ArchiveAboutContact

Category: Special News

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་གནང་ནི་གི་ ལས་འགུལ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་ཡོདཔ།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ དཀྱིལ་འཁོར་རྡོ་རྗེ་འཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་གནང་སར་ ཧེ་མ་ལས་ མི་སེར་ལེ་ཤ་ཅིག་ སྤུངས་འཛོམས་འབད་དེ་ཡོད་པའི་གུ་ རང་ཟླ་ ༥ པའི་ཚེས་ ༡༠ སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་ཁྱད་པར་ཅན་ལུ་ གཞུང་གི་ངལ་གསོ་ཨིནམ་ལས་ ཨ་རྟག་དང་མ་འདྲ་བའི་ མི་སེར་ཁྲི་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ནུག། དེ་འབཝད་ལས་ ཀུན་གསལ་ཕོ་བྲང་དེ་ སྨོན་ལམ་དང་ དད་དམ་ རེ་འདུན་རྒྱ་མཚོ་འཁྱིལ་བའི་ ས་གོ་བྱིན་ལྡན་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཚེ་དྲོ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་གནང་ནི་གི་ ལས་འགུལ་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་གནང་ཡོདཔ་ཨིན་པས། དེ་ཡང་ ཀུན་གསལ་ཕོ་བྲང་ལུ་ བཀའ་དབང་དང་ བཀའ་ཁྲིད་གནང་ནི་དང་ སྤྲེལ་ཟླ་ཚེས་བཅུ་ཟུང་འབྲེལ་གྱི་ དུས་སྐབས་ནང་ དེ་བཟུམ་མའི་ རྒྱབ་སྐྱོར་གནང་མི་དེ་ ག་ནི་བ་ཡང་ རྟེན་འབྲེལ་ཁྱད་པར་ཅན་ཅིག་ཨིན་པའི་ ཐུགས་བཞེད་གནང་ནུག། བྱང་ཆུབ་མཆོད་རྟེན་ ༡༠༨ […]

Special News

མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་གནང་ནིའི་དོན་ལུ་ བསྔོ་སྨོན་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ བྱང་ཆུབ་མཆོད་རྟེན་ ༡༠༨ བཞེངས་གནང་ནིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐུ་སྒེར་གྱི་ མཐའ་དོན་ལུ་ མ་གཟིགས་པར་ དགེ་ལེགས་ཕུག་ དྲན་ཤེས་ཁྲམ་ཚོགས་ཀྱི་དོན་ལུ་ ཐུགས་བརྩོན་ཐོག་ལས་ ཕུགས་གཟིགས་ཅན་གྱི་ ཕྱག་ལཱ་བཟང་པོ་གནང་མི་ལུ་ གུས་བཏུད་ཀྱི་དོན་ལས་ བྱིན་ལྡན་མཆོད་རྟེན་ཅིག་ལུ་ བསྔོ་སྨོན་གནང་ནུག།   དེ་མ་ཚད་ མཆོད་རྟེན་དེ་ གོང་ས་ཨྱོན་དབང་ཕྱུག་མཆོག་ལས་ དབུ་བཟུང་སྟེ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གི་རྒྱལ་སྲས་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་ སྐུ་ཚ་བོ་མི་དབང་མངའ་བདག་རིན་པོ་ཆེ་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ཚུན་གྱིས་ སྐུ་སྒེར་གྱི་ མཐའ་དོན་ལུ་ མ་གཟིགས་པར་ བསྒྲུབས་གནང་ཡོད་པའི་ འབྲུག་རྒྱལ་བརྒྱུད་རིང་ལུགས་ཀྱི་ ནོར་སྐལ་བཟང་པོའི་ ཤུལ་བཞག་ལུ་ གུས་ཞབས་གཏིང་ཟབ་ཀྱི་དོན་ལུ་ བསྔོ་སྨོན་གནང་ཡོདཔ་ཨིན་པས།  དེ་བཟུམ་སྦེ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ མཆོད་རྟེན་དེ་ རྒྱལ་ཡུམ་སྐུ་བགྲེས་རང་གི་ ཡབ་མེས་གོང་གཟིམ་ཨྱོན་རྡོ་རྗེ་དང་ ཡབ་ཡུམ་ གོང་གཟིམ་བསོད་ནམས་སྟོབས་རྒྱས་རྡོ་རྗེ་དང་ མ་ཡུམ་ཆོས་དབྱིངས་དབང་མོ་རྡོ་རྗེ་བཅས་ཀྱི་ ཐུགས་ལས་ཡོལ་བར་ཕངས་པའི་ རྗེས་དྲན་ལུ་ཡང་ བསྔོ་སྔོན་གནང་ཡོད་པའི་གནས་ཚུལ། […]

Special News

སྐྱབས་རྗེ་ཆེ་མཆོག་གིས་ ཐིམ་ཕུ་བཀྲ་ཤིས་རྫོང་གི་ མ་ཆེན་གཟིམ་དཔོན་ བསྐོ་བཞག་ཐོག་ལུ་ བཀྲ་ཤིས་ལེགས་དར།

རང་ཟླ་ ༥ པའི་ཚེས་ ༦ སྤྱི་ཟླ་ ༦ པའི་ཚེས་ ༢༠ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་སྦེ་ མཚམས་པ་ཐོས་པ་ལུ་ ཐིམ་ཕུ་བཀྲིས་རྫོང་གི་ མ་ཆེན་གཟིམ་དཔོན་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི།དེ་ཡང་ དབང་འདུས་རྫོང་ཁག་ རུས་པ་བྲག་ཕུག་ལས་ དགུང་ལོ་ ༥༢ བཞེས་མི་ མཚམས་པ་ཐོས་པ་གིས་ སྐུ་ན་ཆུང་ཀུ་ལས་ར་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ སློབ་སྦྱོང་གི་རིམ་པ་ཚུ་ བདེ་ཆེན་ཕོ་བྲང་སློབ་གྲྭ་ལས་ འགོ་བཙུགས་ནུག།དེ་ལས་ མདོ་སྡེ་བྲག་བཤད་གྲྭ་དང་ རྟ་མགོ་མཐོ་རིམ་བཤད་གྲྭ་ཚུ་ལས་ གཞུང་རིག་གནས་ཀྱི་ སློབ་སྦྱོང་ཚུ་ མཐར་ཕྱིན་ཏེ་ སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་དང་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་འཇིགས་མེད་ཆོས་གྲགས་ རྡོར་སློབ་བསོད་ནམས་རྒྱ་མཚོ་ཚུ་གི་ཞབས་ས་ལས་ ཕྱག་ཆེན་ཆོས་དྲུག་ལ་སོགས་པའི་ གདམས་ངག་ཡོངས་རྫོགས་ཞུ་སྟེ་ སྤྱི་གཞི་དགོན་པའི་ སྒྲུབ་སྡེ་དང་ ཤར་བདེ་ཆེན་ཆོས་གླིང་གི་ སྒྲུབ་སྡེའི་ནང་ ལོ་གསུམ་ཕྱོགས་གསུམ་ལན་ཐེངས་ ༣ གནང་ཡོདཔ་ཨིན་པས།དེ་གི་ཤུལ་ལས་ སྤྱི་གཞི་དགོན་པ་གསར་པའི་ སྒྲུབ་སྡེ་སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ ད་རེས་ཀྱི་ གོ་གནས་འདི་ མ་བཞེས་པའི་ཧེ་མ་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་སྲསམོ་གཤགས་མིའི་ སྤུར་སྦྱང་གི་དོན་ལས་ བེང་ཀོག་ལུ་ ཆིབས་བསྐྱོད་གནང་ཡོདཔ།

པདྨ་དབང་འདུས།སྤྱི་ཟླ་ ༦ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་སྲསམོ་ བཱཇ་ར་ཀི་ཏི་ཡ་བྷ་ ན་རེན་དི་ར་དེ་བི་ཡ་ཝ་ཏི་མཆོག་གི་ སྤུར་སྦྱང་དང་ མི་དབང་རྒྱལཔོ་ མཧཱ་བ་ཇི་ར་ལོང་ཀཱོན་མཆོག་གིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ལུ་ ཐུགས་གསོའི་དོན་ལས་ མཐའ་ཡས་ལེན་ལུ་ ཆིབས་བསྐྱོད་གནང་ནུག།དེ་ཡང་ མི་དབང་མངའ་ཞབས་མཆོག་དང་ མི་དབང་བཙུན་མཆོག་གིས་ བེང་ཀོག་ལུ་ ཕོ་བྲང་ཆེན་མོའི་ནང་ བི་མཱན་ར་ཏ་ཡ་ གསེར་ཁྲི་ཁང་བཟང་ནང་ སྤུར་སྦྱང་གི་ གསུང་ཆོག་གནས་སར་བྱོན་ཏེ་ མི་དབང་རྒྱལ་སྲསམོ་ ཞིང་གཤགས་ཀྱི་ སྐུ་ཕུང་གི་མདུན་ལུ་ མེ་ཏོག་གི་ ཕྲེང་བ་ཚུ་ ཕུལ་གནང་ཡོདཔ་ཨིན་པས།དེ་གི་ཤུལ་ལས་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མཐའ་ལེན་གྱི་ མི་དབང་རྒྱལཔོ་དང་ རྒྱལ་བཙུན་རྣམ་ ༢ ཀྱིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་དང་གཅིག་ཁར་ མི་དབང་རྒྱལ་སྲསམོ་ཞིང་གཤགས་ཀྱི་ སྐུ་ཚིགས་དང་པའི་ སྨོན་ལམ་ནང་ དབུ་བཞུགས་མཛད་གནང་ནུག།སྐུ་ཚིགས་དང་པ་ ས་ཏམ་བ་ར་ཟེར་མི་དེ་ མཐའ་ཡས་ལེན་གྱི་ རྒྱལ་འཛིན་ལམ་སྲོལ་དང་ ནང་པའི་ཆོས་ལུགས་དང་བསྟུན་ཏེ་ སྐུ་འཁོར་ནང་མི་ཅིག་ ཞིང་ལུ་ཕེབས་ཏེ་ སྐུ་ཞག་བདུན་ལངམ་ད་ ཞིང་ཕེབས་ཀྱི་དོན་ལུ་ ཚོགས་བསགས་སྒྲིབ་སྦྱོང་དང་ […]

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བཀའ་ཁྲིད་སྔོན་འགྲོའི་ གསུང་ཆོག་ནང་དབུ་བཞུགས།

རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཟབ་ཅིང་རྒྱ་ཆེ་བའི་ ཆོས་ཀྱི་སྙིང་པོ་ དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་གནང་ནི་གི་ སྔོན་འགྲོ་ལུ་ བྱིན་རླབས་ཀྱི་གཏེར་ཆེན་ མངོན་རྟོགས་ཀྱི་ གསུང་ཆོག་ནང་ དབུ་བཞུགས་མཛད་གནང་ཡི།དེ་སྦེ་ མངོན་རྟོགས་ཀྱི་ གསུང་ཆོག་གནང་པའི་ མཛད་སྒོའི་རྟེན་འབྲེལ་ནང་ གནམ་ཁ་ལུ་ འཇའ་མཚོན་སྣ་ལྔའི་ གུར་ཁྱིམ་སྤུབས་ནི་ལ་སོགས་པའི་ བྱིན་རླབས་ཅན་གྱི་ རྟགས་མཚན་བཟང་པོ་ ལེ་ཤ་ཅིག་ འགྲིགས་གནང་པའི་ སྐལ་བཟང་གི་ཉིནམ་འདི་ཁར་ ལོ་ཙཱ་བ་ཆེན་པོ་ བེེ་རོ་ཙ་ནའི་ཡང་སྲིད་ མཆོག་སྤྲུལ་རིན་པོ་ཆེ་དང་ གཞུང་གྲྭ་ཚང་གི་ བླ་སློབ་ལྷན་རྒྱས་ཚུ་གིས་གཙོས་པའི་ འཕགས་ཚོགས་དགེ་འདུན་འདུས་པ་ཚུ་ ལྷན་འཛོམས་གནང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ གཞུང་གི་བློན་ཆེན་གྱིས་གཙོས་པའི་ བློན་པོ་ལྷན་རྒྱས་ཚུ་དང་ གཞུང་གི་འགོ་དཔོན་ཚུ་གིས་མ་ཚད་པར་ དད་ལྡན་སེར་སྐྱ་ཕོ་མོ་ ཁྲི་ཕྲག་ལས་བཅད་མི་ཚུ་གིས་ཡང་ ཐིམ་ཕུ་ཀུན་གསལ་ཕོ་བྲང་གི་ ནང་རྟེན་གཙོ་བོ་ སྟོན་པ་ཐུགས་རྗེ་ཅན་གྱི་སྤྱན་སྔར་ དད་གུས་སྤྲོ་གསུམ་གྱི་སྒོ་ལས་ གྲལ་བཞུགས་མཛད་ཡོད་པའི་གནས་ཚུལ།

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་རྡོར་གདན་བཀྲ་ཤིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ སྤྱི་འཛིན་གསལ་བསྐོས་ལུ་ བཀྲ་ཤིས་ལེགས་དར།

མགོན་པོ་རྡོ་རྗེ།རང་ཟླ་ ༥ པའི་ཚེས་ ༣ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་ཟབ་མོ་གནང་ས་ ཀུན་གསལ་ཕོ་བྲང་ལུ་སྦེ་ མཁན་པོ་ནོར་བུ་རྒྱལ་མཚན་དེ་ ཐིམ་ཕུ་རྡོར་གདན་བཀྲ་ཤིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ སྤྱི་འཛིན་སྦེ་ བསྐོ་བཞག་ཐོག་ལུ་ བཀྲ་ཤིས་ལེགས་དར་ གནང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་གྱི་ ངོ་སྦྱོར་ལག་ཁྱེར་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སེམས་རྟོགས་ཁ་ རྒྱལ་ཡོངས་འཛིན་སྐྱོང་སྤེལ་ཁང་ནང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ འགོ་འདྲེན་འཐབ་མི་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་གྱི་ ངོ་སྦྱོར་ལག་ཁྱེར་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི། དེ་བསྒང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ཚུ་ལུ་ མི་དབང་མངའ་ཞབས་མཆོག་གིས་ དོ་འགྲན་ཅན་གྱི་ རྒྱལ་སྤྱིའི་གནས་སྐབས་ནང་ འབྲུག་གི་ཡོངས་ཁྱབ་ཅན་གྱི་ དམིགས་དོན་ཚུ་དང་ མ་འོངས་མི་རབས་ཚུ་ལུ་ ལོངས་སྤྱོད་དང་ ཉེན་སྲུང་ལྡན་པའི་ རྒྱལ་ཁབ་རྩིས་སྤྲོད་འབད་དགོ་པའི་སྐོར་ལས་ གསུང་བཤད་གནང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༥ པ་ མཇུག་སྡུད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

མགོན་པོ་རྡོ་རྗེ།རང་ཟླ་ ༥ པའི་ཚེས་ ༣ སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་ ༥ པ་ མཇུག་སྡུད་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ཡི། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་ཁྲིད་སྔོན་འགྲོའི་ མངོན་རྟོགས་ཀྱི་ གསུང་ཆོག་ནང་ དབུ་བཞུགས་མཛད་གནང་ཡོདཔ།

མགོན་པོ་རྡོ་རྗེ། རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཟབ་ཅིང་རྒྱ་ཆེ་བའི་ ཆོས་ཀྱི་སྙིང་པོ་ དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་ བཀའ་དབང་དང་ བཀའ་ཁྲིད་གནང་ནི་གི་ སྔོན་འགྲོ་ལུ་ བྱིན་རླབས་ཀྱི་གཏེར་ཆེན་ མངོན་རྟོགས་ཀྱི་ གསུང་ཆོག་ནང་ དབུ་བཞུགས་མཛད་གནང་ཡི། དེ་སྦེ་ མངོན་རྟོགས་ཀྱི་ གསུང་ཆོག་གནང་པའི་ མཛད་སྒོའི་རྟེན་འབྲེལ་ནང་ གནམ་ཁ་ལུ་ འཇའ་མཚོན་སྣ་ལྔའི་ གུར་ཁྱིམ་སྤུབས་ནི་ལ་སོགས་པའི་ བྱིན་རླབས་ཅན་གྱི་ རྟགས་མཚན་བཟང་པོ་ ལེ་ཤ་ཅིག་ འགྲིགས་གནང་པའི་ སྐལ་བཟང་གི་ཉིནམ་འདི་ཁར་ ལོ་ཙཱ་བ་ཆེན་པོ་ བེེ་རོ་ཙ་ནའི་ཡང་སྲིད་ མཆོག་སྤྲུལ་རིན་པོ་ཆེ་དང་ གཞུང་གྲྭ་ཚང་གི་ བླ་སློབ་ལྷན་རྒྱས་ཚུ་གིས་གཙོས་པའི་ འཕགས་ཚོགས་དགེ་འདུན་འདུས་པ་ཚུ་ ལྷན་འཛོམས་གནང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ གཞུང་བློན་ཆེན་གྱིས་གཙོས་པའི་ བློན་པོ་ལྷན་རྒྱས་ཚུ་དང་ གཞུང་གི་འགོ་དཔོན་ཚུ་གིས་མ་ཚད་པར་ དད་ལྡན་སེར་སྐྱ་ཕོ་མོ་ ཁྲི་ཕྲག་ལས་བཅད་མི་ཚུ་གིས་ཡང་ ཐིམ་ཕུ་ཀུན་གསལ་ཕོ་བྲང་གི་ ནང་རྟེན་གཙོ་བོ་ སྟོན་པ་ཐུགས་རྗེ་ཅན་གྱི་སྤྱན་སྔར་ དད་གུས་སྤྲོ་གསུམ་གྱི་སྒོ་ལས་ གྲལ་བཞུགས་མཛད་ཡོད་པའི་གནས་ཚུལ།

Special News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བཀའ་དབང་གནང་ནི།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རང་ཟླ་ ༤ པའི་ཚེས་ ༣༠ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་ ཟླ་ངོ་ ༡ ལྷགཔ་ཅིག་གི་རིང་ལུ་ དཀྱིལ་འཁོར་རྡོ་རྗེ་འཕྲེང་བའི་ བཀའ་དབང་དང་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་ཟབ་མོ་ཚུ་ གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས། དེ་ཡང་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ གནང་ནི་ཨིནམ་ད་ དུས་ཅི་ བཀའ་དབང་ཞུ་མི་ཚུ་ མི་ཟིལ་ཅིག་ཡང་ ཀུན་གསལ་ཕོ་བྲང་ལུ་ གུར་སྤུབས་ཏེ་ སྡོད་མ་ཆོགཔ་ལས་ སྟོན་པ་རྡོར་གདན་མའི་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡན་ཏོག་ཏོ་སྦེ་ བཞག་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས། དེ་བཟུམ་སྦེ་ བཀའ་དབང་ཞུ་མི་ཚུ་ སྐྱེལ་འདྲེན་གྱི་དོན་ལུ་ཡང་ ཉིན་ལྟར་བཞིན་དུ་ དྲོ་པའི་ཆུ་ཚོད་ ༥ ལས་ ༧ ཚུན་ ས་གནས་ཁག་སོ་སོ་ལས་ སྣུམ་འཁོར་བཱཛ་དང་ གླ་འཁོར་ཚུ་ བཙུགས་ནི་ཨིནམ་མ་ཚད་ བཀའ་དབང་འགྲོལ་བའི་ཤུལ་ལུ་ཡང་ དྲོ་པ་བཟུམ་སྦེ་ར་ སྣུམ་འཁོར་བཱཛ་དང་ གླ་འཁོར་ཚུ་གིས་ སྐྱེལ་འདྲེན་འབད་ནི་ཨིནམ་ལས་ སྒེར་འཁོར་ཚུ་ མ་པ་ལས་ར་ […]

Online now: 27 Today: 2646 Total visitors: 2646