ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ ཀྲོབ་མདའ་རྐྱབ་སྟེ་ པེ་ལིཛ་ཊིན་གྱི་ མི་སེར་ ༥ དམར་བསད།

རོའི་ཊརཛ། སྤྱི་ཟླ་ ༢ པའ་ཚེས་ ༡༠ ལུ་ གསོ་བའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ག་ཟ་ལུ་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་དང་ ཀྲོབ་མདའ་རྐྱབ་སྟེ་ པེ་ལིཛ་ཊིན་གྱི་ མི་སེར་ ༥ དམར་བསད་འབད་ཡི་ཟེར་ཨིན་པས། དེ་མ་ཚད་ ག་ཟའི་དབུས་ཕྱོགས་ལུ་ཡོད་མི་ ཌིར་ཨཱལ་བཱ་ལཱ་ལུ་ཡང་ མཁའ་དམག་ཐོག་ལས་ གློག་མེའི་བག་བག་བཏང་མི་ ༢ དམར་བསད་འབམད་པའི་ཁར་ དེ་གི་ཤུལ་ལས་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ ཨམ་སྲུ་ཅིག་ཡང་ དམར་བསད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

རྒྱ་པཱན་གྱི་བློན་ཆེན་ ཨམ་ས་ནེ་ ཏ་ཀའི་ཅི་གིས་ རྒྱལ་རབས་ཅན་གྱི་ རྒྱལ་ཁ་ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ།

བི་བི་སི། རྒྱ་པཱན་གྱི་བློན་ཆེན་ ཨམ་ས་ནེ་ ཏ་ཀའི་ཅི་གི་ སྲིད་དོན་ཚོགས་པ་ ལི་བི་རཱལ་ ཌེ་མོ་ཀེ་རེ་ཊིག་ པར་ཊི་གིས་ བཙག་འཐུའི་ནང་ལས་ རྒྱལ་རབས་ཅན་གྱི་ རྒྱལ་ཁ་ཐོབ་པའི་ཤུལ་ལས་ སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ བགོ་བཤའ་ཚུ་ མཐོ་ཤོས་ཅིག་ལུ་ ཡར་སེང་སོང་ནུག། དེ་ཡང་ སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ ལི་བི་རཱལ་ ཌེ་མོ་ཀེ་རེ་ཊིག་ པར་ཊི་གིས་ སྡོད་ཁྲི་ ༤༦༥ ལས་ ༣༡༦ ཐོབ་མི་དེ་ སྤྱི་ལོ་ ༡༩༤༧ ལོར་ རྒྱ་པཱན་ལུ་ སྤྱི་ཚོགས་གཞི་བཙུགས་འབད་ཞིནམ་ལས་ ད་ཚུན་གྱི་བར་ན་ སྲིད་དོན་ཚོགས་པ་ཅིག་གིས་ ཚོགས་ཁང་འོག་མའི་ནང་ སྡོད་ཁྲི་གསུམ་དཔྱ་ ༢ ཐོབ་མི་དེ་ འགོ་དང་པ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ […]

World News

ཡུ་ཀེ་རེན་དང་ ར་ཤི་ཡའི་བར་ན་ བཙོན་པ་ཚུ་ བརྗེ་སོར་འབད་ནི་ལུ་ མོས་མཐུན་བྱུང་ཡོདཔ།

རོའི་ཊརཛ།འཛམ་གླིང་དམག་ཆེན་ ༢ པའི་ཤུལ་ལས་ ཡུ་རོབ་ལུ་ དཀའ་ངལ་སྦོམ་ཤོས་ཅིག་ཨིན་མི་ ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་དེ་ མཇུག་བསྡུ་བཅུག་ནིའི་དོན་ལུ་ ཡུ་ཨེཛ་གིས་ བར་འཛུལ་འབད་དེ་ བདེ་སྒྲིག་ཞལ་འཛོམས་ སྐོར་ཐེངས་ ༢ པ་ གནང་མི་དེ་ སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

World News

རྒྱ་གར་ལུ་ ས་གཏེར་གྱི་ ལཱ་འབད་སར་ འགས་རྐྱེན་ཅིག་བྱུང་སྟེ་ མི་ ༡༨ ལུ་ཤི་རྐྱེན།

བི་བི་སི།རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ མེ་གྷ་ལ་ཡ་ལུ་ ཁྲིམས་འགལ་ཐོག་ལས་ རྡོ་སོལ་བཏོན་ནིའི་དོན་ལས་ ས་གཏེར་གྱི་ ལཱ་འབད་སར་ འགས་རྐྱེན་ཅིག་བྱུང་སྟེ་ ས་གཏེར་གྱི་ ལཱ་འབད་མི་ ༡༨ ལུ་ ཤི་རྐྱེན་དང་ ༡ ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།

World News

མཐའ་ཡས་ལེན་གྱི་ བཙག་འཐུའི་ནང་ བློན་ཆེན་བགྲེསཔ་ཅིག་གིས་ཡང་ དོ་འགྲན་འབད་ནི།

རོའི་ཊརཛ།སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་དོན་ལས་ སྐུལ་བསྒྲགས་འབདཝ་ད་ མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཨ་བྷི་སིཊ་ ཝེ་ཇ་ཇི་ཝ་དེ་ ལམ་འགྲུལ་འབད་ཚུ་གིས་ བཀག་ཐོག་ལས་ ཁོ་དང་གཅིག་ཁར་ དཔར་བཏབ་ནུག།ཨོགཛ་ཕོརཌ་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ དཔལ་འབྱོར་མཁས་མཆོག་དེ་ སྲིད་དོན་ནང་ རྣམ་རྟོག་མེད་པར་ ལོག་འོང་མི་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ དགའ་ཚོར་སྐྱེདཔ་མ་ཚད་ ཐུགཔ་བཙོང་མི་ཅིག་གིས་ ཁྱོད་ ད་ལྟོ་ཡང་ ཧེ་མ་བཟུམ་སྦེ་ར་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ར་ མཐོང་མི་ལུ་ སེམས་དགའ་ཡི་ཟེར་ སླབ་ཡོདཔ་ཨིན་པས།

World News

ཨིཛ་རེལ་གྱིས་ ག་ཟ་ལུ་ དྲག་བཅོམ་འབད་དེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༠ དམར་བསད།

བི་བི་སི།སྤྱི་ཟླ་ ༢ པའི་ཚེས་ ༤ ལུ་ ག་ཟའི་བྱང་དང་ ལྷོ་ཁ་ཐུག་ལུ་ ཨིཛ་རེལ་གྱིས་ དྲག་བཅོམ་འབད་དེ་ པེ་ལིཛ་ཊིན་གྱི་ མི་སེར་ ༢༠ དེ་ཅིག་ དམར་བསད་འབད་ནུག།ཨིཛ་རེལ་དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དྲག་ཐོག་དབང་བཙོངཔ་ཚུ་གིས་ བྱང་ཕྱོགས་ཁ་ཐུག་ལུ་ ཀྲོབ་མདའ་རྐྱབ་ཡོདཔ་ལས་ དམག་མི་ཅིག་ལུ་ རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ ངན་ལན་འཇལ་ཡི་ཟེར་ཨིན་པས།

World News

ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་དང་ ཁྲོམ་སྡེ་གཞན་ཚུ་ནང་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ།སྤྱི་ཟླ་ ༢ པའི་ཚེས་ ༣ གྱི་དྲོ་པར་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་ལུ་ མི་ཛ་ཡེལ་ཚུ་འཕང་སྟེ་ གནོད་འཚུབ་བཀལ་ཡོདཔ་ལས་ ཁང་ཚན་སྒྲིང་ཁྱིམ་ཚུ་དང་ སྒྲིང་ཁྱིམ་གཞན་ཚུ་ལུ་ གནོད་སྐྱོན་བྱུང་ནུག།དེ་ཡང་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་ ཡུ་ཀེ་རེན་ རྒྱལ་ཁབ་ཀྱི་ ཁྲོམ་སྡེ་སྦོམ་ཤོས་གཉིས་པ་ ཁར་ཀིབ་རྩིས་ཏེ་ ཡུ་ཀེ་རེན་གྱི་ ལུང་ཕྱོགས་གཞན་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་ ༢ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།

World News

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ག་ཟའི་ས་གནས་ ར་ཕ་བརྒྱུད་དེ་ ནདཔ་ ༥ དེ་ཅིག་ ཨི་ཇིབ་ལུ་ གནས་སྤོ་བཏང་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ ད་རེས་ འགོ་དང་པ་ ནདཔ་ ༥ དེ་ཅིག་ ག་ཟའི་ས་གནས་ ར་ཕ་བརྒྱུད་དེ་ ཨི་ཇིབ་ལུ་ གནས་སྤོ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས། དེ་བཟུམ་སྦེ་ སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་དང་ མཉམ་འབྲེལ་པ་ཚུ་གིས་ རྒྱབ་སྐྱོར་འབད་དེ་ ནདཔ་ ༥ དང་ ནད་གཡོགཔ་ ༧ དེ་ཅིག་ཡང་ ས་གནས་ར་ཕ་བརྒྱུད་དེ་ ཨི་ཇིབ་ལུ་ སྨན་བཅོས་འབད་བར་ བཏང་ཡོདཔ་སྦེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འགོ་དཔོན་ཅིག་གིས་བཤད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ […]

World News

ཡུ་ཨེཛ་གི་ཁ་ཐུག་ལས་ རྒྱ་གར་གྱི་ ཅ་ཆས་ཚུ་ལུ་ ཚོང་ཁྲལ་བརྒྱ་ཆ་ ༥༠ ཡོད་མི་ལས་ བརྒྱ་ཆ་ ༡༨ མར་ཕབ་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ རྒྱ་གར་གྱི་ ཅ་ཆས་ཚུ་ལུ་ ཚོང་ཁྲལ་བརྒྱ་ཆ་ ༥༠ ཡོད་མི་ལས་ བརྒྱ་ཆ་ ༡༨ མར་ཕབ་འབད་ནི་ཨིན་པའི་ གསལ་བསྒྲགས་གནང་ནུག། དེ་ཡང་ རྒྱ་གར་གྱིས་ ར་ཤི་ཡ་ལས་ གོང་ཚད་མར་ཕབ་ཐོག་ལུ་ ཉོ་འདྲེན་འབད་མི་ ས་སྣུམ་ཚུ་ ད་ལས་ཕར་ མཚམས་འཇོག་འབད་ནི་ཨིན་པའི་ ཚོང་འབྲེལ་བརྗེ་སོར་གྱི་ ཚབ་ལུ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ ༢ ཀྱི་བར་ན་ སྲུང་སྐྱོབ་མཉམ་འབྲེལ་ ཡར་སེང་དང་ བཅོས་མའི་རིག་རྩལ་དང་ རང་སྒུལ་མཚོན་ཆའི་རིམ་ལུགས།

རོའི་ཊརཛ།སྤྱི་ཟླ་ ༡ པའི་ཚེས་ ༣༠ ལུ་ ལྷོ་ཀོ་རི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་གྱི་ སྲུང་སྐྱོབ་བློན་པོ་ ༢ ཀྱི་བར་ན་ སྲུང་སྐྱོབ་མཉམ་འབྲེལ་ ཡར་སེང་དང་ གོ་མཚོན་གྱི་གྲངས་སུ་ བཅོས་མའི་རིག་རྩལ་དང་ རང་སྒུལ་མཚོན་ཆའི་རིམ་ལུགས་ཚུ་ བཙུགས་ནིའི་དོན་ལུ་ མཉམ་འབྲེལ་འཐབ་ནི་སྦེ་ ཁ་འཆམས་ཡི་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 4 Today: 672 Total visitors: 10702