ArchiveAboutContact

Category: འཛམ་གླིང་གནས་ཚུལ།

World News

རྒྱན་ཤོག་གསོལ་རས་ ཐོབ་པའི་ཤུལ་ལས་ མ་དངུལ་གྱི་ གྲོགས་རམ་ལེན་མི་ལུ་ ཞེན་པ་ལོག་ཡོདཔ།

བི་བི་སི།རྒྱ་གར་གྱི་མངའ་སྡེ ཀེ་ར་ལ་ལུ་ ཨོ་ཊོ་རིག་ཤྭའི་ དེད་གཡོགཔ་ཨ་ནུབ་ཀྱིས་ མངའ་སྡེ་གཞུང་གི་ རྒྱན་ཤོག་གསོལ་རས་ རུ་པི་ས་ཡ་ ༢༥༠ ཐོབ་པའི་ཤུལ་ལས་ བློ་འགྱོད་སྦོམ་ བྱུང་ཡི་ཟེར་བཤད་ནུག།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལུ་ གསོལ་རས་དེ་ ཐོབ་པའི་ཤུལ་ལས་ མ་དངུལ་གྱི་ གྲོགས་རམ་དགོ་མི་ ལེ་ཤ་ཅིག་ ཐོན་ནི་དེ་གིས་ཨིནམ་ད་ ཁོ་གིས་འབད་བ་ཅིན་ གསོལ་རས་དེ་ ཨང་དང་པ་མིན་པར་ ཨང་གསུམ་པ་ཨིན་རུང་ ཀྲིག་ཀྲིག་སོང་ནུག་ཟེར་ཨིན་པས།དེ་སྦེ་ གསོལ་རས་ཐོབ་པའི་ཤུལ་ལས་ མི་ངོ་མ་ཤེསཔ་ཚུ་གིས་ ཁོ་དང་ ཁོ་གི་བཟའ་ཚང་ཚུ་ལུ་ དོན་དག་མེད་པའི་ དཀའ་ངལ་བྱིན་ནི་དེ་ བཞག་དགོ་པའི་ གསོལ་འདེབས་ཅིག་ཡང་ མི་སྡེའི་བརྡ་བརྒྱུད་ནང་ བཏང་ཡོདཔ་ཨིན་པས།དེ་མ་ཚད་ མཚམས་ཚོད་མེད་པའི་ མ་དངུལ་གྱི་ གྲོགས་རམ་ལེན་མི་ལས་ ཟུར་ཐབས་ལུ་ སྡོད་ཁྱིམ་ཡང་ སྤོ་བཤུད་འབད་དགོཔ་ ཐོན་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་གྱིས་ ཕྱི་གསལ་ནང་གསལ་གྱི་ ཉི་དྲོད་ཀྱི་ སྲབ་ལེབ་གསར་གཏོད།

བི་བི་སི། རྒྱ་པཱན་ལུ་ འཕྲུལ་རིག་གི་ ཤུལ་མའི་ཐོན་རིམ་ནང་ འོས་འབབ་ག་ནི་བ་ཡོད་མི་ ཕྱི་གསལ་ནང་གསལ་གྱི་ ཉི་དྲོད་ཀྱི་སྲབ་ལེབ་ སྒོ་སྒྲིག་གུ་བཀལ་ཏེ་ ཉི་དྲོད་ལུ་བརྟེན་པའི་ ནུས་ཤུགས་བཟོ་བཏོན་གྱིས་མ་དོ་བར་ རང་སོའི་ཁང་མིག་ནང་ལས་ཡང་ བཅོས་མའི་དྲོད་ཤུགས་ བཟོ་བཏོན་འབད་ཚུགས་མི་ འཕྲུལ་རིག་གོང་འཕེལ་བཏངམ་ཨིན་པས། ཀི་ཡོ་ཊོ་ལུ་ཡོད་མི་ ཨི་ནེ་ཀཱོཊ་ ཊེག་ནོ་ལོ་ཇི་ ཚོང་སྡེ་གིས་འབད་བ་ཅིན་ འཕྲུལ་རིག་དེ་ གྲ་སྒྲིག་སོང་ཞིནམ་ལས་ འཕྲུལ་རིག་དེ་ལུ་བརྟེན་པའི་ ནུས་ཤུགས་དེ་ ནམ་རྒྱུན་གྱི་ ཉི་དྲོད་སྲབ་ལེབ་ཚུ་དང་ ནུས་ཤུགས་འདྲ་མཉམ་སྦེ་ བཟོ་བཏོན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས། ཚོང་སྡེ་དེ་ གཞི་བཙུགས་མཉམ་འབྲེལ་པ་དང་ བཀོད་ཁྱབ་གཙོ་འཛིན་ ན་ཨོ་ཡ་ ཀ་ཏོ་གིས་འབད་བ་ཅིན་ འཕྲུལ་རིག་གསརཔ་ཚུ་ ལོ་ངོ་ ༣ དང་ ༤ གི་ ནང་འཁོད་ལུ་ ཚོང་འབྲེལ་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས། དེ་མ་ཚད་ འཕྲུལ་རིག་དེ་ ཕྱི་ཁར་ལག་ལེན་འཐབ་ནིའི་དོན་ལུ་ གནམ་གཤིས་གནས་སྟངས་ཚུ་ཐུབ་མི་ ཁྱད་ཆོས་ཡང་ འོང་དགོཔ་ལས་ དུས་ཚོད་ཨ་ཙི་ཅིག་ འགོར་ནི་ཨིན་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱིས་ ཨི་རཱན་དོན་གཅོད་སྐུ་ཚབ་ཀྱི་ གནས་ཚད་མར་ཕབ་མི་ལུ་ ཨི་རཱན་གྱིས་གདོང་ལན།

ཨེ་བི་སི།ཨི་རཱན་གྱིས་ ར་ཤི་ཡ་ལུ་ དམག་འཐབ་ཀྱི་ རང་སྒུལ་གནམ་གྲུ་ཆུང་བ་ཚུ་ བཙོངས་ཡོདཔ་ལས་ ཡུ་ཀེ་རེན་གྱིས་ ཨི་རཱན་དོན་གཅོད་སྐུ་ཚབ་ཀྱི་ གནས་ཚད་མར་ཕབ་མི་ལུ་ ཨི་རཱན་གྱིས་ཡང་ དེ་དང་བསྟུན་པའི་ གདོང་ལན་འབད་ནི་ཨིན་ཟེར་ བཤད་ཡོད་རུང་ ཁོང་གིས་ ར་ཤི་ཡ་ལུ་ དམག་འཐབ་ཀྱི་ རང་སྒུལ་གནམ་གྲུ་ཆུང་བ་ཚུ་ བཙོངས་ཡོདཔ་སྦེ་ ཐད་ཀར་དུ་ ཁ་བཟེད་མ་བཏུབ་ཨིན་པས།དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ ཨི་རཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཕྱི་ཁའི་བརྡ་བརྒྱུད་ཚུ་ནང་ གཏན་འཁེལ་མེད་པའི་ གནས་ཚུལ་བཀོད་མི་ལུ་ གཞི་བརྟེན་འབད་དེ་ ཡུ་ཀེ་རེན་གྱིས་ ཨི་རཱན་དོན་གཅོད་སྐུ་ཚབ་ཀྱི་ གནས་ཚད་མར་ཕབ་འབད་མི་དེ་ བློ་འགྱོད་པའི་ གཞི་ཅིག་ཨིན་པས་ཟེར་བཤད་ནུག།ཨི་རཱན་གྱིས་ ར་ཤི་ཡ་ལུ་ དམག་འཐབ་ཀྱི་ རང་སྒུལ་གནམ་གྲུ་ཆུང་བ་ཚུ་ མ་བཙོངས་པའི་སྐོར་ལས་ ཐད་ཀར་དུ་ ངོས་ལེན་མ་འབད་རུང་ ཡུ་ཀེ་རེན་གྱི་ དམག་འཁྲུག་དང་འབྲེལ་ཏེ་ ཁོང་གི་ཁ་ཐུག་ལས་ ཕྱོགས་རིས་མེདཔ་སྦེ་ར་ སྡོད་ཡོད་ཟེར་ཨིན་པས།ཡུ་ཀེ་རེན་ སྲིད་འཛིན་གྱིས་ འབད་བ་ཅིན་ ཨི་རཱན་དང་གཅིག་ཁར་ དོན་གཅོད་ཀྱི་གནས་ཚད་ མར་ཕབ་འབད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཨི་རཱན་ལུ་ བཟོ་བསྐྲུན་འབད་མི་ དམག་འཐབ་ཀྱི་ […]

gyalchi
World News

རྒྱ་གར་བྱང་ཕྱོགས་ལུ་ ཆར་ཆུ་དང་ གློག་ཀེམ་ལུ་བརྟེན་ཏེ་ མི་གྲངས་བསྡོམས་ ༣༦ ལུ་ཤི་རྐྱེན།

ཨེ་བི་སི།སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ འདས་པའི་ཆུ་ཚོད་ ༢༤ གི་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་དང་ གློག་ཀེམ་ལུ་བརྟེན་ཏེ་ རྒྱ་གར་བྱང་ཕྱོགས་ཁ་ཐུག་ལུ་ གློག་ཀེམ་གྱིས་ མི་གྲངས་ ༡༢ བརྩིས་ཏེ་ མི་གྲངས་བསྡོམས་ ༣༦ ལུ་ ཤི་རྐྱེན་བྱུང་ནུག།དེ་ཡང་ རྒྱ་གར་བྱང་ཕྱོགས་མངའ་སྡེ་ ཨུ་ཏར་པར་དེཤ་ལུ་ སྡོད་ཁྱིམ་རམ་འགྱོ་བའི་ རྐྱེན་ངན་ནང་ མི་གྲངས་ ༢༤ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གློག་ཀེམ་ལུ་བརྟེན་ཏེ་ འདས་པའི་ཉིན་ཞག་ ༥ གི་ནང་ མི་གྲངས་ ༣༩ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ དབང་འཛིན་ཚུ་གིས་ བཤད་ཡོདཔ་ཨིན་པས།དེ་མ་ཚད་ འཛམ་གླིང་ནང་ ཚ་དྲོད་ཡར་འཕར་ལུ་བརྟེན་ཏེ་ འཕྲལ་འཕྲལ་སྦེ་ར་ གློག་ཀེམ་མས་ཟེར་ མཚན་རིག་དང་ རང་བཞིན་གནས་སྟངས་ཀྱི་ མདོ་ཆེན་གྱིས་ བཤད་ཡོདཔ་ད་ རྒྱ་གར་ལུ་ གནམ་བྱཱར་གྱི་ དུས་ཚོད་ཁར་ གློག་ཀེམ་མི་དེ་ ཡོངས་གྲགས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་གྱི་དབུས་ཕྱོགས་ལུ་ འདྲེ་ཆར་ལུ་བརྟེན་ཏེ་ མི་ ༢ ལུ་ཤི་རྐྱེན།

རེའུ་ཊརཛ།སྤྱི་ཟླ་ ༩ པའི་ཚེས་ ༢༤ ལུ་ རྒྱ་པཱན་གྱི་ དབུས་ཕྱོགས་ཁ་ཐུག་ལུ་ རླུང་འཚུབ་དང་ འདྲེ་ཆར་ལུ་བརྟེན་ཏེ་ མི་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ སྡོད་ཁྱིམ་སྟོང་ཕྲག་ལེ་ཤ་ཅིག་ལུ་ཡང་ གློག་མེ་མེད་པར་ སྡོད་དགོཔ་འབྱུང་སྟེ་ཡོདཔ་ཨིན་པས།དེ་ཡང་ སྐྱེས་ལོ་ ༤༠ འབད་མི་ ཕོ་སྐྱེས་དེ་ ས་རུད་ཆད་མིའི་ནང་ ཤི་རྐྱེན་བྱུང་ཡོདཔ་ད་ སྐྱེས་ལོ་ ༢༩ འབད་མི་ ཕོ་སྐྱེས་དེ་ སྣུམ་འཁོར་ ༡ རྦོབ་རིལ་མིའི་ནང་ ཤི་ཡོདཔ་སྦེ་མཐོང་ནུག།དེ་ལས་ ས་རུད་ཆད་མི་ལུ་བརྟེན་ཏེ་ སྡོད་ཁྱིམ་ ༡༢༠,༠༠༠ དེ་ཅིག་གི་ གློག་མེ་ཚུ་ཡང་ བཏོག་བཏང་ཡོདཔ་ཨིན་པས།དེ་བཟུམ་མའི་ གློག་མེའི་དཀའ་ངལ་ཐོན་མི་ལུ་ བཟོད་གསོལ་འབད་གནང་ཟེར་ཨིནམ་ད་ གཞུང་གི་ཁ་ཐུག་ལས་ གང་མགྱོགས་ཅིག་སྦེ་ར་ གློག་མེ་ཚུ་ མཐུད་ཚུགསཔ་འབད་ནི་ལུ་ རྩ་འགེངསམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཡུ་ཀེ་རེན་གྱི་ སྲིད་འཛིན་གྱིས་ ར་ཤི་ཡ་ལུ་ དྲང་བདེན་གྱི་ ཉེས་ཁྲིམས་བཀལ་དགོ་པའི་ ཞུ་བ་ཕུལ་ཡོདཔ།

བི་བི་སི། ཡུ་ཀེ་རེན་གྱི་སྲིད་འཛིན་ ཟེ་ལེནཛ་ཀི་གིས་ ནིའུ་ཡོག་ལུ་ འཚོགས་པའི་བསྒང་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཚོགས་འདུའི་ནང་ བརྙན་འཕྲུལ་ཐོག་ལས་ གསལ་བཤད་ཞུ་ནིའི་དོན་ལས་ འཐུས་མི་རྒྱལ་ཁབ་ ༧ གྱིས་ ངོས་ལེན་མ་འབད་རུང་ ཚོགས་འདུའི་ནང་ལས་ གོ་སྐབས་གནང་ཡོདཔ་ཨིན་པས། དེ་བསྒང་ སྲིད་འཛིན་ཟེ་ལེནཛ་ཀི་གིས་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་གནོན་འབད་མི་ལུ་ ཉེས་བྱ་བཀལ་དགོ་པའི་ཁར་ དམག་འཁྲུག་ནང་ ཁྲིམས་འགལ་ཀྱི་ བྱ་ངན་འབད་མི་ལུ་ཡང་ དབྱེ་ཞིབ་མཐིལ་ཕྱིན་འབད་ཐབས་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ཧོངས་ལས་ དམིགས་བསལ་གྱི་ ཁྲིམས་ཞིབ་ཚོགས་པ་ཅིག་ཡང་ གཞི་བཙུགས་གནང་དགོ་པའི་ ཞུ་བ་ཕུལ་ནུག། དེ་མ་ཚད་ དམག་རྒྱབ་ཁ་སྐོང་དང་སྦྲགས་ཏེ་ ཞི་བདེའི་ཐབས་ཤེས་ཚུ་ཡང་ སྟོན་གནང་དགོ་པའི་སྐོར་ལས་ ཞུ་བ་ཕུལ་མི་ལུ་ ཚོགས་འདུའི་ནང་ བཅའ་མར་གཏོགས་མི་ འཐུས་མི་ལེ་ཤ་ཅིག་ ཡར་བཞེངས་ཏེ་ ལེགས་སོ་དང་ ཆེད་བསྟོད་མཛད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ གོ་མཚོན་བྱིན་ཡོད་པའི་ ཁས་ལེན་མེདཔ།

བི་བི་སི། བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ ད་ཚུན་གྱི་བར་ན་ གོ་མཚོན་ཚུ་ ཚོང་འབྲེལ་མ་འཐབ་པའི་ཁར་ ད་ལས་ཕར་ཡང་ ཚོང་འབྲེལ་འཐབ་ནི་གི་ འཆར་གཞི་མེད་ཟེར་ བཤད་ཡོདཔ་ཨིན་པས། དེ་ཡང་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ རོ་ཀེཊ་དང་ སྟོབས་མཚོན་ཚུ་ མཁོ་སྒྲུབ་འབད་ཡོདཔ་སྦེ་  ཨ་མི་རི་ཀའི་ འགོ་དཔོན་ཚུ་གིས་ བཤད་པའི་ལན་ལུ་ཨིནམ་ད་ དེ་བཟུམ་སྦེ་ ར་ཤི་ཡ་གིས་ཡང་ གནད་དོན་ལདེ་ལུ་ ངོས་ལེན་འབད་མ་བཏུབ་ཨིན་པས། དེ་སྦེ་ རྒྱལ་ཁབ་ ༢ ཀྱི་བར་ན་ གོ་མཚོན་བཏོང་ལེན་འབད་ནི་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནང་བ་ལས་འགལ་བའི་ ཁྲིམས་འགལ་གྱི་ ལཱ་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

རྒྱ་པཱན་ལུ་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གཟུགས་ཁར་ མེ་སྤར་ཡོདཔ།

བི་བི་སི། སྤྱི་ཟླ་ ༩ པའི་ཚེས་ ༢༡ ལུ་ ཕོ་སྐྱེས་ཅིག་གིས་ རྒྱ་པཱན་གྱི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བིའི་ རྒྱལ་ཁམས་སྤུར་སྦྱང་ལུ་ ལོག་ཅི་ར་ ངོ་རྒོ་འབད་དེ་ ཁོ་རའི་གཟུགས་ཁར་ མེ་སྤར་ནུག། དེ་ཡང་ མི་ཚུ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བློན་ཆེན་གྱི་ ཡིག་ཚང་གདོང་ཁར་ ཕོ་སྐྱེས་དེ་གིས་ ཁོ་རའི་གཟུགས་ཁར་ མེ་སྤར་ཡོདཔ་སྦེ་ མཐོང་པའི་ཤུལ་ལུ་ དེ་འཕྲལ་ལས་ སྨན་ཁང་ནང་ འབག་བསྐྱལ་ཡི་ཟེར་ཨིན་པས། བློན་ཆེན་བགྲེས་པའི་ སྤུར་སྦྱང་དེ་ སྤྱི་ཟླ་ ༩ པའི་ཚེས་ ༢༧ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེ་བསྒང་ ཕྱིའི་རྒྱལ་ཁབ་ཚུ་ལས་ དབུ་ཁྲིད་ལེ་ཤ་ཅིག་གིས་ གྲལ་གཏོགས་མཛད་གནང་ནི་གི་ རེ་བ་ཡོདཔ་ཨིན་པས། དགུང་ལོ་ ༧༦ བཞེས་མི་ བློན་ཆེན་བགྲེསཔ་ ཤིན་ཟོ་ཨེ་བི་དེ་ སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ ཀྲོབ་མདའ་རྐྱབ་སྟེ་ བཀྲོངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བྷའི་ཅུང་བྷུ་ཊི་ཡ་དེ་ ཧམ་རོ་སི་ཀིམ་པར་ཊིའི་ གཙོ་འཛིན་གསརཔ་སྦེ་ བཙགས་འཐུ་གྲུབ་ཡོདཔ།

ཨེན་ཌི་ཊི་ཝི། སྤྱི་ཟླ་ ༩ པའི་ཚེས་ ༢༠ ལུ་ སྐྱེས་ལོ་ ༤༥ འབད་མི་ སྐད་གྲགས་ཅན་གྱི་ ཕུཊ་བཱོལ་ལར་ཟེར་ རྐང་རིལ་རྩེད་འགྲན་པ་ བྷའི་ཅུང་བྷུ་ཊི་ཡ་དེ་ ཧམ་རོ་སི་ཀིམ་པར་ཊི་ཟེར་མི་ སྲིད་དོན་ཚོགས་པའི་ གཙོ་འཛིན་གསརཔ་སྦེ་ བཙགས་འཐུ་འབད་ནུག། དེ་ཡང་ ཧམ་རོ་སི་ཀིམ་པར་ཊིའི་ འགོ་ཁྲིདཔ་དང་ འཐུས་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ མགྲིན་གཅིག་གི་ཐོག་ལས་ བཙགས་འཐུ་གྲུབ་ཅི་ཟེར་ ཚོགས་པ་དེ་གི་ ཡོངས་ཁྱབ་དྲུང་ཆེན་ བི་རཱཤ་ ཨ་དྷི་ཀ་རི་གིས་ བཤད་ཡོདཔ་ཨིན་པས། ག་དེམ་ཅིག་སྦེ་ བྷའི་ཅུང་བྷུ་ཊི་ཡ་དེ་ མ་འོངས་པ་ལུ་ མངའ་སྡེའི་འགོ་ཁྲིདཔ་སྦེ་ བཙག་འཐུ་འགྲུབ་པ་ཅིན་ མི་སེར་ཚུ་གི་ རེ་འདོད་འགྲུབ་ཐབས་ལུ་ འགན་ཁུར་དང་ འགན་འཁྲི་ཚུ་ འཐུས་ཤོར་མེད་པར་ འབག་ནི་ཨིན་པའི་ཁར་ ངན་ལྷད་ཚུ་ཡང་ ཕྱི་གསལ་ནང་གསལ་འབད་དེ་ མི་སེར་གྱི་དོན་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཚུགས་པའི་ བློ་གཏད་ཡོད་ཟེར་ཨིན་པས། དེ་མ་ཚད་ མི་སྡེ་དེ་ནང་ འདྲ་མཉམ་དང་ དྲང་བདེན་ཐོག་ལུ་ གོང་འཕེལ་གྱི་ གོ་སྐབས་ཡངས་དྲགས་བཟོ་སྟེ་ མི་སེར་ཚུ་ལུ་ ནུས་པ་ཡོད་པའི་ མངའ་སྡེ་ཅིག་ལུ་ཡང་ […]

gyalchi
World News

ནེ་པཱལ་གྱི་དོན་ལས་ ཆ་རོགས་རྙིང་ཤོས་བྱང་སྟོར།

བི་བི་སི། ནེ་པཱལ་ལུ་ཡོད་མི་ ཡུ་ཀེའི་གཞུང་ཚབ་ཡིག་ཚང་ནང་ བི་རི་ཊིཤ་གྷོར་ཁའི་ དམག་གི་དཔའ་བོ་ཚུ་གིས་ རྒྱང་མཐོང་ཐོག་ལུ་ ཡུ་ཀེའི་རྒྱལམོ་ ཨི་ལི་ཟ་བིཐ་མཆོག་གི་ པུར་སྦྱང་གི་ ལས་རིམ་ཚུ་ བལྟ་ཡོདཔ་ཨིན་པས།   ལཱོན་ཌཱོན་ལས་ ཀི་ལོ་མི་ཊར་ སྟོང་ཕྲག་ལེ་ཤ་ཅིག་གི་ ས་གནས་ནང་ དམག་མི་བགྲེསཔ་ཚུ་ ཧེ་མ་ ཡུ་ཀེ་གཱོར་ཁའི་དམག་སྡེའི་ནང་སྦེ་ རྒྱལ་མོའི་ཕྱག་ཞུ་མི་ཚུ་ མྱ་ངན་གྱི་ངང་ལུ་ གནས་ཏེ་སྡོད་ནུག། དེ་མ་ཚད་ ཀཋ་མཱན་ཌུ་ལུ་ དགེ་སློང་ཚུ་གིས་ རྒྱལམོ་གཤགས་མིའི་དོན་ལུ་ དཀར་མེ་ཕུལ་ཏེ་ བསྔོཝ་སྨོན་ལམ་ཚུ་ གནང་ཡོདཔ་མ་ཚད་ མི་སེར་ཚུ་གིས་ཡང་ སྐར་མ་ ༡ གི་རིང་ལུ་ ཁུ་སིམ་སིམ་སྦེ་སྡོད་དེ་ མྱ་ངན་བརྩི་སྲུང་ཞུ་ཡོདཔ་ཨིན་པས། ཡུ་ཀེའི་རྒྱལམོ་ གཤགས་ནི་དེ་གིས་ སྤྱི་འཛམ་གླིང་ཡོངས་ལུ་ མྱ་ངན་སྦོམ་ ཕོག་པའི་ནང་ལས་ཡང་ ལྷག་པར་དུ་ གྷོར་ཁའི་དམག་སྡེ་དང་ ནེ་པཱལ་གཞུང་དང་ མི་སེར་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 9 Today: 563 Total visitors: 10593