེར་འབུམ་ ༡.༤ དེ་ཅིག་གནས་མི་ ཆུམ་ཕྱིར་ཚོང་གི་ གན་རྒྱ་ཚུ་ ཆ་མེད་གཏང་དགོཔ་ འབྱུང་ནི་མས་ཟེར་ཨིན་པས།རྒྱ་གར་ལས་ ཟླཝ་རེའི་ནང་ བཱཛ་མ་ཏི་མིན་པའི་ ཆུམ་གྱི་རིགས་ མེ་ཊིག་ཊཱོན་ ༥༠༠,༠༠༠ དེ་རེ་ ཕྱིར་ཚོང་འཐབ་མི་དེ་ འཛམ་གླིང་ནང་ ཆུམ་ཕྱིར་ཚོང་བསྡོམས་ལས་ བརྒྱ་ཆ་ ༤༠ དེ་ཅིག་ཨིནམ་ད་ རྒྱ་གར་གཞུང་གིས་ ཆུམ་ཕྱིར་ཚོང་བཀག་དམ་འབད་མི་དེ་ཡང་ ཁོང་རའི་རྒྱལ་ཁབ་ཀྱི་ ནང་འཁོད་ཚོང་ལམ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ཐབས་ལུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེའི་སྤྱི་ཚོགས་ཀྱི་ བར་སྐབས་ཚོགས་རྒྱན་ནང་ལས་ རི་ཤི་སུ་ནག་གི་ སྲིད་དོན་ཚོགས་པ་ལུ་ རྒྱབ་སྐྱོར་མར་ཉམས།

སི་ཨེན་ཨེན། སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ ཡུ་ཀེའི་སྤྱི་ཚོགས་ཀྱི་ བར་སྐབས་ཚོགས་རྒྱན་ཁག་ ༢ ཀྱི་ནང་ལས་ རི་ཤི་སུ་ནག་གི་ སྲིད་དོན་ཚོགས་པ་ ཀཱན་སར་བེ་ཊིབ་ཀྱིས་ རྒྱལ་ཁ་ཐོབ་པའི་ རེ་བ་བསྐྱེད་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རྒྱབ་སྐྱོར་མེད་པར་ ཕམ་སོངཔ་ཨིན་པས།དེ་ཡང་ བྱང་ཕྱོགས་ཨིང་ལེན་གྱི་ ལུང་ཕྱོགས་སེལ་བི་དང་ ཨེནཛ་ཊི་ལུ་ ལེ་བཱར་སྲིད་ཚོགས་ཀྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ སོ་མར་ཊཱོན་དང་ ཕོ་རོམ་ལུང་ཕྱོགས་ནང་ ལི་བཱ་རཱལ་ ཌེ་མོ་ཀེ་རེ་ཊིག་ སྲིད་ཚོགས་ཀྱིས་ རྒྱལ་ཁ་ཐོབ་ནུག།ཨཱཀཛ་བི་རིཇ་དང་ ལྷོ་རུའི་སི་ལིབ་ལུ་ བློན་ཆེན་བགྲེསཔ་ བོ་རིཛ་ཇཱོན་སཱན་གྱི་ ངོ་སྐབས་ལུ་ མི་སེར་ཚུ་གིས་ ཀཱན་སར་བེ་ཊིབ་ སྲིད་ཚོགས་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ ད་རེས་ ལེ་བར་སྲིད་ཚོགས་ཀྱི་ ཁ་ཐུག་ལུ་ ཕྱོགས་ལྷུང་མང་སུ་ཡོད་པ་ལུ་བརྟེན་ཏེ་ ཚོགས་རྒྱན་ནང་ལས་ རི་ཤི་སུ་ནག་གི་ སྲིད་ཚོགས་དེ་ ཨང་ ༣ པ་ ཐོན་ཡོདཔ་ཨིན་པས།ད་རེས་ བར་སྐབས་ཚོགས་རྒྱན་གྱི་ གྲུབ་འབྲས་དང་འཁྲིལ་བ་ཅིན་ སང་ཕོད་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ རི་ཤི་སུ་ནག་གི་ སྲིད་དོན་ཚོགས་པ་གིས་ […]

gyalchi
World News

རྒྱ་གར་མ་ཧ་རཤ་ཏ་ར་ མངའ་སྡེའི་ནང་ ས་རུད་ཐོན་སར་ མི་གྲངས་ ༨༦ འཚོལ་ཞིབ་ཀྱི་ལཱ་ཚུ་ ལོག་སྟེ་ར་ འགོ་བཙུགས་ཡོདཔ།

ཨེན་ཌི་ཊི་ཝི། རྒྱ་གར་གྱི་མངའ་སྡེ་ མ་ཧ་རཤ་ཏ་རའི་ རྫོང་ཁག་རའི་གཱཌ་གི་ས་གནས་ ཨིར་ཤཱལ་ཝ་དི་ལུ་ ཆུ་རུད་སྦོམ་ཅིག་ ཐོན་མིའི་ནང་ སྡོད་ཁྱིམ་དག་པ་ཅིག་ར་ ས་འོག་ལུ་ཨེབ་སྟེ་ མི་གྲངས་ ༢༢ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ འཚོལ་ཞིབ་ཀྱི་ལཱ་ཚུ་ ལོག་སྟེ་ར་ འགོ་བཙུགས་ནུག།ས་རུད་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ སྤོ་ཏོག་ཅིག་གི་ གད་པ་གུ་ གཞིས་ཆགས་ཏེ་ཡོད་སར་ ཐོན་ཡོདཔ་ད་ གཡུས་ཚན་དེ་ནང་ མི་རློབས་ ༢༢༨ ཡོད་མི་ལས་ མི་རོ་ ༡༦ དང་ མི་ངོམ་ ༩༣ འཚོལ་ཐོབ་ཡོདཔ་ཨིན་པས།ཨིན་རུང་ གཡུས་ཚད་དེ་ནང་ལས་ གཉེན་སྦྱོར་གྱི་ རྟེན་འབྲེལ་དང་ བྱཱ་ལཱ་ཚུ་དང་འབྲེལ་ཏེ་ ཕྱི་ཁར་འགྱོ་མི་ མི་གྲངས་ ༨༦ འཚོལ་བའི་བསྒང་ཡོདཔ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་ ༥༠ དེ་ཅིག་ཡོད་ས་ལས་ ༡༧ ལུ་ ས་རུད་ཀྱིས་ […]

gyalchi
World News

རྒྱ་གར་གྱི་ མངོན་མཐོ་ཁྲིམས་འདུན་ལས་ ཀོང་གེ་རེཛ་ཚོགས་པའི་ འགོ་ཁྲིདཔ་གི་ མ་འོངས་པའི་ སྲིད་འབྲེལ་ལས་དོན་གྱི་གྲོས་ཆོད།

བི་བི་སི། རྒྱ་གར་གྱི་ མངོན་མཐོ་ཁྲིམས་འདུན་ལས་ རྒྱ་གར་གྱི་ ལྡོག་ཕྱོགས་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་གིས་ ཁ་ཉེས་བཀལ་མི་ལུ་ ཉེས་ཁྲིམས་བཀལ་མི་དེ་ ཕར་འགྱངས་འབད་དགོ་པའི་ མཐོ་གཏུགས་ཞུ་མི་དང་འབྲེལ་ཏེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།དེ་ཡང་ ཁྲིམས་འདུན་ལས་ རྩོད་རྩ་བི་ཇེ་པི་སྲིད་ཚོགས་ཀྱི་ པུར་ནེཤ་མོ་དི་ལུ་ ཤུལ་མའི་སྙན་གསན་དེ་ སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ མཛད་ནི་ཨིན་པའི་ བཀའ་རྒྱ་གནང་ཡོདཔ་ད་ ར་ཧཱུལ་གཱན་དྷི་གིས་ བཙག་འཐུ་ཚུ་ནང་ གྲལ་གཏོགས་འབད་ཆོག་དང་མི་ཆོག་དེ་ ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ རག་ལས་ནི་ཨིན་པས།སྤྱི་ཟླ་འདི་གི་ ཟླ་འགོ་ལུ་ གུ་ཇ་རཱཏ་མངའ་སྡེའི་ ཁྲིམས་འདུན་ཅིག་གིས་ ར་ཧཱུལ་གཱན་དྷི་ལུ་ བཀལ་ཡོད་མི་ ཉེས་ཁྲིམས་དེ་ དྲང་བདེན་དང་ འབབ་ལྟོས་ཅན་ཡོདཔ་སྦེ་ ཁོ་གི་མཐོ་གཏུགས་དེ་ ཕྱིར་འབུད་འབད་ནུག།ར་ཧཱུལ་གཱན་དྷི་གིས་ བསྐུལ་བསྒྲགས་སྐབས་ལུ་ བློན་ཇོན་ན་རེན་དར་ མོ་དིའི་མིང་གི་སྐོར་ལས་ བརྙས་བཅོས་འབད་མི་ལུ་ ལོ་ངོ་ ༢ ཀྱི་ བཙོན་ཁྲིམས་སྨིན་ཡོད་རུང་ ཁྲིམས་རྩོད་ཀྱི་ བྱ་སྒོ་ཡོངས་རྫོགས་ མ་འགྲུབ་ཚུན་ འཛིན་བཟུང་འབདཝ་ཨིན་པས།ཨིན་རུང་ ར་ཧཱུལ་གཱན་དྷི་ལུ་ བཙོན་ཁྲིམས་སྨིན་པའི་ཤུལ་ལས་ སྤྱི་ཚོགས་ཀྱི་ འཐུས་མིའི་གོ་གནས་ཁར་ སྡོད་མ་ཆོགཔ་སྦེ་ […]

gyalchi
Online now: 25 Today: 2052 Total visitors: 12082