ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

ཧོར་མུཛ་གི་མཚོ་ལམ་དེ་ སྒོ་ཕྱེ་ཡོདཔ་ལས་ ས་སྣུམ་གྱི་ གོང་ཚད་མར་འབབ།

བི་བི་སི། སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ ཨི་རཱན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཧོར་མུཛ་གི་མཚོ་ལམ་དེ་ ཚོང་འབྲེལ་གྲུ་གཟིངས་ཚུ་གི་དོན་ལས་ སྒོ་ཕྱེ་ནི་དེ་གིས་ ས་སྣུམ་གྱི་ གོང་ཚད་ཚུ་ བེ་རེལ་རེར་ ཌོ་ལར་ ༩༨ རེ་ལས་ ཌོ་ལར་ ༨༨ རེ་ལུ་ མར་འབབ་སོང་ཡི་ཟེར་ཨིན་པས། ཨི་རཱན་གྱི་ ཕྱི་འབྲེལ་བློན་པོ་ ཨ་བཱཛ་ཨ་རག་ཅི་གིས་ དམག་འཁྲུག་མཚམས་འཇོག་གི་ དུས་ཡུན་མ་རྫོགས་ཚུན་གྱི་རིང་ལུ་ ཚོང་འབྲེལ་གྲུ་གཟིངས་ཚུ་ག་ར་ ཧོར་མུཛ་མཚོ་ལམ་བརྒྱུད་དེ་ འགྱོ་ནིའི་དོན་ལུ་ སྒོ་ཕྱེ་སྟེ་ཡོདཔ་སྦེ་ གསལ་བསྒྲགས་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། […]

World News

སྲིད་དོན་པ་ཚུ་དང་ འགོ་དཔོན་ཚུ་གི་ རྒྱུ་དངོས་དང་ བདོག་གཏད་ཚུ་ དབྱེ་ཞིབ་འབད་མི་ བསླབ་སྟོན་གྲོས་ཚོགས་ གཞི་བཙུགས་འབད་ནི།

རོའི་ཊརཛ། ནེ་པཱལ་གྱི་ གཞུང་གསར་པའི་དབུ་ཁྲིད་ བེ་ལེན་ད་ར་ཤཱ་གིས་ འདས་པ་དང་ ད་ལྟོའི་སྲིད་དོན་པ་ཚུ་དང་ འགོ་དཔོན་ཚུ་གི་ རྒྱུ་དངོས་དང་ བདོག་གཏད་ཚུ་ དབྱེ་ཞིབ་འབད་མི་ བསླབ་སྟོན་གྲོས་ཚོགས་ཅིག་ གཞི་བཙུགས་འབད་ནི་ཨིནམ་ད་ དེ་ཡང་ ཧི་མ་ལ་ཡའི་ རྒྱལ་ཁབ་ནང་ ངན་ལྷད་བཀག་ཐབས་ལུ་ དམིགས་ཏེ་ཨིན་པས། སྐྱེས་ལོ་ ༣༥ འབད་མི་ བེ་ལེན་ད་ར་ཤཱ་གིས་ དུས་ཅི་ སྤྱི་ཟླ་ ༣ པའི་ཚེས་ ༥ ལུ་ འགོ་འདྲེན་འཐབ་མི་ སྤྱི་ཚོགས་ཀྱི་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་པའི་ཤུལ་ལུ་ བློན་ཆེན་སྦེ་ བཙག་འཐུ་གྲུབ་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ […]

World News

རྒྱ་པཱན་གྱིས་ ཤར་ལྷོ་ཨེ་ཤི་ཡའི་ ་རྒྱལ་ཁབ་ཚུ་ལུ་ ས་སྣུམ་དང་ ནུས་ཤུགས་ཉེན་སྲུང་གི་དོན་ལས་ ཌོ་ལར་ཐེར་འབུམ་ ༡༠ བྱིན་ནི།

བི་བི་སི། རྒྱ་པཱན་གྱིས་ ཤར་ལྷོ་ཨེ་ཤི་ཡའི་ ཁྱིམ་ཚང་རྒྱལ་ཁབ་ཚུ་ལུ་ ཨི་རཱན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ ས་སྣུམ་དང་ ནུས་ཤུགས་ཉེན་སྲུང་གི་དོན་ལས་ ཌོ་ལར་ཐེར་འབུམ་ ༡༠ བྱིན་ནི་སྦེ་ ཁས་བླངས་འབད་མཛད་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༥ ལུ་ རྒྱ་པཱན་གྱི་བློན་ཆེན་ ས་ནཻ་ཏ་ཀའི་ཅི་གིས་ ཨེ་ཤི་ཡའི་ རྒྱལ་ཁབ་ཀྱི་ དབུ་ཁྲིདཔ་ཚུ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ ཞལ་འཛོམས་ཅིག་ ཚོགས་གནང་པའི་ཤུལ་ལུ་ གསལ་བསྒྲགས་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ […]

World News

ཊར་ཀི་ལུ་ སློབ་ཕྲུག་ན་ཆུང་ཅིག་གིས་ ཀྲོབ་མདའ་རྐྱབ་སྟེ་ མི་ ༩ ལུ་ ཤི་རྐྱེན་དང་ ༡༣ ལུ་རྨ་སྐྱོན།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༥ ལུ་ སློབ་ཕྲུག་ན་ཆུང་ཅིག་གིས་ ཤར་ལྷོ་ཊར་ཀིའི་ འབྲིང་རིམ་སློབ་གྲྭ་ཅིག་ནང་ ཀྲོབ་མདའ་ག་ལྷོད་རྐྱབ་ཡོདཔ་ལས་ སློབ་ཕྲུག་ ༨ དང་ སློབ་དཔོན་ ༡ ལུ་ ཤི་རྐྱེན་དང་ གཞན་མི་ ༡༣ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ gyalchi.cir@gmail.com དང་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟའི་ས་ཁོངས་ནང་ གནོད་འཚུབ་བཀལ་ཏེ་ མི་ལེ་ཤ་ཅིག་ དམར་བསད་འབད་ཡོདཔ།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༤ པའི་ཚེས་ ༡༥ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟའི་ས་ཁོངས་ནང་ གནོད་འཚུབ་བཀལ་ཡོདཔ་ལས་ ཨ་ལོ་ ༢ བརྩིས་ཏེ་ པེ་ལེཛ་ཊིན་གྱི་ མི་སེར་ ༡༡ དམར་བསད་འབད་ནུག། དེ་བཟུམ་སྦེ་ སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ཡང་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མིའི་ནང་ སྐྱེས་ལོ་ ༣ དང་ སྐྱེས་ལོ་ ༡༤ འབད་མི་ ཨ་ལོ་ ༢ ལུ་ ཤི་རྐྱེན་བྱུང་པའི་ཁར་ ག་ཟའི་ཁྲོམ་ཁར་ཡང་ སྐྱེས་ལོ་ ༣ འབད་མི་ ཨ་ལོ་ ༡ བརྩིས་ཏེ་ མི་གྲངས་ ༤ ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ སྲུང་སྐྱོབ་དབང་འཛིན་གྱིས་ བཤད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ […]

World News

ར་ཤི་ཡ་གིས་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ ཡུ་ཀེ་རེན་ལུ་ གནོད་འཚུབ་བཀལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ ཡུ་ཀེ་རེན་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་འབད་བ་ཅིན་ ར་ཤི་ཡ་གིས་ མཁའ་དམག་འཕྲུལ་ཆས་ ཌཱོན་གྱི་ཐོག་ལས་ ཡུ་ཀེ་རེན་གྱི་ ལྷོ་ཕྱོགས་ཨོ་ཌི་སའི་ ལུང་ཕྱོགས་ནང་ ནུབམོ་གཅིག་གི་རིང་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ པ་ན་མའི་ རྒྱལ་དར་ཕྱར་མི་ གྲུ་ཆེན་ཅིག་ལུ་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་མ་ཚད་ ཡུ་ཀེ་རེན་གྱི་ གྲུ་ཚུགས་ས་ཁོངས་ཚུ་གི་ནང་ཡང་ གཞི་རྟེན་མཁོ་ཆས་དང་ ལཱ་ཆས་ཚུ་ལུ་ གནོད་སྐྱོན་བྱུང་ཡོདཔ་སྦེ་ ཡུ་ཀེ་རེན་གྱི་ བློན་ཆེན་འོགམ་ ཨོ་ལེག་སི་ ཀུ་ལེ་བཱ་གིས་ གསལ་བཤད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ […]

World News

ཡུ་ཨེཛ་དམག་མི་ཚུ་གིས་ ཨི་རཱན་གྱི་ གྲུ་ཚུགས་ཚུ་ བཀག་དམ་འབད་ནི་ འགོ་བཙུགས་ཡོདཔ་།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལས་ ཡུ་ཨེཛ་དམག་མི་ཚུ་གིས་ ཨི་རཱན་གྱི་ གྲུ་ཚུགས་ཚུ་ བཀག་དམ་འབད་ནི་ འགོ་བཙུགས་ཡོད་རུང་ སྤྱི་ཟླ་ ༤ པའི་ཚེས་ ༡༤ ལུ་ ས་སྣུམ་གྱི་ གོང་ཚད་ཚུ་ ཌོ་ལར་ ༡༠༠ འོག་རྒྱུ་ལུ་ མར་འབབ་སོང་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༡༢ ལུ་ པ་ཀིཛ་ཏཱན་གྱི་རྒྱལ་ས་ ཨིཛ་ལ་མ་བཱད་ལུ་སྦེ་ ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ ཕྱད་མདའ་མཚམས་འཇོག་གི་ ཞི་བདེའི་གསུང་གྲོས་གནང་མི་དེ་ མོས་མཐུན་བྱུང་མ་ཚུགས་པའི་ཤུལ་ལས་ ཡུ་ཨེཛ་གིས་ ཨི་རཱན་གྱི་ གྲུ་ཚུགས་ཚུ་ བཀག་དམ་འབད་ནི་ འགོ་བཙུགས་ནུག། ཨིན་རུང་ པ་ཀིཛ་ཏཱན་གྱི་བློན་ཆེན་ ཤེ་བཱཛ་ཤ་རིཕ་གིས་ དཀའ་ངལ་དེ་ སེལ་ཐབས་ལུ་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེད་བཞིན་དུ་ཡོདཔ་སྦེ་ གསུངསམ་ཨིན་པས་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ […]

World News

ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ དམག་སྡེའི་གཙོ་འཛིན་སྦེ་ ཨམ་སྲུ་འགོ་དང་པ་ བསྐོ་བཞག་འབད་ནི།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ གཞི་བཀོད་བསྒྱུར་བཅོས་དང་འཁྲིལ་ཏེ་ དམག་སྡེའི་གཙོ་འཛིན་སྦེ་ ཨམ་སྲུ་བསྐོ་བཞག་འབད་ནི་ཨིན་མི་དེ་ ཨཱཛ་ཊེ་ལི་ཡའི་ བྱུང་རབས་ནང་ འགོ་དང་པ་ཨིན་པས། དེ་ཡང་ ད་ལྟོ་ མཉམ་འབྲེལ་ལྕོགས་གྲུབ་གཙོ་འཛིན་སྦེ་ ཕྱག་ཞུ་མི་ གུང་བློན་སུ་སན་ ཀོའི་ལེ་དེ་ དུས་ཅི་ སྤྱི་ཟླ་ ༧ པའི་ནང་ གུང་བློན་སི་མཱོན་ སི་ཅརཊ་གི་ཚབ་སྦེ་ བསྐོ་བཞག་འབད་ནི་ཨིནམ་སྦེ་ གཞུང་གི་ཁ་ཐུག་ལས་ གསལ་བསྒྲགས་གནང་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ གློག་འཕྲིན་ཁ་བྱང་ […]

World News

ཡུ་ཨེཛ་མཚོ་དམག་གིས་ ཧོར་མུཛ་གི་ མཚོ་ལམ་བཀག་དམ།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༢ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་མཚོ་དམག་གིས་ ཧོར་མུཛ་གི་ མཚོ་ལམ་དེ་ དེ་འཕྲལ་ལས་ བཀག་དམ་འབད་ནི་ འགོ་བཙུགས་འོངཟེར་ཨིན་པས། དེ་ཡང་ པ་ཀིཛ་ཏཱན་ལུ་སྦེ་ ཨི་རཱན་དང་གཅིག་ཁར་ ཕྱད་མདའ་མཚམས་འཇོག་གི་དོན་ལས་ དུས་ཡུན་ཆུ་ཚོད་ ༢༡ གི་རིང་ལུ་ ཞི་བདེའི་གསུང་གྲོས་གནང་མི་དེ་ ཞལ་འཆམ་བྱུང་མ་ཚུགས་པར་ ལུས་ནི་དེ་གིས་ཨིནམ་སྦེ་བཀོད་ནུག། དེ་མ་ཚད་ རྒྱལ་སྤྱིའི་མཚོ་ལམ་ཨིན་མི་ ཧོར་མུཛ་གི་ མཚོ་ལམ་བདའ་སྟེ་ རྒྱུན་འབྲེལ་འཐབ་མི་ གྲུ་ཆེན་རེ་རེ་བཞིན་དུ་གིས་ ཨི་རཱན་ལུ་ སྤྱོད་ཁྲལ་ཚུ་ཡང་ སྤྲོད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ […]

World News

པ་ཀིཛ་ཏཱན་ལུ་ ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ ཞི་བདེའི་གསུང་གྲོས་གནང་མི་དེ་ གྲོས་བཅུད་མེདཔ་སྦེ་ མཇུག་བསྡུ་ཡོདཔ།

རོའི་ཊརཛ། པ་ཀིཛ་ཏཱན་གྱི་རྒྱལ་ས་ ཨིཛ་ལ་མ་བཱད་ལུ་ ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ ཕྱད་མདའ་མཇུག་བསྡུ་ནིའི་དོན་ལས་ ཞི་བདེའི་གསུང་གྲོས་གནང་མི་དེ་ སྤྱི་ཟླ་ ༤ པའི་ཚེས་ ༡༢ ཀྱི་དྲོ་པ་ གྲོས་བཅུད་ག་ནི་ཡང་མེདཔ་སྦེ་ མཇུག་བསྡུ་ནུག། དེ་ཡང་ བདུན་ཕྲག་ ༦ གི་ཧེ་མ་ འགོ་བཙུགས་མི་ ཕྱད་མདའ་དེ་ མཇུག་བསྡུའི་དོན་ལས་ པ་ཀིཛ་ཏཱན་ལུ་སྦེ་ ཡུ་ཨེཛ་དང་ ཨི་རཱན་གྱི་བར་ན་ དུས་ཡུན་ཆུ་ཚོད་ ༢༡ གི་རིང་ལུ་ གསུང་གྲོས་གནང་ཡོད་རུང་ གྲོས་བཅུད་ག་ནི་ཡང་ ཐོན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས། ཕྱད་མདའ་དེ་ནང་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ འཛམ་གླིང་ནང་ ས་སྣུམ་གྱི་ གོང་ཚད་ཚུ་ཡང་ ཡར་སེང་སྦོམ་སྦེ་ར་ སོང་སྟེ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་དང་ ཤེས་ཡོན་ ལམ་སྲོལ་ སྤྲོ་བ་ལ་སོགས་པ་ཚུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ […]

Online now: 16 Today: 2653 Total visitors: 9873