ArchiveAboutContact

Category: National News

National News

ལྡོག་ཕྱོགས་ཚོགས་པ་གིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ ཞིབ་དཔྱད་གྲུབ་འབྲས་ཚུ་ བསྟར་སྤྱོད་འབད་དགོ་པའི་བརྡ་སྐུལ།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༣༠ ལུ་ ལྡོག་ཕྱོགས་ཚོགས་པ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་ཚུ་ འཛིན་གྲོལ་འབད་ནི་དེ་ ངན་ལྷད་ཀྱི་དབང་ལུ་ ཤོར་ཡོད་པའི་ ཁ་ཉེས་ཀྱི་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་ ༡༢ པའི་ཚེས་ ༢༠ ལུ་ ཁྱབ་སྤེལ་འབད་མི་ ཞིབ་དཔྱད་ཀྱི་ གྲུབ་འབྲས་ཚུ་ལུ་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ ངོས་ལེན་ཡོད་ཟེར་ཨིན་པས།  རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ཆོས་ཀྱི་རྒྱལ་པོའི་མཛད་རྣམ་དང་ བསྟོད་རྩོམ་ཚུ་གི་ དཔེ་དེབ་འགོ་འབྱེད།

རང་ཟླ་ ༡༡ པའི་ཚེས་ ༡༡ སྤྱི་ཟླ་ ༡༢ པའི་ཚེས་ ༣༠ ལུ་ སྐྱབས་མགོན་བླ་མ་ངག་དབང་རྣམ་རྒྱལ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ གཞུང་གྲྭ་ཚང་གི་ བཀའ་རྒྱ་ལྟར་དུ་ རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་ཁ་ཐུག་ལས་ དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧༠ བཞེས་པའི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ནིའི་དོན་ལུ་ རྩོམ་སྒྲིག་འབད་དེ་ཡོད་མི་ ཆོས་ཀྱི་རྒྱལ་པོའི་མཛད་རྣམ་དང་ ཆོས་སྡེ་ཁག་ལས་ བསྡུ་བསྒྲིགས་འབད་མི་ བསྟོད་རྩོམ་ཚུ་གི་དཔེ་དེབ་ བཻ་རོ་ཙ་ན་རིན་པོ་ཆེ་མཆོག་དང་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ རྡོར་གདན་བཀྲ་ཤིས་ཐང་ གཙུག་ལག་སློབ་གྲྭའི་སྤྱི་འཛིན་ མཁན་ཆེན་ཀུན་བཟང་འཕྲིན་ལས་རྣམ་ ༣ དབུ་བཞུགས་ཐོག་ལས་ འགོ་འབྱེད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

རྒྱལ་ཡོངས་ཚོགས་ཐེངས་ ༤ པའི་ནང་ དཔྱད་ཡིག་ཚུ་དང་ དང་ལེན་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ཡོདཔ།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ཚུན་ ཟླ་ངོ་ ༡ གི་རིང་ལུ་ འབྲུག་གི་སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༤ པའི་ནང་ དཔྱད་ཡིག་ཚུ་དང་ དང་ལེན་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་གནང་ནུག། དེ་ཡང་ འབྲུག་གི་སྒོ་ནོར་དཔྱད་ཡིག་ ༢༠༢༥ ཅན་མ་དང་ འབྲུག་གི་དངུལ་འབྲེལ་ལས་དོན་ (འཕྲི་སྣོན་) དཔྱད་ཡིག་ ༢༠༢༥ ཅན་མ་ དེ་ལས་ འབྲུག་གི་མཉམ་ལས་ཚོགས་སྡེ་དང་ སོ་ནམ་སྡེ་ཚན་གྱི་ དཔྱད་ཡིག་ ༢༠༢༥ ཅན་མ་ཚུ་ ཆ་འཇོག་མཛད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ […]

National News

ཁེ་ལཱ་འགོ་བཙུགས་གྲེམ་སྟོན་ཁང་ འགོ་འབྱེད་མཛད་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༢༥ ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་དང་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ཡིག་ཚང་གི་ སྐུ་ཚབ་འོགམ་ ༢ ཀྱིས་ ཁེ་ལཱ་འགོ་བཙུགས་ལྟེ་བའི་འོག་ལུ་ ཁེ་ལཱ་འགོ་བཙུགས་གྲེམ་སྟོན་ཁང་ འགོ་འབྱེད་མཛད་ནུག།   དེ་ཡང་ རྒྱ་གར་གཞུང་གི་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་ཐོག་ལས་ གསར་བཏོད་འབད་བའི་ ལས་དོན་དེ་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ ཁེ་ལཱ་དང་ ཁེ་ལཱ་འགོ་བཙུགས་ཀྱི་ ལམ་ལུགས་ཁྱབ་སྤེལ་འབད་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

National News

བྱིན་ལྡན་གནས་སྐོར་དང་ སྔར་གྱི་ལམ་ཤུལ་ པདྨ་འབྱུང་གནས་རྐང་ལམ་ བཟོ་བསྐྲུན་འགོ་འབྱེད།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༢༤ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཁས་བླངས་ཞབས་ཏོག་ ཐེངས་བཞི་པའི་སྐབས་ལུ་ བྱིན་ལྡན་གནས་སྐོར་དང་ ལམ་སྲོལ་ཅན་གྱི་རྐང་ལམ་ པདྨ་འབྱུང་གནས་རྐང་ལམ་ཟེར་ གུ་རུ་རིན་པོ་ཆེ་བྱོན་པའི་ འབྱུང་རབས་ཅན་གྱི ལམ་ཤུལ་བདའ་སྟེ་ རྐང་ལམ་བཟོ་བསྐྲུན་དེ་ གཞུང་འབྲེལ་ཐོག་ལུ་ འགོ་འབྱེད་མཛད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་སྐྱིན་འགྲུལ་སྐོར་ལས་ཞིབ་དཔྱད་ཀྱི་གྲུབ་འབྲས།

པདྨ་དབང་འདུས། སྤྱི་ཟླ་༡༢པའི་ཚེས་༢༢ལུ་དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་འགོ་འདྲེན་ཚོགས་ཆུང་ལས་གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་སྤྱི་ཟླ་༡༢པའི་ཚེས་༡༩ལུ་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་སྐྱིན་འགྲུལ་ཚུ་གི་སྐོར་ལས་ཞིབ་དཔྱད་འབད་ཡོད་པའི་སྙན་ཞུ་དང་སྦྲགས་ཏེ་ཡི་གུ་ཅིག་ ལྷོད་མི་དེ་ནང་དཔལ་འབྱོར་ལྷན་ཐབས་ཚོགས་ཆུང་གི་ ཁ་ཐུག་ལས་བསྟར་སྤྱོད་འབད་དགོ་པའི་གནད་དོན་ཚུ་བཀོད་དེ་འདུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱར་བོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱི་བར་ན་ འབྲུག་ལུ་ སླར་བྱུང་ནུས་ཤུགས་གོང་འཕེལ་གྱི་དོན་ལུ་ ཆིངས་ཡིག་གུ་མཚན་རྟགས།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ལུ་ འབྲུག་གི་སླར་བྱུང་ནུས་ཤུགས་ལས་སྡེ་གཙོ་བོ་ འབྲུག་སླར་བྱུང་གློག་མེ་ལས་འཛིན་དང་ ཀཱོལ་ཀ་ཏ་ལུ་ཡོད་པའི་ ཀཱར་བཱོན་ཐོན་སྐྱེད་ སྤུས་ཚད་མཐོ་དྲགས་དང་ ཡུན་བརྟན་ཅན་གྱི་ མ་རྩ་གཞི་བཙུགས་ནང་ ཁྱད་རིག་གི་ ལཱ་འབད་མི་ ཀཱར་བཱོན་ཐོན་སྐྱེད་སྒེར་སྡེ་ལས་འཛིན་གྱིས་ གོ་དོན་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ འབྲུག་ལུ་ ཆུར་བརྟེན་དང་ ཉིན་དྲོད་གློག་མེ་ཚུ་བརྩིས་ཏེ་ མེ་ག་ཝཱཊ་ ༡༠༠ ལས་ ༢༥༠ ཚུན་གྱི་ ནུས་ཤུགས་གོང་འཕེལ་ཚུ་ མཉམ་འབྲེལ་ཐོག་ལས་ དབྱེ་ཞིབ་འབད་ནི་དང་ ལག་ལེན་འཐབ་ཐབས་ལུ་ཨིན་པས།  ཆིངས་ཡིག་དེ་གིས་ འབྲུག་གཞུང་གི་ ཁ་ཐུག་ལས་ གཙང་སྦྲ་དང་ལྡན་པའི་ ནུས་ཤུགས་གོང་འཕེལ་དང་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་ཡར་འཕར་གྱི་དོན་ལས་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་ལུ་ འཕྲོ་མཐུད་དེ་ར་ གཙོ་རིམ་ཐོག་གི་ རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་སྟོན་དོ་ཡོདཔསྦེ་བཀོད་ནུག། གོ་དོན་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ རྟེན་འབྲེལ་ནང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་ དབུ་བཞུགས་ཐོག་ལུ་ འབྲུག་བཞུགས་རྒྱ་གར་གཞུང་ཚབ་ཀྱི་ ཡིག་ཚང་ལས་ ངོ་ཚབ་ཚུ་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ […]

National News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ཨང་ཅན་བདོག་གཏད་ཀྱི་ གཞི་རྟེན་མཁོ་ཆས་ གོང་འཕེལ་གྱི་དོན་ལུ་ འབྲུག་དང་ ཀམ་བར་ལེན་ ཌི་ཨར་ཌབ་ལུ་གི་བར་ན་ ཐབས་བྱུས་ཅན་གྱི་མཉམ་འབྲེལ།

པདྨ་དབང་འདུས། སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ འབྲུག་གི་ཡུན་བརྟན་དང་ གསར་བཏོད་ཅན་གྱི་ ཨང་ཅན་དཔལ་འབྱོར་གྱི་ དུས་རིང་འཆར་སྣང་ལུ་ རྒྱབ་སྐྱོར་གྱི་དོན་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ཀམ་བར་ལེན་ ཌི་ཨར་ཌབ་ལུ་གི་བར་ན་ གོ་དོན་ཆིངས་ཡིག་ཅིག་བཟོ་ནུག།  དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ དགོངས་བཞེད་དང་ ལམ་སྟོན་ཐོག་ལས་ མཉམ་འབྲེལ་དེ་གིས་ འབྲུག་གི་བརྩི་མཐོང་ཚུ་དང་ ཚུལ་མཐུན་ཡོད་པའི་ ཀུན་ཚང་དཔལ་འབྱོར་གོང་འཕེལ་ལུ་ ལྷན་ཐབས་འབད་ནི་དང་ རྒྱལ་སྤྱིའི་རིག་རྩལ་དང་ འགན་ཁུར་ཅན་གྱི་ འཕྲུལ་རིག་ཡར་འཕེལ་གཏང་ནི་་ཚུ་ལུ་ དམིགས་གཏད་བསྐྱེད་པའི་ དཔལ་འབྱོར་ས་ཁོངས་གསརཔ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་གོང་འཕེལ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།  གོ་དོན་ཆིངས་ཡིག་དེ་གི་འོག་ལུ་ འབྲུག་དང་ རྒྱལ་སྤྱིའི་ཨང་ཅན་བདོག་གཏད་ ཚོང་སྒྱུར་གྱི་འགོ་ཁྲིདཔ་ ཀམ་བར་ལེན་ ཌི་ཨར་དྲབ་ལུ་གིས་ དེང་དུས་དང་བསྟུན་པའི་ ཨང་ཅན་འཕྲུལ་རིག་བདོག་གཏད་ཀྱི་ གནས་སྟངས་དང་ དེ་གི་རྒྱབ་སྐྱོར་ལུ་ དགོས་དོན་ཡོད་པའི་ དངུལ་འབྲེལ་གཞི་རྟེན་མཁོ་ཆས་ གོང་ཕེལ་ནང་ མཉམ་འབྲེལ་འཐབ་ནི་ཨིནམ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག། མཉམ་འབྲེལ་དེ་གི་ནང་ན་ མ་འོངས་འཐོན་རིམ་གྱི་ ཨང་ཅན་བདོག་གཏད་ སྒྲིག་བཀོད་དང་ […]

National News

མི་དབང་ཞབས་ལས་ རྫོང་བདག་དང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་བསྐོ་བཞག།

སྤྱི་ཟླ་ ༡༢ པའི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་བདག་དང་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས། དེ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ རྩིས་ཞིབ་ཡོངས་ཁྱབ་འོགམ་སྦེ་ ཕྱག་ཞུ་མི་ མི་འགྱུར་རྡོ་རྗེ་དེ་ ལྷུན་རྩེ་རྫོང་བདག་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་ནང་ མདོ་ཆེན་སྦེ་ ཕྱག་ཞུ་མི་ བསོད་ནམས་སྟོབས་རྒྱས་དེ་ ཧཱ་རྫོང་བདག་སྦེ་ བསྐོ་བཞག་གནང་ནུག། དེ་བཟུམ་སྦེ་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་ལྷན་ཁག་ ཆུ་དཔྱད་དང་ གནམ་གཤིས་རིག་པའི་ལྟེ་བའི་ནང་ མཁས་མཆོག་ ༣ པ་སྦེ་ ཕྱག་ཞུ་མི་ སེངྒེ་རྡོ་རྗེ་དེ་ པདྨ་དགའ་ཚལ་རྫོང་བདག་དང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་ རྡོ་རྗེ་རྒྱལ་མཚན་དེ་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་བདག་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས། དེ་ལས་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཌོག་ཊར་བྱང་ཆུབ་ནོར་བུ་དང་ པདྨ་དབང་ཕྱུག་ ༢ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།

National News

འབྲུག་གིས་ དངུལ་ཚབ་ཏི་རུ་གཏེར་ འགོ་བཙུགས་ནི་དང་འབྲེལ་ཏེ་ གསེར་དེ་ཡང་ ཨང་གནས་ཅན་ལུ་གཞི་བསྒྱུར།

པདྨ་དབང་འདུས། དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ དངོས་གཟུགས་ཅན་གྱི་གསེར་དེ་ ཨང་གནས་ཅན་གྱི་ རིམ་ལུགས་ལུ་ གཞི་སྒྱུར་འབད་ནིའི་དོན་ལས་ དངུལ་ཚབ་ཏི་རུ་གཏེར་ འགོ་བཙུགས་ནི་ཨིན་པའི་སྐོར་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ གསལ་བསྒྲགས་འབད་ནུག། དེ་ཡང་ དངུལ་ཚབ་ཏི་རུ་གཏེར་དེ་ གསེར་ལུ་རྒྱབ་རྟེན་དང་ རང་དབང་ཅན་གྱི་ རྒྱབ་སྐྱོར་ཐོག་ལས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་དང་བསྟུན་ཏེ་  འགོ་བཙུགས་ནི་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 17 Today: 2428 Total visitors: 9648