ArchiveAboutContact

Category: National News

National News

ནཱན་སེན་ལས་སྡེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གྲལ་གཏོགས་གཞི་བཙུགས།

པདྨ་དབང་འདུས།སྤྱི་ཟླ་ ༢ པའི་ཚེས་ ༢༤ ལུ་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ ནཱན་སེན་ལས་སྡེ་གིས་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་གཞི་བཙུགས་འབད་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ ལག་ལེན་གྲལ་གཏོགས་ གཞི་བཙུགས་འབད་ནི་ཨིན་ཟེར་བཀོད་ནུག།དེ་ཡང་ ནཱན་སེན་ལས་སྡེ་དེ་ རིག་རྩལ་བཅོས་མའི་ ཡོངས་འབྲེལ་གྱི་ གྲོས་གནས་ཅིག་ཨིནམ་ད་ ལས་སྡེ་དེ་གི་ ཞིབ་འཚོལ་ཚུ་ ལག་ལེན་རུངམ་སྦེ་ འོང་དོ་ཡོདཔ་ལས་ འཛམ་གླིང་ནང་གི་ མ་རྩ་གཞི་བཙུགས་འབད་མི་ དྲག་ཤོས་ཚུ་དང་ མ་དངུལ་ དེ་ལས་ གཞུང་འབྲེལ་རིམ་ལུགས་ཚུ་དང་འབྲེལ་ཏེ་ བློ་གཏད་ཚུགས་པའི་ ལས་སྡེ་ཅིག་སྦེ་ གནས་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ […]

National News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་བསྐོ་བཞག་དང་ ཞི་དྲག་ལས་སྡེ་ཁག་གི་ འགོ་དཔོན་ལེ་ཤ་ཅིག་ལུ་ གོ་གནས་ཡར་སེང་།

མགོན་པོ་རྡོ་རྗེ།སྤྱི་ཟླ་ ༢ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མདོ་འཛིན་ཕུབ་རྒྱལ་མཚན་དེ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ གཙོ་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ དམག་སྲིད་འོགམ་ ༦ ལུ་ཡང་ གོ་གནས་ཡར་སེང་ཐོག་ལུ་ དམག་སྲིད་གོང་མའི་ གོ་གནས་གནང་ནུག།དེ་ཡང་ དམག་སྲིད་ཀརྨ་དང་ དམག་སྲིད་སྐྱིབ་ཅུ་ཚེ་རིང་ དམག་སྲིད་སྐལ་བཟང་རྣམ་རྒྱལ་ དམག་སྲིད་ཚེ་རིང་ཕུན་ཚོགས་ དམག་སྲིད་ཀུན་བཟང་དབང་ཕྱུག་ དམག་སྲིད་རྡོ་རྗེ་རྒྱལ་པོ་ཚུ་ཨིན་པས།དེ་ལས་ པདྨ་འཚོ་མོ་དེ་ ཨཱཛ་ཊྲེ་ལི་ཡ་ལུ་ འབྲུག་གི་གཞུང་ཚབ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མོ་གིས་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་འོག་ལུ་ཡོད་མི་ ཟུང་ཕྱོགས་ལས་ཁུངས་ནང་ མདོ་ཆེན་སྦེ་ ཕྱག་ཞུ་ནུག།དེ་མ་ཚད་ མི་དབང་ཞབས་ལས་ དྲང་ཁྲིམས་ལྷན་སྡེའི་ནང་ དྲང་དཔོན་ ༦ བསྐོ་བཞག་གནང་མི་ཚུ་ཡང་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ རྩོད་འཛིན་ཡོངས་ཁྱབ་ངོ་ཚབ་སྦེ་ ཕྱག་ཞུ་མི་ འཆི་མེད་རྡོ་རྗེ་ཤར་མཚོ་དེ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ རྩོད་འཛིན་ཡོངས་ཁྱབ་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།དེ་བཟུམ་སྦེ་ གཞལམ་སྒང་རྫོང་ཁག་ ཁྲིམས་ཀྱི་འདུན་སར་ དྲང་དཔོན་རབ་འབྱམས་སྦེ་ ཕྱག་ཞུ་མི་ ཕུན་ཚོགས་དབང་ཕྱུག་དེ་ གཞལམ་སྒང་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་དང་ ཝམ་རོང་ལུ་ དྲང་དཔོན་རབ་འབྱམས་སྦེ་ […]

National News

འབྲུག་ལུ་ མ་རྩ་གཞི་བཙུགས་ཀྱི་ གོ་བརྡའི་ཆིངས་ཡིག་ ༨ ལུ་ མཚན་རྟགས་བཀོད་ཡོདཔ།

འབྲུག་ལུ་ མ་རྩ་གཞི་བཙུགས་ཀྱི་ ཆེ་རིམ་ཞལ་འཛོམས་ ཉིནམ་ ༢ ཀྱི་རིང་ལུ་ གནང་མིའི་ནང་ལས་ གོ་བརྡའི་ཆིངས་ཡིག་ ༨ ལུ་ མཚན་རྟགས་བཀོད་གནང་ནུག།དེ་ཡང་ ཞལ་འཛོམས་དེ་ནང་ མ་རྩ་གཞི་བཙུགས་ཀྱི་དོན་ལུ་ གྲ་སྒྲིག་འབད་དེ་ཡོད་མི་ ལས་འགུལ་ ༢༤ སྤྱན་འབུལ་ཞུ་མིའི་གྲས་ལས་ གདམ་འཐུ་འབད་ཡོདཔཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

ཐིམ་ཕུ་ལུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ཞལ་འཛོམས་ཚོགས་གནང་ཡོདཔ།

ཕུན་ཚོགས་དབང་འདུས་དང་རྡོ་རྗེ་ལས་འཕྲོ།ཐིམ་ཕུ་ལུ་ ཕྱིའི་མ་རྩ་གཞི་བཙུགས་ལྟེ་བ་ཅིག་ གཞི་བཙུགས་འབད་ཐབས་ལུ་དམིགས་ཏེ་ སྤྱི་ཟླ་ ༢ པའི་ཚེས་ ༡༢ ལས་ ༡༣ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ མ་རྩ་གཞི་བཙུགས་ཀྱི་ ཞལ་འཛོམས་ཅིག་ ཚོགས་གནང་ཡི།ཞལ་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་མཆོག་གིས་ དབུ་གཙོས་པའི་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ སཱན་དིབ་ཨ་རི་ཡ་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་ད་ ཉིན་གྲངས་ ༢ ཀྱི་ ཞལ་འཛོམས་དེ་ནང་ ཕྱི་རྒྱལ་གྱི་ མ་རྩ་གཞི་བཙུགས་འབད་མི་ཚུ་དང་ ས་གནས་ཀྱི་ ཚོང་པ་ཚུ་རྩིས་ཏེ་ མི་གྲངས་ ༢༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ […]

National News

དགེ་ལེགས་ཕུག་ལུ་ གདུང་སྲས་དགའ་རབ་རིན་པོ་ཆེ་གིས་ བདུད་འཇོམས་འགྲོ་འདུལ་གླིང་པའི་ གསུང་འབུམ་གྱི་དབང་ལུང་།

མགོན་པོ་རྡོ་རྗེ། དགེ་ལེགས་ཕུག་ལུ་ རང་ཟླ་ ༡༢ པའི་ཚེས་ ༦ སྤྱི་ཟླ་ ༡ པའི་ཚེས་ ༢༤ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༡༧ གྱི་རིང་ལུ་ གདུང་སྲས་དགའ་རབ་རིན་པོ་ཆེ་མཆོག་གིས་ བདུད་འཇོམས་འགྲོ་འདུལ་གླིང་པའི་ གསུང་འབུམ་གྱི་ དབང་ལུང་གནང་མི་དེ་ རང་ཟླ་ ༡༢ པའི་ཚེས་ ༢༣ སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ ཟབ་ལམ་མཁའ་འགྲོའི་ ཚེ་དབང་གནང་ཐོག་ལས་ གྲོལ་གནང་ནུག། དེ་བསྒང་ དབང་ལུང་ཞུ་ནིའི་དོན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ བླ་སྤྲུལ་དང་ མཁན་པོ་ དགེ་སློང་ སྒོམ་ཆེན་ མ་ཎེམོ་ དད་ལྡན་སེར་སྐྱ་ཕོ་མོ་ ༢༥,༠༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་ཡོདཔ་མ་ཚད་ ཕྱི་རྒྱལ་ཁག་ལས་ཡང་ གདུང་སྲས་དགའ་རབ་རིན་པོ་ཆེའི་ ཞལ་སློབ་ ༢༥༠ དེ་ཅིག་ཡང་ ལྷོད་ཡོདཔ་སྦེ་ དབང་ལུང་ནང་ གྲལ་གཏོགས་འབད་མི་ཅིག་གིས་ བཤདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ […]

National News

སྤྱི་ལོ་ ༢༠༢༥ ལོའི་ སློབ་རིམ་བཅུ་པའི་ གཞུང་གི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས།

ཕུན་ཚོགས་དབང་འདུས་དང་སྐལ་བཟང་ཆོས་སྐྱིད།སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ ཤེས་རིག་དང་ རིག་རྩས་གོང་འཕེལ་ལྷན་ཁག་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༥ ལོའི་ སློབ་རིམ་ ༡༠ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡི།སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༢ པའི་ནང་ སློབ་རིམ་བཅུ་པའི་ ཆོས་རྒྱུགས་ཀྱི་དོན་ལས་ གཞུང་གི་སློབ་གྲྭ་ ༡༣༦ དང་ སྒེར་གྱི་སློབ་གྲྭ་ ༡༡ ལས་ སློབ་ཕྲུག་བསྡོམས་ ༡༢,༤༡༤ གིས་ ཐོ་བཀོད་འབད་བའི་གྲས་ལས་ སློབ་ཕྲུག་ ༡༢,༣༡༦ གིས་ ཆོས་རྒྱུགས་ཕུལ་ནུག།ད་རེས་ གསལ་བསྒྲགས་འབད་མི་ སྤྱིར་བཏང་ཆོས་རྒྱུགས་ཀྱི་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༨༢.༦༧ ཨིན་མི་དེ་ ཧེ་མའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་ ༨.༡༦ ཡར་སེང་སོང་ཡོད་མི་དེ་ཡང་ འདས་པའི་ལོ་ནང་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༧༤.༥༦ ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ […]

National News

སྤྱི་ལོ་ ༢༠༢༥ ལོའི་ སློབ་རིམ་ ༦ པའི་ གཞུང་གི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་བསྒྲགས།

ཕུན་ཚོགས་དབང་འདུས།སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ ཤེས་རིག་དང་ རིག་རྩས་གོང་འཕེལ་ལྷན་ཁག་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༥ ལོའི་ སློབ་རིམ་ ༦ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡི།དེ་ཡང་ སློབ་རིམ་ ༦ པའི་ གཞུང་གི་ཆོས་རྒྱུགས་ནང་ འབྲུག་ནང་འཁོད་ལས་ གཞུང་གི་སློབ་གྲྭ་ ༣༩༤ དང་ སྒེར་གྱི་སློབ་གྲྭ་ ༡༣ འབདཝ་ད་ སློབ་གྲྭ་བསྡོམས་ ༤༠༧ གྱི་ནང་ལས་ སློབ་ཕྲུག་ཡོངས་བསྡོམས་ ༡༤,༠༢༩ གིས་ ཐོ་བཀོད་འབད་ཡོདཔ་ད་ སློབ་ཕྲུག་ ༡༣,༨༩༩ གིས་ ཆོས་རྒྱུགས་ཕུལ་ཡོད་མིའི་གྲས་ལས་ སློབ་ཕྲུག་ ༡༢,༢༠༢ ཀྱིས་ མཐར་འཁྱོལ་བྱུང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ […]

National News

སེཕ་ཕུ་ལས་སྡེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ མཉམ་འབྲེལ་ཐོག་ལས་ འབྲུག་ལུ་ ལག་ལེན་དངོས་བསྟར་གཞི་བཙུགས།

སྨིན་དྲུག་རྡོ་རྗེ།འབྲུག་གི་ཨང་གནས་ཅན་གྱི་ འཕྲུལ་ཆས་གནས་སྟངས་ གོང་འཕེལ་གཏང་ནི་ལུ་ ཕན་ཐབས་ལུ་དམིགས་ཏེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དང་ སེཕ་ཕུ་ལས་སྡེ་ ༢ ཀྱིས་ གལ་གནད་ཅན་གྱི་ མཉམ་འབྲེལ་ལས་རིམ་ཅིག་ གསལ་བསྒྲགས་འབད་ཡི།སེཕ་ཕུ་ལས་སྡེ་དེ་ འཛམ་གླིང་ནང་གི་ དངུལ་འབྲེལ་ལས་སྡེ་ཚུ་ལུ་ གཙུག་སྡེའི་གནས་རིམ་ཅན་གྱི་ ཨང་ཅན་འཕྲུལ་ཆས་ཀྱི་ ཞབས་ཏོག་བྱིན་མི་ ལས་སྡེ་གཙོ་བོ་ཅིག་ཨིན་པས།མཉམ་འབྲེལ་དེ་གི་ཐོག་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ གཙུག་སྡེའི་གནས་རིམ་ཅན་གྱི་ ཨང་ཅན་འཕྲུལ་ཆས་ གཞི་བཙུགས་འབད་དེ་ ལག་ལེན་དངོས་སུ་སྦེ་ འཐབ་ནི་ཨིནམ་ལས་ འབྲུག་རྒྱལ་ཁབ་འདི་ནང་ འགན་འཁྲི་ཅན་གྱི་ ཨང་ཅན་འཕྲུལ་རིག་གཞི་རྟེན་ གོང་འཕེལ་གཏང་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་ཟེར་ སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ གསར་བཏོན་འབད་མི་ གནས་ཚུལ་ནང་བཀོད་ནུག།

National News

ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་ འབྲུག་གི་བར་ན་ རྒྱལ་སྤྱི་མ་རྩ་གཞི་བཙུགས་ཀྱི་ གྲོས་འཛོམས་ཚོགས་གནང་ཡོདཔ།

ཡུ་རོབ་རྒྱལ་ཁབ་ཚོགས་པ་དང་ འབྲུག་གི་བར་ན་ རྒྱལ་སྤྱི་མ་རྩ་གཞི་བཙུགས་ཀྱི་ གྲོས་འཛོམས་ཉིནམ་དང་པ་དེ་ སྤྱི་ཟླ་ ༡ པའི་ཚེས་ ༢༧ ལུ་ ཡུ་རོབ་ལས་ མཉམ་རོགས་རྒྱལ་ཁབ་ཚུ་གིས་ འབྲུག་གི་གོང་འཕེལ་ནང་ དང་འདོད་བཙན་པའི་སྒོ་ལས་ མཇུག་བསྡུ་ཡོདཔ་ད་ དེ་བསྒང་ གསུང་གྲོས་ཚུ་ཡང་ དཔལ་འབྱོར་གོང་འཕེལ་དེ་ ཡུན་བརྟན་ཅན་དང་ ཀུན་ཚང་ཅན་སྦེ་ བརྩི་མཐོང་ཚུ་གིས་ ལམ་སྟོན་འབད་ནི་ལུ་ གཙོ་བོར་བཟུང་སྟེ་ གནང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

National News

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཀུན་ཕན་འོད་གསལ་ཆོས་གླིང་ ཆོས་སྡེ་སློབ་གྲྭའི་ དབུ་འཛིན་འོགམ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར།

མགོན་པོ་རྡོ་རྗེ།རང་ཟླ་ ༡༢ པའི་ཚེས་ ༡༡ སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ མོང་སྒར་ཐང་རོང་ལས་ཨིན་མི་ སློབ་དཔོན་བསོད་ནམས་རྡོ་རྗེ་དེ་ ཀུན་ཕན་འོད་གསལ་ཆོས་གླིང་ ཆོས་སྡེ་སློབ་གྲྭའི་ དབུ་འཛིན་འོགམ་སྦེ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 17 Today: 2122 Total visitors: 9342