ArchiveAboutContact

Category: འཕྲལ་གྱི་གནས་ཚུལ།

National News

མི་དབང་ཞབས་ལས་ ཡབ་དོན་གྲུབ་རྒྱལ་མཚན་ལུ་ འབུ་རས་དམརཔོ་གནང་ཡོདཔ།

གནམ་ལོ་ཤིང་འབྲུག་ཟླཝ་ ༡ པའི་ཚེས་ ༢༥ སྤྱི་ཟླ་ ༣ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་བཙུན་མཆོག་གི་ ཡབ་དོན་གྲུབ་རྒྱལ་མཚན་ལུ་ དཔོན་གཉིས་སྐལ་མའི་ གོ་གནས་ཐོག་ལུ་ འབུ་རས་དམརཔོ་གནང་ནུག། འབྲུག་མཁའ་འགྲུལ་གྱི་ གནམ་གྲུའི་དེད་དཔོན་གཙོ་འཛིན་ ཡབ་དྲག་ཤོས་དོན་གྲུབ་རྒྱལ་མཚན་གྱིས་ འབྲུག་གི་མཁའ་འགྲུལ་བཟོ་གྲྭའི་ནང་ མདུན་བསྐྱོད་ཐོག་ལས་ དུས་ཚོད་ཁར་ གསར་གཏོད་ལས་དོན་ཚུ་ འགོ་ཁྲིད་མཛད་དེ་ སྒྲིག་ལོ་ ༣༥ འཁོར་ཡོདཔ་ཨིན་པས། དེ་མ་ཚད་ ཡབ་དྲག་ཤོས་དོན་གྲུབ་རྒྱལ་མཚན་གྱིས་ རྒྱལ་སྤྱི་མཁའ་འགྲུལ་བཟོ་གྲྭའི་ནང་ ཡོངས་གྲགས་ཐོན་མི་ སྤ་རོ་གནམ་གྲུའི་ཐང་ གཞི་བསྒྱུར་གྱི་ ལཱ་ཚུ་ནང་ཡང་ ཞིབ་རྟོག་ཚུ་མཛད་ནུག། ཡབ་དྲག་ཤོས་དོན་གྲུབ་རྒྱལ་མཚན་དང་ ཡུམ་བསོ་ནམས་ཆོས་སྐྱིད་ ༢ ལུ་ སྲས་སྲོས་ ༥ ཡོདཔ་ཨིན་པའི་གནས་ཚུལ།

National News

རྒྱ་གར་གྱི་ རྒྱབ་སྐྱོར་ཐོག་ལས་ དཔལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་ཐེར་འབུམ་ ༡༥ གཞི་བཙུགས་འབད་ནི།

རྒྱལ་ཁབ་ནང་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་ཐོག་ལས་ དཔལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་ཐེར་འབུམ་ ༡༥ གཞི་བཙུགས་འབད་ནི་ལུ་ གྲ་སྒྲིག་སོང་ཡོདཔ་སྦེ་ སྤྱི་ཟླ་ ༢ པའི་ཚེས་ ༢༩ ལུ་ སྤྱི་ཚོགས་བཞི་པའི་ གཞུང་དབུ་བརྙེས་ཏེ་ ཟླ་ངོ་ ༡ ལངམ་དང་འབྲེལ་ཏེ་ གནས་ཚུལ་་ཞལ་འཛོམས་ འགོ་དང་པ་ འཚོགས་པའི་སྐབས་ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་གསུངས་ཡི།དེ་ཡང་ དཔལ་འབྱོར་ལྷན་ཐབས་ཀྱི་ འཆར་གཞི་དེ་ དོན་སྨིན་ཅན་དང་ ལག་ལེན་ངེས་བརྟན་བཟོ་ཐབས་ལུ་ ཐབས་ལམ་དང་ ལག་ལེན་ལྟ་རྟོག་གི་དོན་ལས་ དམིགས་བསལ་གྱི་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཚོགས་ཆུང་དེ་གིས་ མ་དངུལ་འཚོལ་ཞིབ་དང་ བགོ་བསཀྲམ་གྱི་ བཀོད་རིས་ཚུ་ བཟོ་ཚར་ཡོདཔ་ལས་ ཤུལ་མའི་ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ནང་ གསུང་གྲོས་གནང་འོང་ཟེར་ཨིན་པས།གཞུང་གི་ཁ་ཐུག་ལས་ དཔལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་དེ་ དངུལ་ཁང་ཚུ་ནང་བཙུགས་ཏེ་ སྐྱིན་འགྲུལ་ཕར་འགྱངས་ཐོག་ལུ་ ཕྱི་དངུལ་གསོག་འཇོག་ རྒྱུན་སྐྱོང་འཐབ་སྟེ་ བདེ་སྲུང་རིག་རྩལ་སྦྱོང་བརྡར་དང་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་ནང་ བཙུགས་ཞིནམ་ལས་ གོང་འཕེལ་གཏང་ནི་གི་ ལས་རིམ་ཡོདཔ་མ་ཚད་ ཕྱིར་ཚོང་དང་འབྲེལ་བའི་ ནང་འདྲེན་ཚབ་བཙུགས་ […]

National News

དབང་འདུས་ཕོ་བྲང་ལས་ ནོར་ཨར་རྐུན་འབད་དེ་ དམར་བསད་འབད་བའི་ དོགས་པ་ཡོད་མི་ ཕོ་སྐྱེས་ ༤ འཛིན་བཟུང་།

སྤྱི་ཟླ་ ༢ པའི་ཚེས་ ༢༤ ལུ་ དབང་འདུས་ཕོ་བྲང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ནོར་ཨར་རྐུན་འབད་དེ་ དམར་བསད་འབད་བའི་ དོགས་པ་ཡོད་མི་ ཕོ་སྐྱེས་ ༤ འཛིན་བཟུང་འབད་ནུག།དེ་ཡང་ དུས་ཅི་ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ སྤྱི་ཟླ་ ༢ པའི་ཚེས་ ༢༢ ཚུན་གྱི་ ནང་འཁོད་ལུ་ སྒོ་ནོར་ ༩ བྱང་ཡོད་པའི་སྐོར་ལས་ རྒྱལ་གཞུང་འགག་སྡེ་ལུ་ སྙན་ཞུ་ཐོབ་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།དོགས་ཅན་ཕོ་སྐྱེས་ཚུ་ཡང་ བཀྲིས་སྒང་ མེ་རག་དང་ སག་སྟེང་ལས་ སྐྱེས་ལོ་ ༢༠ ལས་ ༣༠ གི་བར་ན་འབད་མི་ སོ་ནམ་པ་ ༤ ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ དབང་འདུས་ཕོ་བྲང་ རྫོ་ཁག་གི་ རྒེད་འོག་ཚུ་ལས་ ནོར་ ༩ ཨར་རྐུན་ཐོག་ལུ་ དམར་བསད་དེ་ ཤ་སྦེ་བཙོང་ནུག་ཟེར་ཨིན་པས།དེ་སྦེ་ རྒྱལ་གཞུང་འགག་སྡེ་གིས་ འཛིན་བཟུང་བའི་ཤུལ་ལས་ དབྱེ་ཞིབ་འབད་བའི་སྐབས་ལུ་ ཁོང་ཆ་ཁྱབ་ཀྱིས་ […]

National News

པདྨ་དགའ་ཚལ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ།

གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ པདྨ་དགའ་ཚལ་གྲྭ་ཚང་དང་ དགོན་སྡེ་ཁག་གི་ བླ་སློབ་དང་ དགེ་སློང་ སྒོམ་ཆེན་ ཨ་ཎེམོ་ཚུ་གིས་ ཉིན་གྲངས་ ༥ གི་རིང་ལུ་གནང་མི་ པདྨ་དགའ་ཚལ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ ཐེངས་ ༡༡ པ་དེ་ སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ ཚེ་དབང་གནང་ཐོག་ལས་ གྲོལ་ཡོདཔ་ཨིན་པས།དེ་ཡང་ སྤྱིར་འཛམ་གླིང་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་འདི་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ཡང་སྒོས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ སྐུ་ཚེ་ཞབས་པད་བརྟན་ཏེ་ མངའ་ཐང་དར་ཞིང་རྒྱས་ཐབས་ལུ་ཨིནམ་ད་ དེ་བསྒང་ དད་ཅན་མི་སེར་ཕོ་མོ་ཚུ་ཡང་ མང་རབས་ཅིག་ འཛོམས་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

ཀྲོང་གསར་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ།

གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ ཀྲོང་གསར་གྲྭ་ཚང་དང་ དགོན་སྡེ་ཁག་གི་ བླ་སློབ་དང་ དགེ་འདུན་པ་ཚུ་གིས་ ཀྲོང་གསར་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ གནང་ཡོདཔ་ཨིན་པས།དེ་ཡང་ གནམ་ལོ་ཤིང་འབྲུག་ཟླཝ་ ༡ པའི་ཚེས་ ༡༦ སྤྱི་ཟླ་ ༢ པའི་ཚེས་ ༢༦ ལས་ ཟླཝ་ ༡ པའི་ཚེས་ ༢༢ སྤྱི་ཟླ་ ༢ པའི་ཚེས་ ༢༩ ཚུན་ ཉིན་གྲངས་ ༥ གི་རིང་ལུ་ གནང་ཡོདཔ་ད་ དེ་བསྒང་ མི་སེར་ཚུ་ཡང་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ནུག།དེ་ལས་ རང་ཟླ་ ༡ པའི་ཚེས་ ༢༡ སྤྱི་ཟླ་ ༣ པའི་ཚེས་ ༡ ལུ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་མཆོག་གིས་ མི་དམངས་ལུ་ སྨོན་ལམ་ཆེན་མོའི་ཐང་ནང་སྦེ་ བཅོམ་ལྡན་འདས་ འོད་དཔག་མེད་ཀྱི་ བཀའ་དབང་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

National News

སྤ་རོ་རྫོང་ཁག་གི་ ལོ་བསྟར་འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ།

གནམ་ལོ་ཤིང་འབྲུག་ཟླཝ་ ༡ པའི་ཚེས་ ༨ སྤྱི་ཟླ་ ༢ པའི་ཚེས་ ༡༧ ལུ་ སྤ་རོ་རྫོང་ཁག་གི་ ལོ་བསྟར་འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ ཐེངས་ ༩ པ་དེ་ གྲོལ་གནང་ནུག།དེ་ཡང་ རང་ཟླ་ ༡ པའི་ཚེས་ ༤ སྤྱི་ཟླ་ ༢ པའི་ཚེས་ ༡༣ ལས་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ སྤ་རོ་རབ་སྡེའི་ བླ་སློབ་དང་ དགེ་སློང་ཚུ་གིས་གཙོས་པའི་ མགོན་སྡེ་ཁག་གི་ དགེ་སློང་དང་ སྒོམ་ཆེན་ ཨ་ཎེམ་ཚུ་གིས་ ཉིན་གྲངས་ ༥ གི་རིང་ལུ་ གནང་ཡོདཔ་ད་ དེ་བསྒང་ མི་སེར་ཚུ་ཡང་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།དེ་ལས་ རང་ཟླ་ ༡ པའི་ཚེས་ ༩ སྤྱི་ཟླ་ ༢ པའི་ཚེས་ ༡༨ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༣ […]

National News

སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ ལོ་བསྟར་གནང་སྲོལ་ཡོད་པའི་ མགོན་དབང་སྒྲུབ་ཆེན།

གནམ་ལོ་ཤིང་འབྲུག་ཟླཝ་ ༡༢ པའི་ཚེས་ ༢༢ སྤྱི་ཟླ་ ༢ པའི་ཚེས་ ༢ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༡༢ ཀྱི་རིང་ལུ་ ཡོན་ཏན་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་ ༣༥༠ ལྷགཔ་ཅིག་གིས་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ ལོ་བསྟར་གནང་སྲོལ་ཡོད་པའི་ མགོན་དབང་སྒྲུབ་ཆེན་གནང་ནུག།དེ་ཡང་ མགོན་དབང་སྒྲུབ་ཆེན་འདི་ རང་ཟླ་ ༡ པའི་ཚེས་ ༤ ལུ་ གྲོལ་གནང་ཡོདཔ་ད་ རང་ཟླ་ ༡ པའི་ཚེས་ ༥ ལས་ ༨ ཚུན་ སྒྲོམ་མཆོད་ཀྱི་ གར་འཆམ་ཚུ་ མི་དམངས་ལུ་ མཇལ་ཁ་གནང་སྟེ་ རང་ཟླ་ ༡ པའི་ཚེས་ ༩ ལུ་ གསེར་སྦྲེང་དང་བཅས་པའི་སྒོ་ལས་ སྤུ་ན་མོ་ཆུའི་ནང་ ནོར་བུ་བཤགས་ནི་དང་ དེ་ལས་ རང་ཟླ་ ༡ པའི་ཚེས་ ༡༠ སྤྱི་ཟླ་ ༢ པའི་ཚེས་ […]

National News

ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཆེན།

གནམ་ལོ་ཤིང་འབྲུག་ཟླཝ་ ༡ པའི་ཚེས་ ༧ སྤྱི་ཟླ་ ༢ པའི་ཚེས་ ༡༦ ལས་ རང་ཟླ་ ༡ པའི་ཚེས་ ༡༣ སྤྱི་ཟླ་ ༢༢ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་ སྐུ་མདུན་ལུ་སྦེ་ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ ལོ་བསྟར་སྒྲུབ་ཆེན་ ཐེངས་ ༤ པ་གནང་མ་ཨིན་པས།དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་དང་འབྲེལ་ཏེ་ མི་དབང་ཞབས་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་ ཚོགས་ཀྱི་སློབ་དཔོན་རྣམ་ ༢ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་ ༡༥༠ ལྷགཔ་ཅིག་གིས་ གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།

National News

མི་རྗེ་བློན་ཆེན་མཆོག་གིས་ བཟོ་གྲྭ་ཆུང་བའི་ མི་སྡེའི་འཐུས་མི་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ མི་རྗེ་བློན་ཆེན་མཆོག་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་བློན་པོ་དང་ དངུལ་རྩིས་བློན་པོ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕྱག་ཞུ་སྟེ་ འབྲུག་གི་ནང་འཁོད་བཟོ་གྲྭ་དང་ བཟོ་གྲྭ་ཆུང་བའི་ ཚོགས་པའི་བཀོད་ཚོགས་དང་ ཚོགས་པ་དེ་ནང་གི་ མི་སྡེའི་འཐུས་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་ནུག།དེ་བསྒང་ མི་རྗེ་བློན་ཆེན་གྱིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་བསྐྱར་གསོའི་ནང་ ནང་འཁོད་བཟོ་གྲྭ་དང་ བཟོ་གྲྭ་ཆུང་བའི་ གལ་གནད་ཅན་གྱི་ འགན་ཁུར་ལུ་ གཙོ་རིམ་བཟུང་སྟེ་ འཐུས་མི་ཚུ་གིས་ ཁོང་གི་དོ་འགྲན་ཚུ་གི་སྐོར་ལས་ བརྡ་དོན་བརྗེ་སོར་འབད་དེ་ གཞུང་ལུ་ གྲོས་འདེབས་ཚུ་ ཕུལ་དགོ་པའི་ བསྐུལ་མ་མཛད་ཡོདཔ་ད་ གཞུང་གི་ཁ་ཐུག་ལས་ གཙོ་རིམ་བཟུང་སྟེ་ དོ་འགྲན་བསལ་ཐབས་ཚུ་ ཧྲིལ་བུ་མཛད་ནི་གི་ ཁས་ལེན་ཡོད་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།

National News

མི་རྗེ་བློན་ཆེན་མཆོག་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་དང་ཞལ་འཛོམས།

སྤྱི་ཟླ་ ༢ པའི་ཚེས་ ༡༦ ལུ་ མི་རྗེ་བློན་ཆེན་མཆོག་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་འཛིན་ཚུ་དང་གཅིག་ཁར་ བློན་ཆེན་གྱི་ ཡིག་ཚང་ནང་སྦེ་ ཞལ་འཛོམས་ཅིག་ ཚོགས་གནང་ཡོདཔ་ཨིན་པས། དེ་བསྒང་ སྐབས་ཐོག་གི་ དཔལ་འབྱོར་གྱི་ དཀའ་ངལ་དང་ འབྲེལ་ཡོད་གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་པའི་ཁར་ དཔལ་འབྱོར་བསྐྱར་གསོའི་དོན་ལུ་ འོས་འབབ་དང་ལྡན་པའི་ ཐབས་བྱུས་ཚུ་གི་སྐོར་ལས་ཡང་ གསུང་གྲོས་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Online now: 9 Today: 1196 Total visitors: 14559