ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༨ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ ཞི་བའི་སྲུང་སྐྱོབ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཆུ་ཚོད་ ༢༤ གི་ ནང་འཁོད་ལུ་ ཨིཛ་རེལ་གྱིས་ ག་ཟ་ལུ་ མཁའ་དམག་གནམ་གྲུའི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་ལས་ ཨ་ལོ་ ༤ བརྩིས་ཏེ་ མི་གྲངས་ ༨ ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས། དེ་མ་ཚད་ ལྷོ་ཕྱོགས་ག་ཟ་ལུ་ མི་སེར་ཚུ་ སྐྱབས་བཅོལ་འབད་དེ་བཞག་མི་ གུར་ཅིག་ལུ་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ གནོད་འཚུལ་བཀལ་མིའི་ནང་ཡང་ ཨ་ལོ་ ༣ བརྩིས་ཏེ་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

World News

པ་ཀིཛ་ཏཱན་གྱིས་ བང་ལ་དེཤ་ལུ་ མཁའ་དམག་གནམ་གྲུ་ཚུ་ ཚོང་སྒྱུར་འཐབ་ནི།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ པ་ཀིཛ་ཏཱན་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ པ་ཀིཛ་ཏཱན་དང་ བང་ལ་དེཤ་ མཁའ་དམག་གཙོ་འཛིན་ཚུ་གི་བར་ན་ མཁའ་དམག་གནམ་གྲུ་ ཚོང་སྒྱུར་གྱི་སྐོར་ལས་ གསུང་གྲོས་གནང་ཡི་ཟེར་ཨིན་པས། དེ་ཡང་ པ་ཀིཛ་ཏཱན་གྱིས་ བང་ལ་དེཤ་ལུ་ ཇེ་ཨེཕ་-༡༧ ཐཱན་ཌར་ཟེར་མི་ མཁའ་དམག་གནམ་གྲུ་ཚུ་དང་ གོ་མཚོན་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ ཚོང་སྒྱུར་འཐབ་ནི་གི་ རེ་འདོད་ཡོད་མི་དང་འཁྲིལ་ཏེ་ཨིནམ་སྦེ་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་ནག་གིས་ ཏཱ་ཡེ་ཝཱན་ཁ་ཐུག་ལུ་ མཁའ་དམག་གནམ་གྲུ་དང་ དམག་གྲུ་ཚུ་བཀྲམ་སྤེལ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ ཏཱ་ཡེ་ཝཱན་ སྲུང་སྐྱོབ་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་ཧེ་མའི་ནང་ རྒྱ་ནག་གིས་ ཏཱ་ཡེ་ཝཱན་ མཐའ་བསྐོར་ཏེ་ དམག་སྦྱོང་འབད་བའི་ཁར་ མི་ཛ་ཡེལ་ཡང་ ལེ་ཤ་ཅིག་ར་ བཏང་ཡོདཔ་མ་ཚད་ མཁའ་དམག་གནམ་གྲུ་དང་ དམག་གྲུ་ཚུ་ཡང་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས། དེ་འབདཝ་ལས་ ཏཱ་ཡེ་ཝཱན་ ནང་འཁོདལུ་ འཕུར་འགྲུལ་འབད་མི་ གནམ་གྲུ་ལེ་ཤ་ཅིག་ར་ ཆ་མེད་བཏང་དགོཔ་ ཐོན་ཡོདཔ་ལས་ ལུང་ཕྱོགས་དང་ ནུབ་ཕྱོགས་ཀྱི་ མཐུན་འབྲེལ་ཅན་གྱི་ རྒྱལ་ཁབ་ཚུ་ ཚ་གྱང་ལང་དགོཔ་ བྱུང་སྟེ་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ […]

World News

ནེ་པཱལ་གྱི་ ས་མཚམས་ཁྲོམ་སྡེ་ བིར་གཱནཇ་ལུ་ མི་རིགས་སྡེ་ཚན་ ༢ ཀྱི་བར་ན་ ཟིང་འཁྲུག་ལང་ཡོདཔ་ལས་ འགྲུལ་སྐྱོད་བཀག་དམ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༦ ལུ་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བདུན་ཕྲག་འདི་ནང་ ཁ་ཆེའི་ལྷ་ཁང་ཅིག་ མེདཔ་བཏང་པའི་ཤུལ་ལས་ ཧིན་དུ་དང་ མུཛ་ལིམ་མི་རིགས་ཀྱི་ སྡེ་ཚན་ཚུ་གི་བར་ན་ ཟིང་འཁྲུག་ལང་པ་ལུ་བརྟེན་ཏེ་ ནེ་པཱལ་གྱི་ ས་མཚམས་ཁྲོམ་སྡེ་ གཙོ་བོ་ཅིག་ནང་ འགྲུལ་བཀག་འབད་ཡི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཡུ་ཨེཛ་གིས་ ཝེ་ན་ཟུ་ལའི་ སྲིད་འཛིན་མ་ཌུ་རོ་དེ་ རྒྱལ་ཁབ་ནང་ལས་ ཕྱིར་བཏོན་འབད་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༣ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་ཀྱིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ ཝེ་ན་ཟུ་ལ་ལུ་ གནོད་འཚུབ་ཐོག་ལས་ ཝེ་ན་ཟུ་ལའི་སྲིད་འཛིན་ ནི་ཀོ་ལཛ་ མ་ཌུ་རོ་དེ་ འཛིན་བཟུང་ཐོག་ལུ་ ཁོ་རའི་རྒྱལ་ཁབ་ནང་ལས་ ཕྱིར་བཏོན་འབད་ཡི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་པཱན་ལུ་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་ནང་ ཨམ་སྲུའི་དོན་ལས་ ཆབ་གསང་མང་སུ་དགོ་པའི་ ཞུ་ཡིག་ཕུལ་ཡོདཔ།

བི་བི་སི།བློན་ཆེན་སེ་ནེ་ ཏ་ཀའི་ཅི་བརྩིས་ཏེ་ རྒྱ་པཱན་གྱི་ ཁྲིམས་བཟོ་ལྷན་སྡེའི་ནང་ འཐུས་མི་ཨམ་སྲུ་ ༦༠ ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ འཐུས་མི་ཨམ་སྲུ་ ཡར་སེང་འགྱོ་མི་དང་བསྟུན་ཏེ་ སྤྱི་ཚོགས་ཀྱི་ སྒྲིང་ཁྱིམ་དེ་ནང་ ཨམ་སྲུའི་དོན་ལུ་ ཆབ་གསང་མང་སུ་དགོ་པའི་སྐོར་ལས་ ཞུ་ཡིག་ཕུལ་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ གནོད་འཚུབབཀལ་ཏེ་ མི་ ༢ ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡ པའི་ཚེས་ ༣ ལུ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཁར་ཀིབ་ལུ་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ སྐྱེས་ལོ་ ༣ འབད་མི་ ཨ་ལོ་ཅིག་བརྩིས་ཏེ་ མི་གྲངས་ ༢ ལུ་ ཤི་རྐྱེན་དང་ ༢༨ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ ཕྱི་རོ་ཁམས་ཅིག་ཁར་ མི་ཛ་ཡེལ་ ༢ བཏང་སྟེ་ གནོད་འཚུབ་བཀལ་ཡོདཔ་ལས་ ཁྱིམ་ཐོག་ལེ་ཤའི་ནང་ཡོད་མི་ ཁང་ཚན་ཚུ་ག་ར་ མེདཔ་བཏང་ཡོདཔ་སྦེ་བཀོད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

World News

ཏཱ་ཡེ་ཝཱན་རྒྱལ་ཁབ་དེ་ རྒྱ་ནག་ལས་ སྲུང་སྐྱོབ་སྒྲིང་སྒྲིང་འབད་དགོ་པའི་ གནས་སྟངས་ཅིག་ལུ་གྱུར་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ལའི་ཅིང་ཏི་མཆོག་གིས་ རྒྱ་ནག་གིས་ མཚོ་གླིང་རྒྱལ་ཁབ་ ཏཱ་ཡེ་ཝཱན་ཁ་ཐུག་ལུ་ རྫས་མདའ་རོ་ཀེཊ་ཚུ་ བཏང་ཐོག་ལས་ དམག་སྦྱོང་འབད་སའི་ ཆ་ཤས་ཅིག་སྦེ་ ལག་ལེན་འཐབ་མི་དེ་ བཀག་འཛིན་འབད་ཐབས་ལུ་ སྲུང་སྐྱོབ་སྒྲིང་སྒྲིང་འབད་དགོ་པའི་ གནས་སྟངས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ གསུངས་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨཕ་གྷ་ནིཛ་ཏཱན་ལུ་ ཆུ་རུད་ཀྱིས་ མི་གྲངས་ ༡༧ ལུ་ ཤི་རྐྱེན་དང་ ༡༡ ལུ་རྨ་སྐྱོན།

ཨེ་བི་སི།   སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཡོངས་རྐྱེན་ངན་འཛིན་སྐྱོང་དབང་འཛིན་ལས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་དེ་ནང་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ ཆུ་རུད་ཐོན་ཏེ་ མི་གྲངས་ ༡༧ ལུ་ ཤི་རྐྱེན་དང་ ༡༡ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་བཟུམ་སྦེ་ སྒོ་ནོར་སེམས་ཅན་ཚུ་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གཞི་རྟེན་མཁོ་ཆས་ཚུ་དང་ བཟའ་ཚང་ ༡,༨༠༠ དེ་ཅིག་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ཧེ་མ་ལས་ར་ གནས་སྟངས་སྐྱོ་དྲགས་ཡོད་པའི་གུ་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་ཡོདཔ་སྦེ་བཀོད་ནུག། གཞུང་གི་ཁ་ཐུག་ལས་ གནོད་སྐྱོན་བྱུང་མི་ ས་ཁོངས་ཚུ་ནང་ བརྟག་ཞིབ་སྡེ་ཚན་ཚུ་ བཏང་ཡོདཔ་བཞིན་དུ་ ཁོངཆ་ཁྱབ་ཀྱིས་ དགོས་མཁོ་ཚུ་ཡང་ བརྟག་དཔྱད་འབད་དོ་ཟེར་ཨིན་པས། ཨཕ་གྷ་ནིཛ་ཏཱན་བཟུམ་སྦེ་ ཁྱིམ་མཚེས་རྒྱལ་ཁབ་ པ་ཀིཛ་ཏཱན་དང་ རྒྱ་གར་ལུ་ཡང་ གནམ་གཤིས་གནས་སྟངས་ ཚབས་ཆེན་ལུ་བརྟེན་ཏེ་ ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

World News

སུ་ཡིད་ཛར་ལེན་ལུ་ འགས་རྐྱེན་ཅིག་བྱུང་སྟེ་ མི་གྲངས་ ༤༠ དེ་ཅིག་ལུ་ཤི་རྐྱེན།

རོའི་ཊརཛ། སྤྱི་ཟླ་ ༡ པའི་ཚེས་ ༡ ལུ་ སུ་ཡིད་ཛར་ལེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆང་ཁང་ཅིག་ནང་ འགས་རྐྱེན་ཅིག་བྱུང་སྟེ་ མི་གྲངས་ ༤༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༡༠༠ དེ་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ནུག་ཟེར་ཨིན་པས། དེ་ཡང་ སུ་ཡིད་ཛར་ལེན་གྱི་ ལྷོ་ནུབ་ཁ་ཐུག་ལུ་ཡོད་མི་ སི་ཀི་སྐྱིད་གནས་ནང་ སྤྱི་ལོ་གསར་ཚེས་ཀྱི་ ཟས་སྟོན་བརྩི་སྲུང་སྐབས་ལུ་ མི་མང་ལེ་ཤ་ཅིག་ སྤུངས་འཛོམས་འབད་བའི་སྦུག་ན་ ས་གནས་ཀྱི་ དྲོ་པའི་ཆུ་ཚོད་ ༡.༣༠ དེ་ཅིག་ཁར་ འགས་ཡོདཔ་སྦེ་བཀོད་ནུག། མེ་རྐྱེན་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་གི་གྲས་ལས་ མང་ཤོས་ཅིག་ར་ གནས་སྟངས་འཚུབ་དྲགས་སྦེ་ཡོདཔ་ལས་ སྨན་བཅོས་ཚུ་ ག་དེ་དྲག་དྲག་སྦེ་ ལག་ལེན་འཐབ་དོ་ཡོད་རུང་ ལེ་ཤ་ཅིག་ལུ་ར་ ཤི་རྐྱེན་འབྱུང་ནི་བཟུམ་ཅིག་འདུག་ཟེར་ཨིན་པས། དེ་བསྒང་ སྨན་བཅོས་སྣུམ་འཁོར་ ༤༠ དང་ གནམ་གྲུ་ཧེ་རི་ཀོབ་ཊར་ ༡༠ དེ་ཅིག་ བཀྲམ་སྤེལ་འབད་ཡོདཔ་ད་ བྱུང་རྐྱེན་དེ་གི་སྐོར་ལས་ ཁ་གསལ་སྦེ་ ཧ་མ་གོ་རུང་ དབང་འཛིན་ཚུ་གིས་ རྐྱེན་ངན་བཟུམ་ཅིག་སྦེ་ བརྩི་འཇོག་འབད་ནུག་ཟེར་ […]

Online now: 17 Today: 952 Total visitors: 10982