ArchiveAboutContact

Category: ཁྱད་འཕགས་གནས་ཚུལ།

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་གསལ་བཤད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཨཱཛ་ཊེ་ལི་ཡའི་ མངའ་སྡེ་པཱརཐ་ལུ་ གཟིགས་སྐོར་ཉིནམ་ ༢ པའི་ནང་ འབྲུག་མི་ ༥,༠༠༠ ལྷགཔ་ཅིག་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་ཡང་ ཉིནམ་དང་པའི་ནང་ འབྲུག་མི་ཚུ་ གཟིགས་སྟོན་ཐང་ཆེན་དེ་ནང་ མ་ཤོང་ནི་དེ་གིས་ ལས་རིམ་གྱི་ དུས་ཡུན་དེ་ཡར་སེང་མཛད་གནང་ནུག།མི་དབང་མཆོག་གིས་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་པའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་མི་ཚུ་གི་བར་ན་ ཐ་དམ་ཚིག་དང་ ཨཱཛ་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ ཕན་འདེབས་ཡོད་པའི་སྐོར་ལས་ གསུངས་གནང་ཡོདཔ་ཨིན་པས།དེ་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་འགུལ་ཚུ་གི་སྐོར་ལས་ གསུངས་གནང་ཡོདཔ་མ་ཚད་ ཉིནམ་དང་པའི་སྐབས་ཀྱི་ ལས་རིམ་བཟུམ་སྦེ་ར་ ཉིནམ་ ༢ པའི་ནང་ཡང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཐུས་མི་སྡེ་ཚན་གྱིས་ ཁྲོམ་ཚོགས་ཀྱི་ འཆར་གཞི་ཨམ་གྱི་སྐོར་ལས་ གསལ་བཤད་འབད་ནུག།པཱརཐ་མངའ་སྡེའི་ནང་ འབྲུག་མི་ ༢༧,༠༠༠ དེ་ཅིག་དང་ མཇལ་ཕྲད་མཛད་གནང་པའི་ཤུལ་ལས་ ཨཱཛ་ཊེ་ལི་ཡའི་ ཁྲོམ་སྡེ་ ༣ གྱི་ གཟིགས་སྐོར་དེ་ […]

Special News

མི་དབང་མཆོག་གིས་ ཀེན་བེ་ར་ལུ་ ཨཱཛ་ཊེ་ལི་ཡའི་ ཆེ་མཐོའི་འགོ་དཔོན་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ཨཱཛ་ཊེ་ལི་ཡའི་མངའ་སྡེ་ སིཌ་ནི་ལུ་ ཕེབས་པའི་ཤུལ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ ཨཱཛ་ཊེ་ལི་ཡའི་རྒྱལ་ས་ ཀེན་བེ་ར་ལུ་ ཕྱག་ཕེབས་གནང་སྟེ་ ཀེན་བེ་ར་ལུ་ཡོད་མི་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།དེ་བཟུམ་སྦེ་ ཀེན་བེ་ར་ལུ་ ཕེབས་པའི་དྲོ་པར་ མི་དབང་མངའ་ཞབས་མཆོག་གིས་ ཀེན་བེ་རའི་ སྤྱི་ཚོགས་ཁང་ནང་སྦེ་ ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ ཨཱལ་བ་ནིཛ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་ཚེ་ཉིན་མར་ ཀེན་བེ་རའི་ ཁྲོམ་ཚོགས་འཆར་གཞི་དང་ གོང་འཕེལ་གྱི་ འགོ་དཔོན་ཚུ་གིས་ ཀེན་བེ་རའི་ ཁྲོམ་ཚོགས་གོང་འཕེལ་གྱི་སྐོར་ལས་ སྤྱན་འབུལ་ཞུ་བའི་ཤུལ་ལུ་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ འབྲུག་གི་ཆམཉམ་རོགས་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།སྤྱི་ཟླ་ ༡༠ པའི་ སྤྱི་ཚེས་ ༡༣ ལུ་ འབྲུག་མི་ ༥,༠༠༠ དེ་ཅིག་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ […]

Special News

མི་དབང་མཆོག་གིས་ ཨཱཛ་ཊེ་ལི་ཡ་ ནུབ་ཕྱོགས་མངའ་སྡེའི་ བློན་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ གྱི་དྲོ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨཱཛ་ཊེ་ལི་ཡའི་ ཁྲིམས་བཟོ་ཚོགས་འདུའི་ འཐུས་མི་ཡང་ཨིན་མི་ ཨཱཛ་ཊེ་ལི་ཡ་ ནུབ་ཕྱོགས་མངའ་སྡེའི་བློན་ཆེན་ རོ་ཇར་ཀུག་དང་ མཇལ་ཕྲད་མཛད་གནང་ནུག། ངོ་མིང་ཀུག་དེ་ ཨཱཛ་ཊེ་ལི་ཡ་ ནུབ་ཕྱོགས་མངའ་སྡེ་གཞུང་གི་ དབུ་ཁྲིད་ཨིན་པས།  ངོམ་ཀུག་དང་གཅིག་ཁར་ ཁྲིམས་བཟོ་ཚོགས་འདུའི་ འཐུས་མི་ཨིན་པའི་ཁར་ ས་གཏེར་ས་སྣུམ་དང་ གྲུ་ཚུགས་དང་ འཁོར་ལམ་ཉེན་སྲུང་བློན་པོ་ ཌེ་བིཌ་མའེ་ཀེལ་ཡང་ཡོདཔ་ད་ ཌེ་བིཌ་དེ་ སྐྱེལ་འདྲེན་བློན་པོའི་ ལས་རོགས་བློན་པོ་ཡང་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཨཱཛ་ཊེ་ལི་ཡ་ལུ་ གཟིགས་སྐོར་གནང་དོ་ཡོད་མིའི་ གནས་ཚུལ་དུས་མཐུན།

སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཨཱཛ་ཊེ་ལི་ཡའི་མངའ་སྡེ་ སིཌ་ནི་ལུ་ ཕེབས་པའི་ཤུལ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ ཨཱཛ་ཊེ་ལི་ཡའི་རྒྱལ་ས་ ཀེན་བ་ར་ལུ་ ཕྱག་ཕེབས་གནང་སྟེ་ ཀེན་བ་ར་ལུ་ཡོད་མི་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། ཀེན་བ་ར་ལུ་ ཕེབས་པའི་དྲོ་པར་ མི་དབང་མཆོག་གིས་ ཀེན་བ་རའི་ སྤྱི་ཚོགས་ཁང་ནང་སྦེ་ ཨཱཛ་ཊེ་ལི་ཡའི་བློན་ཆེན་ ཨེན་ཐོ་ནི་ཨཱལ་བ་ནིཛ་དང་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་ཚེ་ཉིན་མར་ ཀེན་བ་རའི་ ཁྲོམ་ཚོགས་འཆར་གཞི་དང་ གོང་འཕེལ་འགོ་དཔོན་ཚུ་གིས་ ཀེན་བ་རའི་ ཁྲོམ་ཚོགས་གོང་འཕེལ་གྱི་སྐོར་ལས་ སྤྱན་འབུལ་ཞུ་བའི་ཤུལ་ལུ་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ འབྲུག་གི་ཆ་མཉམ་རོགས་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོདཔ་ཨིན་པས། སྤྱི་ཟླ་ ༡༠ པའི་ སྤྱི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་ མཇལ་བར་འཛོམས་མི་ འབྲུག་མི་ ༥,༠༠༠ […]

Special News

མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཨཱཛ་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཨཱཛ་ཊེ་ལི་ཡ་ སིཌ་ནི་ལུ་ འབྲུག་མི་སྟོང་ཕྲག་ལྷགཔ་ཅིག་དང་ མཇལ་ཕྲད་མཛད་གནང་ནུག།དེ་བསྒང་ བིརཛ་བཱེན་དང་ ཨེ་ཌེ་ལ་ཡིཌ་ མེལ་བཱོན་ ཏཱཛ་མ་ནི་ཡ་ ཨར་མི་ཌཱེལ་གྱི་གཙོས་པའི་ ཁྲོམ་ཚོགས་གཞན་ཚུ་གི་ནང་ལས་ཡང་ དམིགས་བསལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གི་ ཞལ་མཇལ་བར་ འོང་ཡོདཔ་ཨིན་པས།མི་དབང་མཆོག་གིས་ དེ་སྦེ་ ཨཱཛ་ཊེ་ལི་ཡ་ལུ་ ཆིབས་བསྐྱོད་གནང་དགོ་པའི་ གནད་དོན་གཙོ་བོ་ར་ འབྲུག་མི་ཚུ་དང་ མཇལ་ཕྲད་ཀྱི་དོན་ལུ་ཨིན་ཟེར་ གསུངས་གནང་ཡོདཔ་མ་ཚད་ ཨཱཛ་ཊེ་ལི་ཡ་ལུ་ སྡོད་མི་ཚུ་གིས་ཡང་ རང་གི་རྒྱལ་ཁབ་ནང་ གལ་ཆེ་བའི་ གོང་འཕེལ་ཚུ་ ག་དེ་སྦེ་ར་ འཐོནམ་ཨིན་ནའི་སྐོར་ལས་ ཤེས་དགོཔ་དེ་ གལ་ཆེ་ཟེར་ གསུངས་གནང་ནུག།དེ་བཟུམ་སྦེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ འཆར་སྣང་དང་ དམིགས་དོན་ཚུ་གི་སྐོར་ལས་ གསུངས་གནངམ་དང་འབྲེལ་ ཨཱཛ་ཊེ་ལི་ཡ་ལུ་ སྡོད་མི་ཚུ་གིས་ གྲལ་གཏོགས་ཧྲིལ་བུར་འབད་ནིའི་དོན་ལུ་ བསམ་འཆར་ཚུ་ཡང་ བཤད་དགོཔ་སྦེ་ གསུངས་གནང་ནུག།དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ལས་ སྡེ་ཚན་ཅིག་གིས་ ཁྲོམ་ཚོགས་དེ་གི་ འཆར་གཞི་ཨམ་གྱི་སྐོར་ལས་ གསལ་བཤད་འབད་བའི་ཤུལ་ལུ་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ཨཱཛ་ཊེ་ལི་ཡ་ལུ་ཆིབས་བསྐྱོད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༡ གི་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ཨཱཛ་ཊེ་ལི་ཡའི་མངའ་སྡེ་ སིཌ་ནི་ལུ་ ཕྱག་ཕེབས་གནང་ནུག།དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་གིས་ ཕྱག་ཞུ་སྟེ་ འབྲུག་ལས་ དམིགས་བསལ་གྱིས་ འབྲུག་གི་གནམ་གྲུ་ འཕུར་འགྲུལ་ཐོག་ལས་ ཆིབས་བསྐྱོད་གནང་ཡོདཔ་ཨིན་པས།མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སིཌ་ནི་ལུ་ཕེབས་ད་ ཨཱཛ་ཊེ་ལི་ཡའི་ མངའ་སྡེའི་གཙོ་འཛིན་སྤྱི་ཁྱབ་ ཨམ་སམ་མོཛ་ཊིན་གྱིས་ སིཌ་ནི་ལུ་ཡོད་མི་ མོ་རའི་གཞུང་འབྲེལ་གཟིམ་ཅུང་ ཨེཌ་མི་རལ་ཊི་ནང་སྦེ་ ཕེབས་བསུ་ཞུ་ནུག།དེ་ལས་ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སིཌ་ནི་དང་ ཉེ་འདབས་ཀྱི་ ས་གནས་ཚུ་ནང་སྡོད་མི་ འབྲུག་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ཡོདཔ་ད་ དེ་ཡང་ འབྲུག་མི་ཚུ་དང་ མཇལ་ཕྲད་མཛད་ནི་གི་ ལས་རིམ་ཚུ་གི་གྲས་ལས་ དང་པ་ཨིན་པས།ཨཱཛ་ཊེ་ལི་ཡའི་མངའ་སྡེ་ སིཌ་ནི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་སའི་ཊི་ཀ་དེ་ ཐུགས་སྨོན་ཟབ་མོའི་སྒོ་ལས་ བྱིན་གྱིས་བརླབས་གནང་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཧིན་དུའི་ཆོས་ལུགས་ཀྱི་ ད་སའི་ཊི་ཀ་དེ་ ཐུགས་སྨོན་ཟབ་མོའི་སྒོ་ལས་ བྱིན་གྱིས་བརླབས་གནང་ཡོདཔ་ད་ ཊི་ཀ་དེ་ཡང་ དུས་སྟོན་དེ་ བརྩི་སྲུང་ཞུ་མི་ཚུ་གི་དོན་ལས་ རྫོང་ཁག་ཚུ་གི་ནང་ བཀྲམ་སྤེལ་འབད་ནུག།ད་སའི་དུས་སྟོན་དེ་ཁར་ བཟའ་ཚང་ནང་ མི་རྒས་ཤོས་ཚུ་གིས་ བྱིན་རླབས་དང་ སྲུང་སྐྱོབ་ཀྱི་ བརྡ་མཚོན་པའི་ ཊི་ཀ་དེ་ རང་སོའི་ཨ་ལོ་ཚུ་གི་ དཔྱལ་བར་སྦྱར་དོ་ཡོདཔ་ཨིན་པས།མི་དབང་ཞབས་ལས་ ལོ་བསྟར་བཞིན་དུ་ ད་སའི་ཊི་ཀ་དེ་ ཐུགས་སྨོན་གནང་སྟེ་ བྱིན་གྱིས་རླབས་གནང་ནི་གི་ སྲོལ་ཡོདཔ་ད་ རྒྱལ་ཁབ་ནང་ ཊི་ཀ་ཐོབ་མི་ བཟའ་ཚང་ཚུ་གིས་ མི་དབང་མངའ་ཞབས་ཀྱི་ བྱིན་རླབས་ཐོབ་ནི་དང་ ཅོག་འཐདཔ་སྦེ་ བརྩིཝ་ཨིན་པས།ད་སའི་དུས་སྟོན་དེ་ འབྲུག་ལུ་ ཧིན་དུའི་ལྟ་བ་འཛིན་མི་ མི་སྡེ་ཚུ་གི་དོན་ལུ་ ག་ནི་བ་ གལ་ཆེ་བའི་ དུས་སྟོན་ཅིག་ཨིནམ་ད་ དུས་ཅི་ དུས་སྟོན་དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༣ ལས་ འགོ་བཙུགས་ཏེ་ ཧིན་དུའི་ལྷ་ཁང་ཚུ་ནང་ ཆོ་ག་ཚུ་ གནང་ཡོདཔ་ཨིན་པས།ཐིམ་ཕུ་ལུ་འབད་བ་ཅིན་ ཆོ་ག་དེ་ ཀུན་གསལ་ཕོ་བྲང་ལུ་ཡོད་མི་ དེ་བི་པཱན་ཅ་ཡཱན་ལྷ་ཁང་ནང་ […]

Special News

འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྤ་རོ་སྤང་སྦིས་ས་ དུང་དཀར་རྫོང་ནང་སྦེ་ འབྲུག་རིག་རྩལ་གསར་བཏོད་གྲོས་འཛོམས་ཀྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།ཉིན་གྲངས་ ༣ གྱི་རིང་ལུ་ འཚོགས་གནང་མི་ འགོ་འབྱེད་རྟེན་འབྲེལ་དེ་ནང་ འབྲུག་མི་དང་ འཛམ་གླིང་རྒྱལ་ཁབ་ ༦༠ ལྷགཔ་ཅིག་ལས་ མི་གྲངས་བསྡོམས་ ༡,༠༠༠ ལྷགཔ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་མ་ཚད་ རྒྱལ་སྤྱིའི་གནས་རིམ་ནང་ ཡོངས་གྲགས་ཅན་གྱི་ གསལ་བཤདཔ་ ༡༢༥ གི་གྲས་ཁར་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ༢༠ དང་ རྒྱལ་སྤྱིའི་གཟེངས་རྟགས་ཐོབ་མི་ ༤ ཡང་ཡོདཔ་ཨིན་པས།གྲོས་འཛོམས་འགོ་འབྱེད་སྐབས་ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བྱོན་ལེགས་གསུང་བཤད་ནང་ གྲོས་འཛོམས་དེ་ འབྲུག་གི་གྲུབ་འབྲས་དང་ མ་འོངས་མཐོང་སྣང་ཚུ་ལུ་ བསམ་ཞིབ་ཀྱི་སྒོ་ལས་ མཐོང་སྣང་ཚུ་ ངོ་མ་ལུ་ འགྱུར་ནིའི་དོན་ལུ་ཨིནམ་ད་ ད་ཚུན་གྱི་བར་ན་ གལ་གནད་ཆེ་བའི་ འབྲུག་གི་གྲོས་འཛོམས་སྦོམ་ཤོས་འདི་ནང་ རྒྱལ་ཁབ་ཀྱི་ མདུན་བསྐྱོད་ཅན་གྱི་ འཆར་སྣང་དང་ མཉམ་འབྲེལ་གྱི་ གྲོས་བསྟུན་ཚུ་གི་སྒོ་ལས་ འབྲུག་རྒྱལ་ཁབ་འདི་ […]

Special News

མི་དབང་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་བསྐོ་བཞག།

སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མུན་ལི་ཡོང་ལིའུ་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ འགོ་ཁྲིད་ཀྱི་དོན་ལུ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ བསྐོ་བཞག་གནང་ཡོདཔ་ཨིན་པས།དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ མདོ་ཆེན་བཀོད་ཚོགས་ཀྱི་ ཁྲི་འཛིན་གྱི་ ཕྱག་འགན་བཞེས་ཐོག་ལས་ བསྐོ་བཞག་གནང་ཡོདཔ་ད་ ཇོ་ཨི་ཅི་ཇོའི་ཨི་ཏོ་དང་ ཨིན་པེང་ དེ་ལས་ སིའུ་ཧི་ཡང་ལི་དང་ ཨ་རཱུན་ཀུ་མར་ ཨམ་ལའུ་རེན་ཅུང་ཚུ་ མདོ་ཆེན་བཀོད་ཚོགས་ཀྱི་ འཐུས་མི་སྦེ་ བསྐོ་བཞག་གནངམ་དང་གཅིག་ཁར་ ལིའུ་དེ་ མདོ་ཆེན་བཀོད་ཚོགས་ཀྱི་ འཐུས་མི་སྦེ་ཡང་ བསྐོ་བཞག་གནང་ནུག།མདོ་ཆེན་བཀོད་ཚོགས་ནང་ བསྐོ་བཞག་གནང་མི་ ཨི་ཏོ་ལུ་ དགེ་ལེགས་ཕུག་ མ་རྩ་གཞི་བཙུགས་ གོང་འཕེལ་ལས་འཛིན་གྱི་ ཁྲི་འཛིན་ཡང་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།གོང་གི་འགོ་ཁྲིདཔ་ཚུ་ལུ་ རྒྱལ་སྤྱི་གནས་རིམ་ནང་ ལོ་ངོ་བཅུ་ཕྲག་ལས་བཅད་པའི་ ཉམས་མྱོང་ཚུ་ཡོདཔ་ལས་ ཁོང་གིས་ འབྲུག་དང་ རྒྱལ་སྤྱིའི་མཉམ་རོགས་ཚུ་དང་གཅིག་ཁར་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ དེང་དུས་ཀྱི་ གཞི་རྟེན་མཁོ་ཆས་དང་ འབྲུག་པའི་བརྩི་བཀུར་ ཡུན་བརྟན་གཞི་སྒྱུར་ཐོག་གི་ ཡར་འཕར་ཚུ་ གཅིག་སྒྲིལ་གྱི་སྒོ་ལས་ གོང་འཕེལ་གཏང་ནི་ཨིན་པས།དེ་ཡང་ སྤྱི་ལོ་ […]

Special News

མི་དབང་མངའ་ཞབས་མཆོག་ ཨཱཛ་ཊེ་ལི་ཡ་ལུ་ ཆིབས་སྐྱོད་གནང་ནི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལས་ ༡༨ ཚུན་ ཉིན་གྲངས་ ༩ གི་རིང་ལུ་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་ནི་ཨིན་པས།གཟིགས་སྐོར་སྐབས་ལུ་ མི་དབང་མཆོག་གིས་ ཨཱཛ་ཊེ་ལི་ཡའི་གཞུང་དང་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ མཇལ་ཕྲད་མཛད་ནི་ཨིནམ་མ་ཚད་ ཨཱཛ་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནི་ཨིན་པས།སྤྱི་ལོ་ ༡༩༦༠ རེ་གྲངས་ལུ་ ཨཱཛ་ཊེ་ལི་ཡ་གིས་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱི་ལས་ཚོགས་ ཀོ་ལོམ་བོ་འཆར་གཞིའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ལུ་ རྒྱབ་སྐྱོར་འབད་ཞིནམ་ལས་ཚུར་ འབྲུག་དང་ ཨཱཛ་ཊེ་ལི་ཡའི་བར་ན་ མཐུན་ལམ་དམ་ཟབ་ཡོདཔ་ད་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་སྐབས་ལུ་ཡང་ རྒྱབ་སྐྱོར་འབད་ནུག།རྒྱལ་ཁབ་ ༢ ཀྱི་བར་ན་ ཤེས་རིག་དང་ མི་སེར་ཚུ་གི་བར་ན་ མཉམ་འབྲེལ་བཙན་ཏོག་ཏོ་ཡོདཔ་ལས་ ད་རེས་ནངས་པ་ འབྲུག་མི་ཚུ་ ཕྱི་རྒྱལ་ཁག་ལུ་ཡོད་མི་གྲས་ལས་ མང་ཤོས་ཅིག་ ཨཱཛ་ཊེ་ལི་ཡར་ཡོདཔ་ཨིན་པས།མི་དབང་མཆོག་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༢ ལུ་ སིཌ་ནི་ལུ་དང་ སྤྱི་ཚེས་ […]

Online now: 9 Today: 2461 Total visitors: 9681