ArchiveAboutContact

Category: National News

National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཀུ་ཝེཊ་གཞུང་ཚབ་ཀྱིས་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༢ པའི་ཚེས་ ༣ གྱི་དྲོ་པར་ འབྲུག་བཞུགས་ཀུ་ཝེཊ་གཞུང་ཚབ་ ཨ་དེལ་ཧུཛ་སིན་ ཨཱལ་ཇཛ་སམ་གྱིས་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས། འབྲུག་དང་ ཀུ་ཝེཊ་རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༡༩༨༣ ལུ་ ཀུ་ཝེཊ་རྒྱལ་ཁབ་ནང་ འབྲུག་གི་དོན་གཅོད་ཡོངས་ཁྱབ་ཡིག་ཚང་ སྒོ་ཕྱེ་མི་དང་འབྲེལ་ཏེ་ བྱུང་ཡོདཔ་ད་ དེ་ལས་ སྤྱི་ལོ་ ༡༩༨༦ ལུ་ ཀུ་ཝེཊ་གི་ཁྲོམ་སྡེར་ འབྲུག་གི་གཞུང་ཚབ་ཡིག་ཚང་ གཞི་བཙུགས་ཐོག་ལས་ ཡར་སེང་མཛད་ཡོདཔ་མ་ཚད་ ཐིམ་ཕུ་ལུ་ ཀུ་ཝེཊ་རྒྱལ་ཁབ་ཀྱི་ གཞུང་ཚབ་ཡིག་ཚང་དེ་ཡང་ སྤྱི་ལོ་ ༢༠༡༠ ལུ་ གཞི་བཙུགས་འབད་ནུག། དེ་ཡང་ རྒྱལ་ཁབ་ ༢ ཀྱི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གི་ ལམ་སྟོན་བཟང་པོའི་འོག་ལུ་ འབྲུག་དང་ ཀུ་ཝེཊ་གི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་དང་ མཛའ་བཤེས་མཐུན་ལམ་ཚུ་ ག་ནི་བ་ དམ་ཟབ་སྦེ་ཡོདཔ་ཨིན་པའི་གནས་ཚུལ།

National News

སྤྱི་ལོ་ ༢༠༢༣ ལོའི་ སློབ་རིམ་ ༡༠ པ་དང་ ༦ པའི་ གཞུང་གི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས།

སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༣ ལོའི་ སློབ་རིམ་ ༡༠ པ་དང་ སློབ་རིམ་ ༦ པའི་ གཞུང་གི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡི།དེ་ཡང་ སློབ་རིམ་ ༡༠ པའི་ གཞུང་གི་ཆོས་རྒྱུགས་ནང་ སྤུ་ན་ཁ་ ཨྱོན་རིག་པའི་འབྱུང་གནས་ སློབ་གྲྭའི་ནང་ལས་ གཡུ་སྒྲོན་ལྷ་སྐྱིད་འཚོ་མོ་གིས་ སྐུགས་ཚད་བརྒྱ་ཆ་ ༩༤ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ཐིམ་ཕུ་ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ སྣང་གསལ་ཆོས་སྐྱིད་ཀྱིས་ སྐུགས་ཚན་བརྒྱ་ཆ་ ༩༣.༤ ཐོབ་སྟེ་ ཨང་ ༢ པ་དང་ ཐིམ་ཕུ་བློ་གསལ་གླིང་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ སངས་རྒྱས་སྒྲོལ་མ་གིས་ བརྒྱ་ཆ་ ༩༣.༢ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།དེ་བཟུམ་སྦེ་ སློབ་རིབ་ ༡༠ པའི་ […]

National News

སྤྱི་ལོ་ ༢༠༢༣ ལུ་ རྒྱལ་ཁབ་ནང་ བལྟ་བཤལཔ་བསྡོམས་ ༡༠༠,༠༠༠ ལྷགཔ་ཅིག་ལྷོད་ཡོདཔ།

བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༢༣ ལུ་ སྔོན་དཔག་གི་ ཚད་གཞི་ལས་ལྷག་སྟེ་ བལྟ་བཤལཔ་ ༡༠༣,༠༠༠ དེ་ཅིག་ ལྷོད་མིའི་གྲས་ལས་ བརྒྱ་ཆ་ ༧༠ དེ་ཅིག་ ཡུན་བརྟན་གོང་འཕེལ་གྱི་འཐུས་ དངུལ་ཀྲམ་ ༡,༢༠༠ རེ་ སྤྲོད་ཐོག་ལས་ འོང་ཡོདཔ་ད་ དེ་གི་ལྷག་ལུས་ བརྒྱ་ཆ་ ༣༠ པོ་དེ་ རྒྱ་གར་ལས་ འོང་ཡོདཔ་ཨིན་པས།ལོ་དེ་ནང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེཛ་ཌོ་ལར་བསྡོམས་ ས་ཡ་ ༢༦ དེ་ཅིག་ བསྡུ་ལེན་འབད་མི་དེ་ ནད་ཡམས་མ་ཐོན་པའི་ སྔ་གོང་གི་ འོང་འབབ་ཚད་གཞི་ལས་ཡང་ ལྷག་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༡༩ ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཌོ་ལར་ས་ཡ་ ༢༥ དང་ སྤྱི་ལོ་ ༢༠༢༠ ལུ་ ཌོ་ལར་ས་ཡ་ ༣ སྤྱི་ལོ་ ༢༠༢༡ ལུ་ འོང་འབབ་ཀླད་ཀོར་ […]

National News

བོའི་ཨེཇ་མེ་ག་ཛིན་གྱི་ རྟགས་མའི་རྟེན་འབྲེལ་ནང་ལས་ འབྲུག་ལུ་ དམིགས་བསལ་བསྐྱོད་ཡུལ་གྱི་གཟེངས་རྟགས།

སྤྱི་ཟླ་ ༡ པའི་ཚེས་ ༣༡ ལུ་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ བརྩི་སྲུང་འབད་མི་ སྤྱི་ལོ་ ༢༠༢༣ ལོའི་ བོའི་ཨེཇ་མེ་ག་ཛིན་གྱི་ རྟགས་མའི་རྟེན་འབྲེལ་ནང་ འབྲུག་ལུ་ དམིགས་བསལ་བསྐྱོད་ཡུལ་གྱི་ གཟེངས་རྟགས་ཐོབ་ནུག།དེ་ཡང་ འགྲོ་འགྲུལ་དང་ མགྲོན་སྐྱོང་ འཚོ་བའི་གནས་སྟངས་ དེ་ལས་ བསྐྱོད་ཡུལ་ཚུ་ ཁྱད་དུ་འཕགས་པའི་ ངོས་ལེན་ལུ་ བྱིན་ཡོདཔ་ད་ ད་རེས་ ཟླ་ངོ་ ༡ གི་ ནང་འཁོད་ལུ་ར་ འབྲུག་གིས་ རྒྱ་ནག་ལས་ གཟེངས་རྟགས་ལན་ཐེངས་ ༢ ཐོབ་ཡོདཔ་ཨིན་པས།དུས་སྟོན་དེ་ནང་ ས་གནས་མ་འདྲ་བའི་ འགྲུལ་བསྐྱོད་ཀྱི་ གནས་སྟངས་དང་ སྐྱེན་ལྡན་བལྟ་བཤལ་ རང་བཞིན་གནས་སྟངས་བལྟ་བཤལ་ ཡུན་བརྟན་བལྟ་བཤལ་ལ་སོགས་པ་ཚུ་ཡང་ འགྲེམ་སྟོན་འབད་ཡོདཔ་ད་ རྒྱ་ནག་གི་ བལྟ་བཤལཔ་ཚུ་གི་དོན་ལས་ འབྲུག་རྒྱལ་ཁབ་འདི་ ཁྱད་ཆོས་དང་ལྡན་པའི་ཁ་ལུ་ སེམས་ཁར་འབབ་པའི་ བལྟ་བཤལ་གྱི་ བསྐྱོད་ཡུལ་ཅིག་སྦེ་ གཙོ་བོར་བཟུང་ནུག།སྤྱི་ལོ་ ༢༠༢༣ གྱི་ གཟེངས་རྟགས་ཀྱི་དོན་ལུ་ བལྟ་བཤལ་བཟོ་གྲྭའི་ མཁས་མཆོག་ཚུ་དང་ བརྡ་བརྒྱུད་ཀྱི་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ གནད་དོན་ལེ་ཤ་ཅིག་གི་ཐོག་ལུ་ བཀོད་ཁྱབ་བཀའ་རྒྱ་གནང་ཡོདཔ།

སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ མི་རྗེ་བློན་ཆེན་མཆོག་ ཡིག་ཚང་ནང་ འགོ་དང་པ་ འཛུལ་ཞུགས་མཛདཔ་དང་འབྲེལ་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་གཅིག་ཁར་ ཞལ་འཛོམ་འགོ་དང་པ་ འཚོགས་གནང་ཐོག་ལས་ ལྷན་ཁག་ཚུ་ལུ་ ལག་ལེན་འཕྲལ་མགྱོགས་ཀྱི་དོན་ལས་ བཀོད་ཁྱབ་བཀའ་རྒྱ་ཚུ་ བཏོན་གནང་ནུག།དེ་ཡང་ དང་པ་ར་ ཕུན་ཚོགས་གླིང་ལུ་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ མི་རེ་ལས་ དངུལ་ཀྲམ་ ༡༠ རེ་ བསྡུ་སྲོལ་ཡོད་མི་དེ་ དེ་འཕྲལ་ལས་ ཆ་མེད་བཏང་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་ གནང་ཡོདཔ་ཨིན་པས།གཉིས་པ་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ གཞི་བཙུགས་འབད་དེ་ ཟླཝ་ ༡ གི་ ནང་འཁོད་ལུ་ ཞལ་འཛོམས་དང་པ་ འཚོགས་ཞིནམ་ལས་ གཞུང་ལུ་ སྙན་ཞུ་འབད་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་གནང་ནུག།གསུམ་པ་ དངུལ་ཀྲམ་ཐེར་འབུམ་ ༡༥ གི་ དཔལ་འབྱོར་ལྷན་ཐབས་ཀྱི་ ལག་ལེན་འཆར་གཞི་ བརྩམ་ནིའི་དོན་ལས་ ཆེ་མཐོའི་གནས་རིམ་གྱི་ ལས་བྱེད་སྡེ་ཚན་ཅིག་ གཞི་བཙུགས་འབད་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ […]

National News

རྒྱ་གར་གཞུང་གི་ ཕྱི་འབྲེལ་དྲུང་ཆེན་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ཡོདཔ།

སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ བློན་ཆེན་གྱི་ ཡིག་ཚང་ནང་སྦེ་ རྒྱ་གར་གཞུང་གི་ ཕྱི་འབྲེལ་དྲུང་ཆེན་ ཝི་ནེ་མོ་ཧཱན་ ཀོ་ཝ་ཏ་ར་དེ་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་ མཐའ་དོན་དང་ མཉམ་འབྲེལ་གྱི་སྐོར་ལས་ གནད་དོན་སྣ་ཚོགས་གུ་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས། དེ་ཚེ་ཕྱི་རོ་ མི་རྗེ་བློན་ཆེན་གྱིས་ ཁོ་རའི་གཟིམ་ཆུང་ནང་སྦེ་ རྒྱ་གཞུང་གི་ ཕྱི་འབྲེལ་དྲུང་ཆེན་དང་ འཐུས་མི་སྡེ་ཚན་གྱི་དོན་ལུ་ ཚོགས་སྟོན་གཅིག་ཡང་ འགོ་འདྲེན་འཐབ་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་དང་པ་ འཚོགས་གནང་ཡོདཔ།

རང་ཟླ་ ༡༢ པའི་ཚེས་ ༡༥ སྤྱི་ཟླ་ ༡ པའི་ཚེས་ ༢༥ ལུ་ རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་ནང་སྦེ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ ཞལ་འཛོམས་དང་པ་ འཚོགས་གནང་ཡི།དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཞལ་འཛོམས་དང་པ་ འཚོགས་དགོ་པའི་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ཨིནམ་ད་ བཀའ་ཤོག་འདི་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ལྷག་ཕུལ་བའི་ཤུལ་ལས་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཚུ་གིས་ སྤྱི་ཚོགས་ཀྱི་ འཐུས་མིའི་གོ་གནས་ལེན་པའི་ བརྡ་མཚོན་ལུ་ མི་དབང་ཞབས་ལས་གནང་མི་ ཕྱག་ཤན་དང་ རྒྱན་རྟགས་ཚུ་ བཏགས་ཞིནམ་ལས་ བཀབ་ནེ་སོར་ཡོདཔ་ཨིན་པས།དེ་ལས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་བརྩི་སྲུང་གི་ཤུལ་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ ཟུར་དེབ་ ༣ པ་དང་འཁྲིལ་ཏེ་ འབྲུག་གི་ཁྲིམས་སྤྱི་བློན་པོ་གིས་ འཐུས་མི་ཚུ་གི་ གོ་གནས་ཀྱི་ དམ་བཅའམ་ ངོས་ལེན་གྱི་ འགན་འཛིན་མཛད་ནུག།དེ་མ་ཚད་ འདེམས་ངོ་ཚུ་གིས་ སྤྱི་ཚོགས་ཀྱི་ འཐུས་མིའི་འགན་ཁུར་ཞུ་བའི་ བརྡ་མཚོན་ལུ་ གོ་གནས་ཀྱི་ དམ་བཅའི་གུ་ རང་སོའི་ལག་བྲིས་བཀོད་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་འཁོད་ཡོད་མི་ སྲིད་བྱུས་ཀྱི་ གཞི་རྩ་ཚུ་ […]

National News

ལུང་ཕྱོགས་ནང་ འབྲུག་རྒྱལ་ཁབ་འདི་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ དེ་ལས་ གྲོས་འཛོམས་དང་ འགྲེམ་སྟོན་ཚུ་གི་ ས་གོ་སྦེ་ གོང་འཕེལ་གཏང་ནི།

འབྲུག་རྒྱལ་ཁབ་ནང་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་མི་ཚུ་གི་དོན་ལས་ འབྲུག་གི་ཉིན་བསྟར་ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ ཡངས་ཆག་གཏང་ནི་ཨིན་པས།དེ་ཡང་ འབྲུག་གི་བལྟ་བཤལ་བཟོ་གྲྭ་དང་ ཚོང་ལཱ་ དེ་ལས་ དེ་བཟུམ་མའི་ ས་གོ་ཚུ་གི་ ཚོང་ལམ་ལུ་ ཁེ་ཕན་ཡར་དྲག་བཏང་ནི་གི་ དམིགས་གཏད་ཨིནམ་ལས་ གོང་འཁོད་ལས་དོན་ཚུ་དང་འབྲེལ་བའི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡངས་ཆག་གི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ ཞུ་བ་འབད་དགོ་ཟེར་ འབྲུག་གི་བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།སྤྱི་ལོ་ ༢༠༡༩ ལུ་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་དང་འབྲེལ་བའི་ རྒྱ་པཱན་དང་ ཡུ་ཀེ་ ཇར་མ་ནི་ རྒྱ་གར་ཚུ་གི་ནང་ལས་ བལྟ་བཤལཔ་ ༩༠༤ དེ་ཅིག་ འབྲུག་ལུ་འོང་ཡོདཔ་ད་ ཁོང་གིས་ ས་གནས་ཀྱི་ དཔལ་འབྱོར་དང་ མི་སྡེ་ལུ་ ཁེ་ཕན་སྦོམ་སྦེ་ བྱུང་སྟེ་ཡོདཔ་ཨིན་པས།དེ་སྦེ་ ཡུན་བརྟན་གོང་འཕེལ་གྱི་ འཐུས་ཡངས་ཆག་དེ་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་ལུ་ ཆེད་དུ་དམིགས་ཏེ་ཨིནམ་ད་ ཐོབ་ལམ་དེ་གི་དོན་ལས་ འགོ་འདྲེན་འཐབ་མི་དང་ ལེགས་སྦྱར་བ་ དེ་ལས་ […]

National News

རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྤ་རོ་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ ༣ འཛིན་བཟུང་།

སྤྱི་ཟླ་ ༡ པའི་ཚེས་ ༢༢ ལུ་ སྤ་རོ་རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ཐིམ་ཕུ་སྨྱོ་རྫས་དང་ གནོད་རྫས་གཞན་རིགས་སྡེ་ཚན་ ༢ དང་ མཉམ་འབྲེལ་ཐོག་ལས་ ཕོ་སྐྱེས་ ༢ དང་ ཨམ་སྲུ་ ༡ སྨྱོ་རྫས་ནག་ཚོང་དང་འབྲེལ་བའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་ནུག།དེ་ཡང་ རྒྱལ་གཞུང་འགག་སྡེ་གིས་ སྤ་རོ་དོབ་ཤར་རི་ཇུ་ཀ་ལས་ འཛིན་བཟུང་འབད་ཡོདཔ་ད་ འཚོལ་ཞིབ་སྐབས་ལུ་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ཟེར་མི་ སྨན་ཐུམ་ ༥,༠༤༧ དེ་ཅིག་ དོགས་པ་ཅན་གྱི་ ཁྱིམ་ནང་ལས་ ཐོབ་ཡོདཔ་ཨིན་པས།གནད་དོན་དེ་ལུ་ དྲི་དཔྱད་འབདཝ་ད་ དོགས་པ་ཅན་ཚུ་གིས་ སྨྱོ་རྫས་ཚུ་ དོགས་པ་ཅན་ཅིག་གི་ཕོ་སྤུན་ འབྲུག་གི་ས་མཚམས་ཕྱི་ཁར་སྡོད་མི་ རྒྱ་གར་ལས་ ཉོ་ཡོདཔ་སྦེ་ ཁས་ལེན་འབད་ཡོད་རུང་ དོགས་པ་ཅན་ ༡ གིས་ཡང་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ མ་ཐོནམ་ཨིན་པས།དོགས་པ་ཅན་ཚུ་ཡང་ གསང་བའི་སྙན་ཞུ་ཅིག་ ཐོབ་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ད་ དེ་བཟུམ་མའི་ སྙན་ཞུ་ལུ་བརྟེན་ཏེ་ ང་བཅས་རའི་ མི་སེར་ཚུ་གིས་ སྨྱོ་རྫས་སྤྱོད་ནི་དང་ ནག་ཚོང་འཐབ་ནི་ཚུ་ བཀག་ཐབས་ལུ་ བསྟོད་བསྔགས་རུང་བའི་ འགན་ཁུར་འབག་དོ་ཡོད་པའི་ […]

National News

རྒྱལ་སྲུང་གི་ གཞི་རྟེན་མཁོ་ཆས་ཀྱི་དོན་ལུ་ རྒྱ་འབྲུག་ ༢ ཀྱི་བར་ན་ རྒྱ་གར་གྱི་ རུ་པི་ཐེར་འབུམ་ ༡༥ སྐྱིན་འགྲུལ་གྱི་ གོ་དོན་ཆིངས་ཡིག།

གནས་སྐབས་གཞུང་གི་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་གྲོས་དཔོན་ དྲག་ཤོས་ཚེ་དབང་རིག་འཛིན་དང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ སུ་དྷ་ཀར་ ད་ལེ་ལ་ ༢ ཀྱིས་ རྒྱ་གར་གྱི་ རུ་པི་ཐེར་འབུམ་ ༡༥ སྐྱིན་འགྲུལ་བྱིན་ནི་གི་ གོ་དོན་ཆིངས་ཡིག་ཅིག་ལུ་ མཚན་རྟགས་བཀོད་ཡོདཔ་ད་ མ་དངུལ་དེ་ རྒྱལ་སྲུང་གི་ གཞི་རྟེན་མཁོ་ཆས་ལས་འགུལ་གྱི་དོན་ལས་ ལག་ལེན་འཐབ་ནི་ཨིན་པས།དེ་ཡང་ འབྲུག་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ རྒྱ་གར་གཞུང་ལས་ རྒྱལ་སྲུང་གི་ གཞི་རྟེན་མཁོ་ཆས་ གོང་འཕེལ་གྱི་དོན་ལས་ སྤྱི་ལོ་ ༢༠༢༣ ལུ་ རུ་པི་ཐེར་འབུམ་ ༢ གནང་སྦྱིན་སྦེ་ བྱིན་ཡོད་མིའི་གུ་ ད་རེས་ སྐྱིན་འགྲུལ་གྱི་ རྒྱབ་སྐྱོར་བྱིན་ནི་སྦེ་ གྲོས་ཐག་བཅད་ནུག།སྤྱི་ལོ་ ༢༠༡༩ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གསལ་བསྒྲགས་གནང་མི་ རྒྱལ་སྲུང་ལས་འགུལ་དེ་ རྒྱལ་ཁམས་ཀྱི་ མ་འོངས་པ་བཙན་ཐབས་ལུ་ གལ་གནད་ཆེ་བའི་ གསར་བཏོད་ལས་དོན་ཅིག་སྦེ་ བཟོ་སྒྲིག་འབད་ཡོདཔ་ད་ དེ་ཡང་ འབྲུག་གི་ན་གཞོན་ཚུ་ ལེགས་བཅོས་ཀྱི་དོན་ལུ་ཨིན་པས།ལས་འགུལ་དེ་གིས་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ ལོ་ངོ་ ༡ གི་རིང་ལུ་ ཀུན་ཚང་སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་མིའི་ནང་ […]

Online now: 33 Today: 2284 Total visitors: 12314