ArchiveAboutContact

Category: National News

National News

ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ནང་ ལོ་བསྟར་གྱི་ བསྟན་སྤྱིའི་སྐུ་རིམ་ འབྱུང་བ་སྤྱི་མདོས།

ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ བསྟན་སྤྱིའི་སྐུ་རིམ་ འབྱུང་བ་སྤྱི་མདོས་དེ་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་སྐུ་བགྲེས་ དབུ་བཞུགས་ཐོག་ལས་ དགེ་སློང་ ༣༠༠ ལྷགཔ་ཅིག་གིས་ གནངམ་ཨིན་པས།དེ་ཡང་ རང་ཟླ་ ༢ པའི་ཚེས་ ༢༡ སྤྱི་ཟླ་ ༣ པའི་ཚེས་ ༣༡ ལས་ འགོ་བཙུགས་ཏེ་ རང་ཟླ་ ༢ པའི་ཚེས་ ༢༩ ཚུན་ ཉིན་གྲངས་ ༩ གི་རིང་ལུ་ འབྱུང་བ་སྤྱི་མདོས་དང་ མི་ཁ་དགྲ་བཟློག་ མཐུན་གསུམ་ བདུན་ཟུར་ སྤར་ཁ་དང་ སྨེ་བའི་དགུ་མིག་ དུར་མིག་ རྒྱལ་མདོས་ བཙན་མདོས་ བདུད་མདོས་ ཀླུ་མདོས་ སྨན་མདོས་ མཚོ་སྨན་དགུ་མདོས་ ས་སྒོ་ གནམ་སྒོ་ཚུ་གི་ གསུང་ཆོག་གནངམ་ཨིན་པས།རྩིས་གཞུང་མཐོ་རིམ་སློབ་གྲྭ་གིས་ གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དད་ཅན་ཕོ་མོ་ཚུ་གིས་ རང་སོའི་གཟུགས་ཁ་ལས་ གླུད་འཕྱི་སྟེ་ སྐུ་གླུད་ནང་ བཙུགས་ཞིནམ་ལས་ ཐུགས་སྨོན་གནང་པ་ཅིན་ […]

National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་ཨའུ་མཚོ་ལུ་ བླ་མ་དགོངས་པ་འདུས་པའི་ དབང་ལུང་ཁྲིད་ ༣ འཕྲོ་མཐུད།

ད་རིས་ རང་ཟླ་ ༢ པའི་ཚེས་ ༢༡ སྤྱི་ཟླ་ ༣ པའི་ཚེས་ ༣༡ ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་ གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་ཆོས་ བླ་མ་དགོངས་པ་འདུས་པའི་ དབང་ལུང་ཁྲིད་ ༣ འཕྲོ་མཐུད་དེ་ གནངམ་ཨིན་པས།དེ་ཡང་ བདུན་ཕྲག་ ༡ གི་རིང་ལུ་ བར་མཚམས་བཞག་གནང་ཡོདཔ་ད་ དེ་བསྒང་ རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ བླ་སློབ་དང་ དགེ་སློང་ཚུ་གིས་གཙོས་པའི་ དད་ལྡན་མི་སེར་ཕོ་མོ་ ཁྲི་ཕྲག་ལྷགཔ་ཅིག་གིས་ ཚོགས་ཁང་དེ་ནང་ར་ ལྷུན་རྩེ་རྫོང་ཁག་གི་ ལོ་བསྟར་འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ ཐེངས་ ༡༣ པ་གནང་ནུག།བླ་མ་དགོངས་པ་འདུས་པའི་ དབང་ལུང་ཁྲིད་ ༣ དེ་ དཔལ་ལྡན་འབྲུག་པའི་ ཆོས་སྐྱོང་སྲུང་མ་ མགོན་པོ་ལྕམ་དྲལ་ ༣ ལུ་ གཏང་རག་གི་ ཚོགས་འཁོར་དང་བཅས་པའི་སྒོ་ལས་ བདུན་ཕྲག་ཤུལ་མའི་ནང་ འགྲོལ་གནང་ནི་གི་ ལས་རིམ་ཡོད་ཟེར་ ལྷུན་རྩེ་རབ་སྡེ་གྲྭ་ཚང་གི་ བླམ་གནས་བརྟན་མཆོག་གིས་ གསུངསམ་ཨིན་པའི་གནས་ཚུལ།

National News

འབྲུག་ལུ་ བལྟ་བཤལ་པ་ཚུ་གིས་ གཡུས་གོའི་སྡོད་ཁྱིམ་ཚུ་ནང་སྡོད་དེ་ འབྲུག་གི་མགྲོན་སྐྱོང་གི་ ཉམས་མྱོང་གཏིང་ཟབ་དང་འཁྲུལ་མེད།

སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ འབྲུག་བལྟ་བཤལ་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བལྟ་བཤལཔ་ཚུ་གིས་ གཡུས་ཚན་ཁག་གི་ནང་ འབྲུག་པའི་བཟའ་ཚང་ཚུ་དང་གཅིག་ཁར་སྡོད་དེ་ ས་གནས་ནང་གི་ ཉིན་བསྟར་གྱི་ ལམ་སྲོལ་དང་འབྲེལ་བའི་ ལཱ་ཚུ་ནང་ གྲལ་གཏོགས་ཐོག་ལས་ འབྲུག་གི་མགྱོན་སྐྱོང་གི་ ཉམས་མྱོང་ གཏིང་ཐབ་དང་ འཁྲུལ་མེད་འཐབ་ཟེར་ཨིནམ་ད་ སྡོད་ཁྱིམ་ཚུ་ཡང་ རང་སོའི་བློ་འདོད་དང་འཁྲིལ་ཏེ་ སྐར་རྟགས་ཆེ་ཆུང་གི་ གདམ་ཁ་ཡོདཔ་ཨིན་པས།ད་རེས་ རྒྱལ་ཁབ་མཐའ་དབུས་ཀྱི་ གཡུས་ཚན་ཚུ་ནང་ བལྟ་བཤལཔ་ཚུ་ སྡོད་ནི་གི་ འོས་འབབ་ཡོད་མི་ སྡོད་ཁྱིམ་བསྡོམས་ ༡༢༣ ལུ་ འབྲུག་བལྟ་བཤལ་ལས་ཁུངས་ཀྱིས་ ངོ་སྦྱོར་ཚུ་ སྤྲོད་དེ་ཡོདཔ་ད་ སྡོད་ཁྱིམ་ཚུ་ཡང་ མང་ཤོས་ཅིག་ མི་རློབས་ཆུང་ཀུ་ཡོད་མི་ ས་གནས་སྐྱིད་ཏོང་ཏོ་ཚུ་ནང་ཡོད་བཀོད་ནུག།སྡོད་ཁྱིམ་དེ་ཚུའི་ནང་ བཟའ་ཁང་དང་ དལ་ཉམས་ས་གོ་ཚུ་དང་ ཤོ་མཚུངས་ཀྱི་ མཐུན་རྐྱེན་ཚུ་མེད་རུང་ བདེ་ཉམས་ཐོག་ལུ་ སྡོད་ནིའི་དོན་ལས་ མཐའ་འཁོར་གཙང་སྦྲ་དང་ སྔོ་ལྗང་དང་ལྡན་པའི་ ཆུ་ཞིང་དང་ ལྷ་ཁང་དགོན་སྡེ་ གངས་རི་ལ་སོགས་པའི་ མཐོང་སྣང་ཚུ་ ག་ནི་བ་ཡང་ མཛེས་ཆ་དང་ལྡན་ཏོག་ཏོ་ཡོདཔ་ཨིན་པས།གྲོང་གཡུས་ཁག་གི་ སྡོད་ཁྱིམ་ཚུ་ནང་ སྡོད་པའི་རིང་ལུ་ […]

National News

གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ ཀུ་རི་གོང་རི་འཛོམས་སའི་ ལྕགས་ཟམ་སྒོ་འབྱེད།

སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་བློན་པོ་ ཅཱན་ད་ར་བྷ་དུར་གུ་རུང་གིས་ ཀུ་རི་གོང་རི་འཛོམས་སའི་ལྕགས་ཟམ་གྱི་ སྒོ་འབྱེད་གནང་ཡོདཔ་བཞིན་དུ་ སྣུམ་འཁོར་ཚུ་ཡང་ ཟམ་གུ་ལས་ འགྲུལ་བསྐྱོད་འབད་ནི་ འགོ་བཙུགས་ཡོདཔ་ད་ རྟེན་འབྲེལ་དེ་ནང་ མོང་སྒར་རབ་སྡེའི་ བླམ་གནས་བརྟན་དང་ མོང་སྒར་རྫོང་བདག་ དེ་ལས་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།ཟམ་བཟོ་བསྐྲུན་དང་ འགོ་བཙུགས་བྱ་སྒོའི་ གོ་རིམ་ཚུ་ནང་ གཞུང་གྲྭ་ཚང་གི་ ལམ་སྟོན་དང་ བཀའ་སློབ་གནངམ་བཞིན་དུ་ ཟམ་དེ་གི་ གཙང་དག་དང་ བཀྲིས་པའི་རྟེན་འབྲེལ་ལུ་དམིགས་ཏེ་ ཉིན་བསྟར་བཞིན་དུ་ གལ་གནད་ཆེ་བའི་ སྐུ་རིམ་ཚུ་ཡང་ བསྒྲུབས་གནང་ནུག།ཀུ་རི་གོང་རི་འཛོམས་སའི་ ལྕགས་ཟམ་དེ་གི་ ཐེག་ཚད་དེ་ཡང་ མེ་ཊིག་ཊཱོན་ ༤༠ ཨིནམ་ད་ སྒྲིག་བཀོད་སྒྲིང་གཞི་ རྒྱུན་སྐྱོང་དང་ ཉེན་སྲུང་གི་དོན་ལས་ སྣུམ་འཁོར་ཊག་ བཏང་མི་ཚུ་གིས་ དོས་ཆས་ཀྱི་ ལྗིད་ཚད་བཀོད་མི་ལུ་ གནས་དགོ་པའི་ ནན་སྐུལ་འབདཝ་ཨིན་པས།དེ་མ་ཚད་ ལྕགས་ཟམ་དེ་གི་ ཉེ་འདབས་ལུ་ཡོད་མི་ ལས་འགུལ་ཚུ་གིས་ དམིགས་བསལ་ལུ་ སྣུམ་འཁོར་ཆེ་བ་བདའ་མི་ རང་སོའི་དེད་གཡོགཔ་ཚུ་ལུ་ ཟམ་གྱི་ཐེག་ཚད་དང་འཁྲིལ་ཏེ་ […]

National News

རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ ནུས་ཤུགས་མཉམ་འབྲེལ་གྱི་ གནས་ཚད་མཐོ་དྲགས་སྦེ་ བཟོ་ནི་གི་ཁས་བླངས།

རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ ནུས་ཤུགས་མཉམ་འབྲེལ་གྱི་ གནས་ཚད་མཐོ་དྲགས་སྦེ་ བཟོ་ནི་གི་ཁས་བླངས།འབྲུག་དང་ རྒྱ་གར་ ༢ ཀྱི་བར་ན་ གནས་རིམ་ཡོངས་རྫོགས་ནང་ བློ་གཏད་དང་ ལེགས་སྨོན་ མོས་མཐུན་ གོ་དོན་ཚུ་གི་ ཁྱད་ཆོས་ཅན་དང་ མིག་དཔེར་རུང་བའི་ ཟུང་ཕྱོགས་མཐུན་ལམ་ཐོག་ལས་ རྒྱལ་ཁབ་ ༢ ཀྱི་ མི་སེར་ཚུ་གི་བར་ན་ འབྲེལ་བ་དམ་ཟབ་ཡོདཔ་ཨིན།དེ་ཡང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་ འབྲུག་གི་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱི་བར་ན་ ཐིམ་ཕུ་ལུ་ རྒྱ་ཁྱབ་ཆེ་བའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་སྟེ་ ད་རེས་ཡོད་མི་ ཁྱད་དུ་འཕགས་པའི་ ཟུང་ཕྱོགས་མཉམ་འབྲེལ་དེ་ མ་འོངས་པར་ གནས་ཚད་མཐོ་དྲགས་སྦེ་ བཟོ་ནི་གི་ ཁས་བླངས་མཛད་ནུག།གཞུང་གི་དབུ་ཁྲིད་ ༢ ཀྱིས་ འབྲུག་ལུ་ ཆུར་བརྟེན་ནུས་ཤུགས་གོང་འཕེལ་ནང་ སྤུས་ཚད་མཐོ་དྲགས་ཅན་གྱི་ མཉམ་འབྲེལ་དང་ ལུང་ཕྱོགས་ནང་ ནུས་ཤུགས་ཀྱི་ ཉེན་སྲུང་གོང་འཕེལ་ལུ་ ཕན་འདེབས་འབད་དགོ་པའི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ཨིན་པས།བློན་ཆེན་མོ་དི་གིས་ འབྲུག་ལུ་ ནུས་ཤུགས་ལས་འགུལ་ཚུ་ ཡར་འཕེལ་ཅན་དང་ ལྕོགས་གྲུབ་ཅན་སྦེ་ ལག་ལེན་འཐབ་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ […]

National News

རྒྱ་གར་གྱི་བློན་ཆེན་ འབྲུག་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་བྱོན་པའི་ མཉམ་འབྲེལ་བརྗོད་དོན་གྱི་གསལ་བསྒྲགས།

པདྨ་དབང་འདུས། འདས་པའི་དུས་རབས་ཚུ་ནང་ འབྲུག་དང་ བྷ་རཱཏ་རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་བློ་གཏད་དང་ ལེགས་སྨོན་ གོ་དོན་ཚུ་ལུ་ གཞི་བརྟེན་འབད་བའི་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོདཔ་ཨིན།དེ་ཡང་ ང་བཅས་རའི་ ལམ་སྲོལ་གྱི་ འབྲེལ་བ་དང་ ས་ཆ་ཆགས་ཚུལ་གྱིས་ མཐུད་འབྲེལ་འབད་དེ་ དཔལ་འབྱོར་དང་ དངུལ་འབྲེལ་གཅིག་སྒྲིལ་ སྒྲིང་སྒྲིང་ཡོད་མི་འདི་གིས་ མཐུད་དེ་ཡོད་པའི་ཁར་ འབྲུག་དང་ བྷ་རཱཏ་གི་ མི་སེར་ཚུ་གི་བར་ན་ཡོད་མི་ མཐུན་ལམ་འདི་ཡང་ ང་བཅས་རའི་ མཐུན་ལམ་གྱི་ དོན་གྱི་སྙིང་པོ་ཨིནམ་མ་ཚད་ རྒྱལ་ཁམས་ ༢ ཀྱི་ མཐུན་ལམ་འདི་ ཁྱིམ་མཚེས་ཀྱི་བར་ན་ མིག་དཔེར་འོས་པའི་ མཐུན་ལམ་གྱི་ གཞི་ཅིག་ཡང་ཨིན།ང་བཅས་རའི་ རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ ཡུན་བརྟན་ཅན་གྱི་ མཉམ་འབྲེལ་འདི་ ཤོ་མཚུངས་ཀྱི་ བརྩི་མཐོང་དང་ ལམ་སྲོལ་དང་ ཆོས་དོན་གྱི་ འབྲེལ་བ་ལུ་ གཞི་བརྟེན་འབདཝ་ཨིན།འབྲུག་འདི་ བྷ་རཱཏ་གི་དོན་ལུ་དང་ བྷ་རཱཏ་འདི་ འབྲུག་གི་དོན་ལུ་ཟེར་མི་འདི་ འབྲུག་རྒྱལཔོ་རིམ་བྱོན་ཚུ་གི་ ཕུགས་གཟིགས་ཅན་གྱི་ དགོངས་བཞེད་དང་ རྒྱ་འབྲུག་ ༢ […]

National News

མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་ལུ་ གཟིགས་སྐོར་གནང་མི་དང་འབྲེལ་བའི་ མཉམ་འབྲེལ་གསལ་བསྒྲགས།

རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མགྲོན་བརྡ་གནངམ་བཞིན་དུ་ འབྲུག་གི་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ ཨམ་བཀྲིས་སྒྲོལ་མ་ ༢ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལས་ ༡༨ ཚུན་ རྒྱ་གར་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ བྱོན་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཡིག་ཚང་གི་གནས་ཡུན་ འགོ་བཙུགས་ཞིནམ་ལས་ཚུར་ ཕྱི་རྒྱལ་ལུ་ བྱོན་མི་དེ་ འགོ་དང་པ་ཨིན་པས།ད་རེས་ མི་རྗེ་བློན་ཆེན་གྱི་ ཕྱག་ཞུ་སྟེ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་དང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་བྱོན་ནུག།མི་རྗེ་བློན་ཆེན་གྱིས་ རྒྱ་གར་གྱི་སྲིད་འཛིན་ ཨམ་ཌའུ་པ་དི་ མུར་མུ་གི་ སྐུ་མདུན་ལུ་ བཅར་བའི་སྐབས་དང་ བློན་ཆེན་ན་རེན་ད་ར་ མོ་དི་དང་གཅིག་ཁར་ མཇལ་ཕྲད་ཐོག་ལས་ ཟུང་ཕྱོགས་མཉམ་འབྲེལ་དང་ ལུང་ཕྱོགས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ བལྟ་བཤལ་ལས་སྡེའི་ དྲི་བཀོད་ལས་རིམ་ཅིག་ནང་ གྲལ་གཏོགས་མཛད་ཡོདཔ།

སྤྱི་ཟླ་ ༣ པའི་ཚེས་ ༡༥ ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་གྱི་ གློག་མེ་དང་ སླར་འབྱུང་ནུས་ཤུགས་བློན་པོ་ རཱཤ་ཀུ་མར་སིང་དང་ མཇལ་ཕྲད་ཐོག་ལུ་ ནུས་ཤུགས་ལས་སྡེའི་ནང་ མཉམ་འབྲེལ་གྱི་ བརྩོན་ཤུགས་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་མ་ཚད་ ཨ་ད་ནི་སྡེ་ཚན་ གཞི་བཙུགས་འབད་མི་དང་ ཁྲི་འཛིན་ གའུ་ཏམ་ཨ་ད་ནི་དང་ཡང་ མཇལ་ཕྲད་མཛད་དེ་ འབྲུག་ལུ་ དཔལ་འབྱོར་གོང་འཕེལ་འཆར་གཞི་དང་ ལས་འགུལ་ཚུ་ནང་ མཉམ་འབྲེལ་གྱི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནུག།དེ་ཚེ་ཕྱི་རོ་ རྒྱ་གར་གྱི་ ཚོང་སྡེ་དང་ བཟོ་གྲྭ་ཚོགས་སྡེ་གིས་ སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ མི་རྗེ་བློན་ཆེན་གྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ བརྩི་བཀུར་ཐོག་ལས་ འབྲུག་གི་ཡུན་བརྟན་ཅན་གྱི་ བལྟ་བཤལ་གྱི་ ངོ་རྟགས་སྐོར་ལས་ གསུང་བཤད་གནང་ཡོདཔ་མ་ཚད་ འབྲུག་གི་བལྟ་བཤལ་ལས་སྡེའི་ དྲི་བཀོད་ལས་རིམ་ཅིག་ནང་ཡང་ གྲལ་གཏོགས་མཛད་དེ་ འབྲུག་ལུ་ རྒྱ་གར་གྱི་ བལྟ་བཤལཔ་ཚུ་ འོང་ཐབས་ཀྱི་ བསམ་འཆར་དང་ བར་འཛུལ་ཚུ་གི་སྐོར་ལས་ཡང་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ རྒྱ་འབྲུག་མཐུན་འབྲེལ་ཚོགས་པའི་ འཐུས་མི་ཚུ་དང་གཅིག་ཁར་ཡང་ ཞལ་འཛོམས་ཅིག་ འཚོགས་གནང་པའི་སྐབས་ལུ་ མཐུན་འབྲེལ་ཚོགས་པ་དེ་གིས་ […]

National News

རྒྱ་གར་རྒྱལ་ཁབ་ནང་ མི་རྗེ་བློན་ཆེན་མཆོག་གི་གཟིགས་སྐོར།

སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ ཕྱག་ཞུ་མི་ཚུ་ ནིའུ་དིལླི་ གནམ་གྲུའི་ཐང་ནང་ ཕེབས་པའི་སྐབས་ལུ་ རྒྱ་གར་གཞུང་གི་བློན་པོ་ ཨཱཤ་ཝི་ནི་ཅའོ་བེ་གིས་ ཕེབས་བསུ་ཞུ་ནུག།དྲགོས་ཚེ་རིང་སྟོབས་རྒྱས་དེ་ སྤྱི་ཟླ་ ༡ པའི་ནང་ བློན་ཆེན་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལས་ ཕྱི་རྒྱལ་ལུ་བྱོན་མི་ རྒྱལ་ཁབ་དང་པ་ཨིནམ་ད་ དེ་ཡང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མགྲོན་བརྡ་ཕུལ་གནང་མི་དང་བསྟུན་ཏེ་ བྱོན་ཡོདཔ་བཞིན་དུ་ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལས་ ༡༨ ཚུན་ མི་རྗེ་བློན་ཆེན་མཆོག་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་གནང་ནི་ཨིན་པས།གཟིགས་སྐོར་སྐབས་ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་གྱི་སྲིད་འཛིན་ ཨམ་ཌའུ་པ་དི་མུར་མུ་དང་ བློན་ཆེན་ན་རེན་ད་ར་མོ་དི་ དེ་ལས་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་འཕྲད་མཛད་དེ་ མོས་མཐུན་གྱི་ མཐའ་དོན་དང་ འབྲུག་ལུ་ རྒྱ་གར་གྱི་ གྲོགས་རམ་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནུག།དེ་ལས་ མི་རྗེ་བློན་ཆེན་མཆོག་ མུམ་བའི་ལུ་བྱོན་ཏེ་ རྒྱ་གར་གྱི་ ཚོང་འབྲེལ་སྡེ་ཚན་ཁག་གི་ […]

National News

མི་རྗེ་བློན་ཆེན་གྱིས་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་མཇལ་ཕྲད།

སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ཇའི་ཤང་ཀར་དང་ བྷ་ར་ཏི་ཡ་ཇ་ན་ཏ་ སྲིད་ཚོགས་ཀྱི་གཙོ་འཛིན་ ཇེ་པི་ན་ཌ་ དེ་ལས་ ཕྱི་འབྲེལ་དྲུང་ཆེན་ ཝི་ནེ་མོ་ཧཱན་ཚུ་ མི་རྗེ་བློན་ཆེན་གྱི་ སྐུ་མདུན་ལུ་བཅར་ནུག།དེ་བསྒང་ རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དང་ མཉམ་འབྲེལ་ལུ་ གཙོ་བོར་བཟུང་སྟེ་ གནད་དོན་མ་འདྲཝ་ཚུ་གི་སྐོར་ལས་ ངེས་ཤེས་འདྲོངས་པའི་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ རྒྱ་འབྲུག་གཉིས་ཆ་རའི་ཁ་ཐུག་ལས་ དམིགས་བསལ་གྱི་ ཟུང་ཕྱོགས་མཐུན་ལམ་ བཙན་ཐབས་ཚུ་གི་སྐོར་ལས་ བསམ་འཆར་ཚུ་ཡང་ བཤད་ཡོདཔ་ཨིན་པས།རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱིས་ མི་རྗེ་བློན་ཆེན་དང་ འཐུས་མི་ཚུ་གི་དོན་ལས་ བསུ་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོད་པའི་ གནས་ཚུལ་མདོར་བསྡུས།

Online now: 9 Today: 2611 Total visitors: 12641