ArchiveAboutContact

Category: ཁྱད་འཕགས་གནས་ཚུལ།

Special News

མི་དབང་མངའ་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ལུ་གནང་པའི་ གསུང་བཤད་བཅུད་བསྡུས།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༧ པ་ བརྩི་སྲུང་གི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ མི་དབང་སྐུ་འཁོར་ཚུ་ བྱོན་གནང་པའི་གུ་ མི་རྗེ་བློན་ཆེན་དང་ བློན་པོ་ཚུ་ དེ་ལས་ གཞུང་གི་འགོ་དཔོན་ཚུ་དང་ རྒྱལ་སྤྱིའི་དོན་གཅོད་སྐུ་ཚབ་ཚུ་གིས་ཡང་ གྲལ་གཏོགས་འབད་ཡི།དེ་མ་ཚད་ སྤྱི་ཟླ་ ༡༢ པའི་ཚེས་ ༡༦ ལུ་ ནུབ་མོའི་ཆུ་ཚོད་ ༡༡ དེ་ཅིག་ལས་ར་ མི་སེར་ཁྲི་ཕྲག་སྦེ་ རྒྱལ་ཡོངས་དུས་ཆེན་གྱི་ དགའ་སྟོན་རྟེན་འབྲེལ་ བརྩི་སྲུང་ཞུ་ནིའི་དོན་ལས་ ཅང་གླིང་མའི་ཐང་ནང་ སྤུངས་འཛོམས་འབད་ནུག།དེ་བསྒང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་འདི་ འབྲུག་གི་དུས་ཆེན་ཚུ་གི་གྲས་ལས་ རྩ་ཆེ་ཤོ་ཅིག་སྦེ་ རྩི་དགོ་མི་འདི་ཡང་ ད་རེས་ཀྱི་ ཉིནམ་འདི་ཁར་ རྒྱལ་བ་གོངམ་དང་ དྲིན་ཅན་གྱི་ཕམ་ རྒྱལཔོ་རིམ་བྱོན་ཚུ་ལུ་ བཀའ་དྲིན་བསམ་ནི་དང་ རང་གི་འགན་ཁུ་ཚུ་ཡང་ སེམས་ཁར་དྲན་ཏེ་ ད་ལས་ཕར་ […]

Special News

མི་དབང་ཞབས་ལས་ ཨ་རཱུན་ཀ་པུར་ལུ་ དཔོན་གཉིས་སྐལ་མའི་བཀབ་ནེ་ འབུ་རས་དམརཔོ།

སྤྱི་ཟླ་ ༡༢ པའི་ཚས་ ༡༧ ལུ་ མི་དབང་མངའ་ཞབས་མཆོག་གིས་ ཨ་རཱུན་ཀ་པུར་ལུ་ འབུ་རས་དམརཔོ་དང་ དཔའ་རྟགས་གནང་ཡི།དྲགོས་ཨ་རཱུན་ཀ་པུར་གྱིས་ རྒྱལ་ཁབ་ནང་ ཕྱག་ཕྱིད་གང་དྲག་ཞུ་བའི་ ངོས་འཛིན་ལུ་ སྤྱི་ལོ་ ༢༠༡༩ ལོར་ མི་དབང་ཞབས་ལས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་ཡང་ གནང་ཡོདཔ་ད་ ཁོ་གིས་ སྤྱི་ལོ་ ༢༠༠༨ ལས་ འགོ་བཙུགས་ཏེ་ སྤ་རོ་སྤང་སྦིས་ས་ རྒྱལ་འཛིན་སློབ་གྲྭའི་ མདོ་ཆེན་སྦེ་ ཕྱག་ཞུཝ་ཨིན་པས།དེ་བཟུམ་སྦེ་ ཝ་སཱནཊ་ཝེ་ལི་སློབ་གྲྭ་དང་ པཱལ་ལ་བེན་ ནེཊ་ཝཱཌ་སློབ་གྲྭ་ བཱལ་ལ་བེན་ ལྷབ་སྦྱང་ལམ་ལུགས་ལ་སོགས་པ་ཚུ་བརྩིས་ཏེ་ རྒྱ་གར་ལུ་ ཡོངས་གྲགས་ཅན་གྱི་ སློབ་གྲྭ་ལེ་ཤ་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

Special News

མི་དབང་ཞབས་ལས་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་ལུ་ འབྲུག༌ཐུགས་སྲས་ཀྱི་རྟགས་མ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ག་ནི་བ་ རྩ་ཆེ་བའི་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་དང་འབྲེལ་ཏེ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་ལུ་ རྒྱལ་ཡོངས་གཟེངས་བསྟོད༌ འབྲུག༌ཐུགས་སྲས་ཀྱི་ རྟགས་མ་གནང་ཡི།སློབ་དཔོན་བསམ་གཏན་རྡོ་རྗེ་དེ་ སྤྱི་ལོ་ ༡༩༦༤ ལུ་ སྐུ་འཁྲུངས་ཡོདཔ་ད་ དགུང་ལོ་ ༨ ལས་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ དཀྱིལ་ཆོག་གི་རིམ་པ་ཚུ་ལུ་ སྦྱངས་བརྩོན་མཛད་པའི་ཤུལ་ལས་ རིག་གནས་དང་ གཞུང་ཆེན་ལ་སོགས་པ་ཚུ་ འབྲུག་རྒྱལ་ཁབ་ནང་མ་ཚད་ འབྲས་ལྗོངས་དང་ རྒྱ་གར་ལུ་ཚུ་ཡང་ གསན་བསམ་མཛད་ནུག།དེ་གི་ཤུལ་ལས་ ལོ་ངོ་ ༤ གི་རིང་ལུ་ མདོ་སྡེ་བྲག་བཤད་གྲྭའི་ དབུ་འཛིན་དང་པ་ མཛད་ཡོདཔ་ད་ དེ་ལས་ རིམ་པ་བཞིན་དུ་སྦེ་ ལྕགས་རི་རྡོ་རྗེ་གདན་ སྒྲུབ་སྡེ་ལྟེ་བའི་ དབུ་འཛིན་དང་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭའི་ དབུ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།སྤྱི་ལོ་ ༢༠༠༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་དང་པ་སྦེ་ བསྐོ་བཞག་གནང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ ཚུན་ […]

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་ནང་ མ་རྩ་གཞི་བཙུགས་དང་ ལམ་སྟོན་གྱི་དོན་ལུ་ གཞི་བཙུགས་འཐུས་མི་དང་པ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ དྲན་ཤེས་ཁྲོམ་ཚོགས་ གྲ་སྒྲིག་གི་ ཕྱག་ལཱ་ཚུ་ མཛད་གནང་པའི་ གནས་སྐབས་ནང་ མིང་ཟེཌ་མེ་དེ་ གཞི་བཙུགས་འཐུས་མི་སྦེ་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ མིང་ཟེཌ་མེའི་ བཟའ་ཚང་བློ་གཏད་ ཧམ་བཱལ་ཧཱོལ་ཌིང་གིས་ ལས་འགུལ་གོང་འཕེལ་གྱི་ དགོས་མཁོ་ཚུ་ནང་ འགོ་དང་པ་ མ་རྩ་གཞི་བཙུགས་འབད་ནི་ཨིན་པས།མིང་ཟེཌ་མེ་དེ་ ཇི་ཨེལ་པི་ཟེར་མི་ རྒྱལ་སྤྱིའི་གནས་རིམ་ནང་ གྲ་སྒྲིག་དང་ གཞིས་ཁྱིམ་ གནད་སྡུད་ལྟེ་བ་ སླར་བྱུང་ནུས་ཤུགས་ཀྱི་ གཞི་རྟེན་མཁོ་ཆས་ དེ་ལས་ འབྲེལ་ཡོད་འཕྲུལ་རིག་ཚུ་གི་ འགོ་ཁྲིད་འབད་མི་ལས་སྡེའི་ མཉམ་འབྲེལ་གཞི་བཙུགས་འཐུས་མི་དང་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཨིན་པས།ཁོ་གི་འགོ་ཁྲིད་འོག་ལུ་ ཇི་ཨེལ་པི་ལས་སྡེ་གིས་ གསར་བཏོད་དང་ ཁེ་ལཱའི་ཐབས་བྱུས་ཚུ་གི་སྒོ་ལས་ དེང་དུས་ཀྱི་ གྲ་སྒྲིག་ལས་དོན་ཚུ་ གཞི་སྒྱུར་འབད་ཡོདཔ་ད་ ལས་དོན་དེ་ཚུ་ ལས་སྡེ་མ་འདྲཝ་ཚུ་དང་ ཚོང་ལམ་གསརཔ་ཚུ་ནང་ རྒྱ་སྐྱེད་བཏང་སྟེ་ཡོདཔ་ཨིན་པས།ལས་སྡེ་དེ་གིས་ འཛམ་གླིང་ནང་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༡༢༠ དེ་ཅིག་གི་ བདོག་གཏད་བདག་དབང་འབད་དེ་ཡོདཔ་ད་ དེ་ཡང་ ཨེ་ཤི་ཡ་དང་ ཡུ་རོབ་ ཨ་མེ་རི་ཀ་ཚུ་ནང་ ཡར་འཕར་མཐོ་དྲགས་དང་ ཡུན་བརྟན་ཅན་གྱི་ དཔལ་འབྱོར་གསརཔ་གི་ ལས་སྡེ་ཚུ་ལུ་ གཙོ་རིམ་བཟུངམ་ཨིན་པས།དགེ་ལེགས་ཕུག་ […]

Special News

མི་དབང་མཆོག་གིས་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པ་ མཇུག་སྡུད་རྟེན་འབྲེལ་ནང་དབུ་བཞུགས།

སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༢ པ་ མཇུག་སྡུད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་པའི་ཁར་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་གཙོས་པའི་ བློན་པོ་བགྲེསཔ་ཚུ་དང་ དཔོན་ཁག་བགྲེསཔ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ ཕྱི་འབྲེལ་དོན་གཅོདཔ་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག།དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ བཀྲིན་དགའ་ཚོར་ཚུ་ ཞུ་ཡོདཔ་མ་ཚད་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ གྲྭ་ཚང་དང་ དགོན་སྡེ་ཁག་གི་ བླ་སྤྲུལ་དང་ དགེ་འདུནམ་ཚུ་ལུ་ཡང་ བཀྲིན་དགའ་ཚོར་ཞུ་ཡི།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་གིས་ དགེ་ལེགས་ཕུག་ལུ་ མི་དབང་མངའ་བདག་རྒྱལ་པོའི་ ལས་འགུལ་གཙོ་ཅན་ ལེ་ཤ་ཅིག་ཡོད་པའི་ནང་ལས་ རྫོང་གཞི་དང་ ལྷ་ཁང་ མཆོད་རྟེན་དང་ གནས་ཁང་ལ་སོགས་པ་ཚུ་ བཞེངས་གནང་ནི་གི་ ས་བསླངས་རྟེན་འབྲེལ་ མཛད་གནང་ནི་དེ་གིས་ དཔལ་ལྡན་འབྲུག་པའི་ བཀའ་སྲུང་དང་ ཆོས་སྐྱོང་སྲུང་མ་ཚུ་ ཐུགས་དགྱེས་པའི་ངང་ལས་ སྡོང་གྲོགས་ཚུ་ […]

Special News

མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐགས་རིགས་ལས་སྲོལ་ནང་ གཟེངས་ཐོན་རྟགས་མ།

སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐིམ་ཕུ་ལུ་སྦེ་ སྐྱེས་ལོ་ ༩༠ འབད་མི་ ཨམ་སྲི་ཐར་ལྷ་མོ་ལུ་ ཐགས་རིགས་ལས་སྲོལ་ནང་ འཚོ་གནས་སྐད་གྲགས་ཀྱི་ གཟེངས་ཐོན་རྟགས་མ་ གནང་ཡོདཔ་ད་ རྟགས་མ་དེ་ མ་འོངས་ལས་རིམ་ནང་ ཐགས་རིགས་ཟེར་མིའི་འོག་ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ སྔར་ཁྱུན་ཐགས་རིག་ཉམས་སྲུང་དང་ ལག་ཐགས་བཟོ་གྲྭའི་ནང་ མི་སྡེ་གོང་འཕེལ་ལུ་ ཁྱད་དུ་འཕགས་པའི་ ཕན་འདེབས་དང་ རྒྱབ་སྐྱོར་འབད་མི་ཚུ་ལུ་ གཟེངས་བསྟོད་ཀྱི་དོན་ལས་ གནང་དོ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ བཛྲ་གུ་རུ་དུང་སྒྲུབ།

རང་ཟླ་ ༡༠ པའི་ཚེས་ ༡༠ སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལས་ འགོ་བཙུགས་ཏེ་ ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ གུ་རུ་ཐོད་འཕྲེང་རིགས་ལྔའི་སྒོ་ལས་ བཛྲ་གུ་རུ་དུང་སྒྲུབ་ བསགས་གནང་ནི་གི་ མཛད་རིམ་ཡོདཔ་ཨིན་པས། དེ་ལས་ རང་ཟླ་ ༡༠ པའི་ཚེས་ ༡ ནས་ ༩ ཚུན་ སངས་རྒྱས་འོད་དཔག་མེད་ཀྱི་ སྒྲུབ་ཆེན་ཚོགས་གནང་མི་དེ་ རང་ཟླ ༡༠ པའི་ཚེས་ ༩ སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ དངོས་གྲུབ་བླངས་ཆོག་དང་བཅསཔ་སྦེ་ གྲོལ་གནང་ནུག། སྒྲུབ་ཆེན་དེ་ སྐྱབས་རྗེ་ཡིད་བཞིན་ནོར་བུ་མཆོག་དང་ མ་ཡུམ་གྱིས་ སྦྱིན་བདག་མཛད་ཐོག་ལས་ ཚོགས་གནང་ཡོདཔ་ད་ དེ་ཡང་ སྤྱིར་འཛམ་བུའི་གླིང་ནང་ དམག་འཁྲུག་ལུ་བརྟེན་ཏེ་ མིའི་ཚེ་སྲོག་ལུ་ བར་ཆད་བྱུང་མི་ཚུ་དང་ ལྷག་པར་དུ་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ […]

Special News

མི་དབང་མཆོག་གིས་ ནེ་པཱལ་ཀཋ་མཱན་ཌུ་ལུ་གཟིགས་སྐོར།

སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་དིལླི་ལུ་ གཞུང་དོན་གཟིགས་སྐོར་ གནང་པའི་ཤུལ་ལས་ རྒྱལ་ཁབ་ནང་ ལོག་བྱོན་པའི་ལམ་ཁར་ ནེ་པཱལ་གྱི་རྒྱལ་ས་ ཀཋ་མཱན་ཌུ་ལུ་ སོ་ཝ་ཡམ་བྷུ་དང་ མཆོད་རྟེན་བྱ་རུང་ཁ་ཤོར་ལུ་ གཟིགས་སྐོར་གནང་ནུག།སོ་ཝ་ཡམ་བྷུ་དེ་ ཀཋ་མཱན་ཌུའི་ ལུང་གཤོང་གི་ སྒང་ཏོག་ཅིག་གུ་ ཆགས་ཏེ་ཡོདཔ་ད་ དེ་ཡང་ ནེ་པཱལ་གྱི་ ཆོས་བྱུང་ནང་ གནས་འགངས་ཅན་ཅིག་ཨིན་པས།དེ་བཟུམ་སྦེ་ ཀཋ་མཱན་ཌུའི་ ཁྲོམ་གྱི་སྦུག་ན་ ཆགས་ཏེ་ཡོད་མི་ མཆོད་རྟེན་བྱ་རུང་ཁ་ཤོར་དེ་ཡང་ གུ་རུ་རིན་པོ་ཆེའི་ སྐུ་ཚེ་སྔ་མ་ཅིག་དང་ འབྲེལ་བ་ཡོདཔ་ལས་ ཞི་བདེ་དང་ བྱང་ཆུབ་ཐོབ་པའི་ བརྡ་མཚོན་ལུ་ བྱང་ཆུབ་མཆོད་རྟེན་ཟེར་ཡང་ མཚན་གསོལ་ཏེ་ཡོདཔ་ད་ གནས་ཆེན་དེ་ ༢ ཀྱི་ནང་ མི་དབང་མངའ་ཞབས་མཆོག་གིས་ ཐུགས་སྨོན་ཚུ་གནང་ནུག།མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཏིར་བྷུ་བཱན་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཕེབས་པའི་སྐབས་ལུ་ ནེ་པཱལ་གྱི་ ཕྱི་འབྲེལ་བློན་པོ་ ཨམ་ཨར་ཟུ་ར་ན་ དེའུ་བ་གིས་ ཕེབས་བསུ་ཞུ་ཡོདཔ་ད་ མི་དབང་མཆོག་གིས་ ནེ་པཱལ་གྱི་ མི་སེར་ཚུ་གིས་ བྱོན་ལེགས་ཞུ་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ཡོད་པའི་གནས་ཚུལ།

Special News

མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་ རྒྱ་གར་ལུ་ གཞུང་འབྲེལ་གཟིགས་སྐོར།

སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ རྒྱ་གར་དིལླི་ལུ་ ཉིན་གྲངས་ ༢ ཀྱི་དོན་ལས་ གཞུང་འབྲེལ་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི།དེ་ཚེ་ མི་དབང་མངའ་ཞབས་དང་ མི་དབང་རྒྱལ་བཙུན་མཆོག་གིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་གཅིག་ཁར་ ཁོ་གི་གཞུང་འབྲེལ་གཟིམ་ཅུང་ ལོག་ཀཱལ་ཡན་མཱག་ནང་སྦེ་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ བློན་ཆེན་མོ་དི་གིས་ ཉིན་མའི་གསོལཝ་ཅིག་ཡང་དྲངས་ནུག།མི་དབང་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ དིལླི་གནམ་ཐང་ནང་ ཕེབས་པའི་སྐབས་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་གྱིས་ ཕེབས་བསུ་ཞུ་ཡོདཔ་ད་ དེ་ཚེ་ཉིན་མར་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་དང་ རྒྱ་གར་གྱི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཨ་ཇིཊ་དོ་བཱལ་གྱིས་ མི་དབང་ མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི གཟིགས་སྐོར་དེ་གིས་ རྒྱ་འབྲུག་ ༢ ཀྱི་བར་ན་ དུས་རྒྱུན་གྱི་ ཐུགས་འཆར་བརྗེ་སོར་དང་ ཁྱད་དུ་འཕགས་པའི་ མཐུན་ལམ་དང་ མཉམ་འབྲེལ་ཚུ་ སྔར་བ་ལྷགཔ་སྦེ་ རྩ་བརྟན་འགྱོ་བའི་ བརྡ་མཚོན་སྟོནམ་ཨིན་པའི་གནས་ཚུལ།

Special News

མི་དབང་མཆོག་གིས་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་དང་པའི་ མཇུག་བསྡུ་རྟེན་འབྲེལ་ནང་དབུ་བཞུགས།

སྤྱི་ཟླ་ ༡༢ པའི་ཚེས་ ༣ ལུ་ རྒྱལ་རབས་ཅན་གྱི་ རྒྱལ་སྲུང་སྦྱོང་བརྡར་ ཤོ་ཐེངས་དང་པའི་ མཇུག་བསྡུ་རྟེན་འབྲེལ་དེ་ མཁོ་ཐང་ཁ་དང་ པདྨ་ཐང་ རྒྱ་མཚོ་གླིང་ རྒྱལ་པོའི་ཞིང་འབདཝ་ད་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ གི་ནང་ དུས་མཉམ་ལུ་ བརྩི་སྲུང་འབད་ཡི། མཁོ་ཐང་ཁའི་ རྒྱལ་སྲུང་སྦྱོང་བརྡར་ མཇུག་བསྡུའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་སར་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ཚུ་ བྱོན་གནང་ཡོདཔ་མ་ཚད་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ གཞུང་གྲྭ་ཚང་གི་ སློབ་དཔོན་ལྷན་རྒྱས་ཚུ་དང་ དམག་སྡེའི་འགོ་དཔོན་ གཞུང་གི་ཆེ་མཐོའི་འགོ་དཔོན་ དེ་ལས་ ཕྱི་འབྲེལ་དོན་གཅོད་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས། དེ་བཟུམ་སྦེ་ མི་དབང་མངའ་ཞབས་མཆོག་གི་ སྐུ་ཚབ་སྦེ་ རྒྱལ་པོའི་ཞིང་ལུ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་ རྒྱ་མཚོ་གླིང་ལུ་ མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་ པདྨ་ཐང་ལུ་ མི་དབང་རྒྱལ་སྲསམོ་ བདེ་ཆེན་གཡང་འཛོམས་དབང་ཕྱུག་ཚུ་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ གི་ནང་ གལ་གནད་ཆེ་བའི་ རྟེན་འབྲེལ་དེ་ཁར་ […]

Online now: 11 Today: 2618 Total visitors: 9838