ArchiveAboutContact

Category: ཁྱད་འཕགས་གནས་ཚུལ།

Special News

མི་དབང་མཆོག་གིས་ ཨམ་ལོ་རན་པོ་ཡེལ་ཇོབཛ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྟགས་མ་གནང་ཡོདཔ།

པདྨ༌བཟང༌མོ།སྤྱི་ཟླ་ ༡ པའི་ཚེས་ ༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ འབྲུག་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཟེངས་བསྟོད་རྟགས་མ་ འགོ་བྱེད་གནངམ་དང་འབྲེལ་ཏེ་ གཟེངས་བསྟོད་རྟགས་མ་དེ་ འགོ་དང་པ་ ཨམ་ལོ་རན་པོ་ཡེལ་ཇོབཛ་ལུ་ གནང་ཡོདཔ་ཨིན་པས།ཨམ་ལོ་རན་པོ་ཡེལ་ཇོབཛ་དེ་ འདི་བཟུམ་མའི་ ཁྱད་འཕགས་ཀྱི་ གཟེངས་བསྟོད་རྟགས་མ་ཐོབ་མི་ མི་ངོམ་དང་པ་ཨིནམ་ད་ མོ་གིས་ མི་སྡེ་ཡར་དྲག་བཏང་ནིའི་དོན་ལས་ དམིགས་བསལ་གྱིས་ ཕན་འདེབས་འབད་བའི་ ངོས་འཛིན་ལུ་ གནང་ཡོདཔ་ཨིན་པས།དེ་ཡང་ ལས་དོན་ཁག་ལེ་ཤ་ཅིག་ནང་ འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ ཡུན་བརྟན་གོང་འཕེལ་དང་ ལམ་སྲོལ་ཉམས་སྲུང་ མཐའ་འཁོར་ཉམས་སྲུང་ གཞུང་སྐྱོང་ལེགས་ལྡན་ཚུ་དང་མཐུན་པའི་ གཞི་སྒྱུར་ཚུ་ ལག་ལེན་འཐབ་ནུག།རྟགས་མ་དེ་ འབྲུག་གི་ཁ་ཐུག་ལས་ འཛམ་གླིང་ནང་ འགྲོ་བ་མིའི་ཕན་བདེ་དང་ གོང་འཕེལ་གྱི་དོན་ལུ་ བརྩོན་ཤུགས་སྦོམ་བསྐྱེད་དེ་ ལཱ་འབད་མི་ཚུ་ལུ་ དགའ་ཚོར་བསམ་ནི་དང་ རྒྱབ་སྐྱོར་འབད་བའི་ བརྡ་མཚོན་ཅིག་སྦེ་ གསར་བཏོད་མཛད་ཡོདཔ་ཨིན་པས།མོ་གིས་ སྤྱི་ལོ་ ༢༠༡༡ ལུ་ དཀའ་ངལ་མགུ་རྙོག་དྲགས་ཚུ་ མགྱོགས་དྲགས་སྦེ་ བསལ་ཐབས་ལུ་ མ་རྩ་གཞི་བཙུགས་དང་ གྲོགས་རམ་གྱི་དོན་ལས་ ཨེ་མར་སཱོན་ ཀོ་ལི་ཊིབ་ཟེར་མི་ ལས་སྡེ་ཅིག་ གཞི་བཙུགས་འབད་དེ་ ཤེས་རིག་དང་ […]

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ པདྨ་དགའ་ཚལ་ འབྲུག་མི་འགྱུར་བདེ་ཆེན་རྫོང་ལུ་ བཀྲ་ཤིས་རབ་གནས།

གནམ་ལོ་ཤིང་སྦྲུལ་ཟླཝ་ ༡༡ པའི་ཚེས་ ༡༡ སྤྱི་ཟླ་ ༡ པའི་ཚེས་ ༡༠ གྱི་དྲོ་པར་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ པདྨ་དགའ་ཚལ་ འབྲུག་མི་འགྱུར་བདེ་ཆེན་རྫོང་ལུ་ བསངས་མཆོད་དང་བཅས་པའི་སྒོ་ལས་ བཀྲ་ཤིས་རབ་གནས་ མཛད་གནང་ནུག།དེ་ལས་ ཉིན་ཡོལ་ཆུ་ཚོད་ ༢ དེ་ཅིག་ལས་ དད་ལྡན་མི་སེར་ ༤,༠༠༠ དེ་ཅིག་ སྤུངས་འཛོམས་འབད་མི་ཚུ་ལུ་ སྐྱབས་འགྲོ་དང་ མ་ཎི་ བཛྲ་གུ་རུའི་ ལྗགས་ལུང་ཚུ་ གནང་ཡོདཔ་མ་ཚད་ བཀའ་དབང་ཡང་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་གྱིས་ མི་ལོ་ ༥༠ གི་རིང་ལུ་ ཚེ་སྲོག་དང་ རྒྱུ་དངོས་ཚུ་ཉེན་སྲུང་།

སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ སྐུ༌མགྲོན༌གཙོ༌བོ༌མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག༌དབུ༌བཞུགས༌ཐོག༌ལུ༌འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་གྱིས་ འབྲུག་རྒྱལ་ཁབ་ནང་ ཚེ་སྲོག་དང་ རྒྱུ་དངོས་ཚུ་ ཉམས་སྲུང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དེ་ ལོ་ངོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ཡི། དེ་བསྒང་ འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་གྱི༌ཁ༌ཐུག༌ལས་ རྒྱལ་ཁབ་ནང་ ཉེན་སྐྱོབ་ཀྱི༌ཞབས་ཏོག་ཚུ་ ཡར་དྲགས་གཏང་ཐབས༌ལུ༌དང་ གློ་བུར་གྱི་ གནས་སྟངས་ནང་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ ཉེན་སྲུང་གི༌དོན༌ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ མེ་བསད་སྣུམ་འཁོར་ཆེ༌ཆུང༌ ༢ བྱིན་མི་དེ་གིས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས། འབྲུག་རྒྱལ་འཛིན་ཉེན་སྲུང་ལས་འཛིན་དེ་ སྤྱི་ལོ་ ༡༩༧༥ སྤྱི༌ཟླ་ ༡ པའི་ཚེས་ ༧ ལུ་ མི་དབང་འབྲུག་རྒྱལ་བཞི༌པ༌མཆོག༌གི་ བཀའ་ཁྲིམས་འོག་ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ནངས༌པར༌ དངུལ་འབྲེལ་དང་ ཉེན་བཅོལ་ལས་སྡེའི་ནང་ བརྟན༌གཞི་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།དེ༌ཡང༌བཀོད༌ཚོགས༌ཀྱི༌ ཁྲི་འཛིན་དང་པ་མི་དབང་རྒྱལ་སྲསམོ་ བསོད་ནམས་ཆོས༌སྒྲོན༌དབང་ཕྱུག་མཆོག་གི་ དབུ་ཁྲིད་འོག་ལུ་ མདོ་ཆེན་དང་པ་སྦེ་ དྲགོས་ཨོ་རྒྱན་རྡོ་རྗེ་གིས་ གཞི་བཙུགས་མཛད་ནུག། དུས་སྟོན་ལས་རིམ་སྐབས་ལུ་ […]

Special News

མི་དབང་མཆོག་གིས་ དབང་འདུས་ཕོ་བྲང་ མཁོ་ཏོག་ཁ་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ཆིབས་བསྐྱོད།

སྤྱི་ཟླ་ ༡ པའི་ཚེས་ ༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་འདུས་ཕོ་བྲང་ མཁོ་ཏོག་ཁ་ལུ་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ ཆིབས་བསྐྱོད་གནང་སྟེ་ ད་རེས་ནངས་པར་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ ཤོ་ཐེངས་ ༢ པའི་ རྒྱལ་སྲུངཔ་ཚུ་དང་ མཇལ་ཕྲད་གནང་ནུག། རྒྱལ་སྲུངཔ་ཤོ་ཐེངས་ ༢ པའི་ སྦྱོང་བརྡར་དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༡༦ ལས་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༣ པའི་ཚེས་ ༡༥ ལུ་ མཇུག་བསྡུ་ནི་ཨིན་པས། ད་རེས་ ཤོ་ཐེངས་ ༢ པའི་ནང་ སྦྱོང་བརྡར་འབད་མི་ རྒྱལ་སྲུངཔ་ཚུ་ཡང་ མཁོ་ཏོག་ཁ་ལུ་ ༤༨༨ དང་ རྒྱལ་པོའི་ཞིང་ལུ་ ༢༤༦ པདྨ་ཐང་ལུ་ ༤༧༩ རྒྱ་མཚོ་གླིང་ལུ་ ༤༨༩ འབདཝ་ད་ བདེ་སྲུང་སྦྱོང་བརྡར་སྤེལ་ཁང་ ༤ […]

Special News

བསམ་གྲུབ་ལྗོངས་མཁར་ རྫོང་ཁག་གི་ སྨོན་ལམ་ཆེན་མོ།

རང་ཟླ་ ༡༡ པའི་ཚེས་ ༣ སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་ ༡༠ པ་དེ་ བསམ་གྲུབ་ལྗོངས་མཁར་ སློབ་གྲྭ་བར་མའི་ རྩེད་ཐང་ནང་སྦེ་ འགོ་བཙུགས་ནུག།དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ གྲྭ་ཚང་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་ བླ་སློབ་དང་ དགེ་སློང་ མ་ཎེམོ་ ༦༥༠ དེ་ཅིག་གིས་ གནང་དོ་ཡོདཔ་མ་ཚད་ དད་ལྡན་མི་སེར་ ༥,༠༠༠ དེ་ཅིག་ཡང་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ འགྲོལ་གནང་ནི་ཨིན་མི་ སྨོན་ལམ་ཆེན་མོ་དེ་ རྫོང་ཁག་དང་ ཁྲོམ་སྡེ་ རྒེད་འོག་ཚུ་དང་ ལས་འཛིན་ཚུ་ལས་ ཞལ་འདེབས་བསྡུ་ལེན་འབད་དེ་ རྫོང་ཁག་དང་ ཁྲོམ་སྡེ་ རྒེད་འོག་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།

Special News

རྒྱ་གར་ཨ་སམ་མངའ་སྡེ་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ མཐུན་རྐྱེན་ལྷན་ཐབས་འབད་ནི།

རྒྱ་གར་ཨ་སམ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཧི་མཱན་ཏ་ བིཛ་ཝ་ སར་མ་མཆོག་གིས་ འབྲུག་ལུ་ གཟིགས་སྐོར་གནང་སྟེ་ ཨ་སམ་ལུ་ ལོག་ཕེབས་པའི་ཤུལ་ལས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ ཨ་སམ་གྱི་ ལཱ་འགན་སྐོར་ལས་ གསལ་བཤད་གནང་ནུག།དེ་ཡང་ ས་གནས་ཀྱི་ བརྡ་བརྒྱུདཔ་ཚུ་གིས་ གཙོ་འཛིན་བློན་པོ་མཆོག་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༧ པའི་ནང་ སྐུ་མགྲོན་སྦེ་ བྱོན་ཡོདཔ་བཞིན་དུ་ ཨ་སམ་གྱི་ཁ་ཐུག་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལུ་ ག་ཅི་ར་ མཛད་ནི་གི་ ཐུགས་བཞེད་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ གསལ་བཤད་མཛད་ཡོདཔ་ཨིན་པས།གཙོ་འཛིན་བློན་པོ་ ཧི་མཱན་ཏ་ བིཛ་ཝ་ སར་མ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ འབྲུག་ལུ་ གཟིགས་སྐོར་གནང་མི་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ གོང་འཕེལ་གནས་སྟངས་སྐོར་ལས་ ཧ་གོ་ཐབས་ལུ་དང་ ཨ་སམ་གྱི་ཧོངས་ལས་ ལྷན་ཐབས་འབད་དགོཔ་ཚུ་ ཧ་གོ་ཐབས་ལུ་ཨིན་ཟེར་གསུངས་ནུག།དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱིས་ ཨ་སམ་མངའ་སྡེ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ནི་ཨིནམ་ལས་ ང་བཅས་ཀྱིས་ དོ་འགྲན་འབད་ནི་མིན་པར་ མཐུན་རྐྱེན་ལྷན་ཐབས་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།དེ་མ་ཚད་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་དེ་ […]

Special News

ཐིམ་ཕུའི་སློབ་ཕྲུག་སྡེ་ཚན་ཅིག་གིས་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱི་ སྐུ་མདུན་ལུ་ལོ་ལེགས།

སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ ཐིམ་ཕུའི་སློབ་ཕྲུག་སྡེ་ཚན་ཅིག་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་གི་ སྐུ་མདུན་ལུ་བཅར་ཏེ་ ལོ་ལེགས་བགྱངས་ཐོག་ལས་ ཉི་ལོག་བརྩི་སྲུང་ཞུ་ཡི།དེ་ཡང་ དཔལ་ལྡན་འབྲུག་པའི་ རྩིས་གཞུང་དང་འཁྲིལ་ཏེ་ འབྲུག་ནུབ་ཕྱོགས་ཀྱི་ ས་གནས་ཚུ་ནང་ གནམ་དགུན་གྱི་ ཉི་ལོག་འདི་ཁར་ ལོ་གསར་སྦེ་ བརྩི་སྲུང་འབད་དོ་ཡོདཔ་ད་ ཉི་ལོག་འདི་ཁ་ལས་ འགོ་བཙུགས་ཏེ་ ཉིམ་རིངམོ་འགྱོཝ་ཨིན་པས།སློབ་ཕྲུག་ཨ་ལོ་ཚུ་གིས་ ཁྱིམ་བཤལ་རྐྱབ་སྟེ་ ལོ་འདི་ནང་ དགའ་སྐྱིད་ཕུན་སུམ་ཚོགས་པའི་ བཀྲིས་ལེགས་སྨོན་ ཞུ་སྲོལ་ཡོདཔ་ད་ དེ་བསྒང་ མི་མང་གིས་ གསོལ་རས་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པས།མི་དབང་ཞབས་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ ཉི་ལོག་བརྩི་སྲུང་གི་དོན་ལས་ ལོ་བསྟར་བཞིན་དུ་ གླིང་ཀ་ནང་གི་ ཕོ་བྲང་ནང་སྦེ་ ཨ་ལོ་ཚུ་ལུ་ བསུ་བ་མཛད་དེ་ ལོ་ལེགས་བགྱངས་བཅུག་ནི་དེ་ ལམ་སྲོལ་ཅིག་ལུ་ གྱུར་ཡོད་པའི་གནས་ཚུལ།

Special News

མི་དབང་མཆོག་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་སིང་གི་ སྤུར་སྦྱང་ནང་གྲལ་བཞུགས།

སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཀྱི་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནིའུ་ལྡི་ལི་ལུ་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་གཤགས་མིའི་ རྒྱལ་ཁམས་ཀྱི་ སྤུར་སྦྱང་དོན་ལུ་ ཆིབས་བསྐྱོད་གནང་ཡོདཔ་ད་ དགུང་ལོ་ ༩༢ བཞེས་མི་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ གཤགས་སོངཔ་ཨིན་པས།དེ་ཡང་ མི་དབང་མངའ་ཞབས་མཆོག་གིས་ ཕྱག་ཤུལ་ཅན་གྱི་ དབུ་ཁྲིད་ཨིན་མི་ འབྲུག་གི་ཆ་རོགས་འཆམ་ཤོས་ ཌོག་ཊར་སིང་གི་ སྐུ་ཕུང་ལུ་ མེ་ཏོག་གི་ཕྲེང་བ་ ཕུལ་གནང་ཡོདཔ་ད་ མི་དབང་མཆོག་ དེ་བཟུམ་མའི་ སྤུར་སྦྱང་ནང་ ཆིབས་བསྐྱོད་གནང་པ་ལུ་བརྟེན་ཏེ་ འབྲུག་དང་ རྒྱ་གར་གྱི་བར་ན་ མཐུན་ལམ་གཏིང་ཟབ་དང་ ཡུན་བརྟན་ཡོད་མི་འདི་ ཧེང་སྐལ་རང་ དམ་ཟབ་སོང་ནུག།སྤུར་སྦྱང་དེ་ནང་ རྒྱ་གར་གྱི་ སྲིད་འཛིན་དང་ བློན་ཆེན་ གཞུང་གི་ཆེ་མཐོའི་འགོ་ཁྲིདཔ་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ ཀོང་རེཛ་ཚོགས་པའི་འགོ་ཁྲིདཔ་ དེ་ལས་ བློན་ཆེན་གཤགས་མིའི་ བཟའ་ཚང་འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།རྒྱ་གར་རྒྱལ་ཁབ་ནང་ ཉིན་གྲངས་ ༧ གྱི་རིང་ རྒྱལ་དར་ཕྱེད་ཀ་ལུ་ […]

Special News

མི་དབང་མངའ་ཞབས་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁྲིམས་ཨང་ ༡ པ་གསར་བཏོད།

སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀོད་ཁྱབ་ཁྲི་འཛིན་ཡང་ཨིན་མི་ མི་དབང་མངའ་བདག་རིན་པོ་མཆོག་གིས་ སྤུ་ན་ཁ་རྫོང་གི་ མ་ཆེན་ལྷ་ཁང་ནང་སྦེ་ སྤྱི་ལོ་ ༢༠༢༤ ལོའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁྲིམས་ཨང་ ༡ པ་ གསར་བཏོད་མཛད་གནང་ཡི།དེ་ཡང་ རྒྱལ་ཡོངས་ཀྱི་ གལ་གནད་ཆེ་བའི་ ཕྱག་ལཱ་ཚུ་གི་དོན་ལུ་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་ཁང་འགངས་ཅན་དེ་ནང་ལས་ བྱིན་རླབས་དང་ དངོས་གྲུབ་ཞུ་བའི་ སྔར་ཁྱུན་སྲོལ་བཟང་དང་འཁྲིལ་ཏེ་ མཛད་གནང་ནུག།སྤྱི་ལོ་ ༢༠༢༤ གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ ཁྲིམས་ཨང་ ༡ པའམ་ ཁྲིམས་ལུགས་ལག་ལེན་བཅའ་ཁྲིམས་ ༢༠༢༤ ཅན་མ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ གནང་ཡོད་མི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བཀའ་ཁྲིམས་གུ་ གཞི་བརྟེན་མཛད་དེ་ཨིནམ་ད་ འདི་བཟུམ་མའི་ གལ་གནད་ཆེ་བའི་ ཁྲིམས་ལུགས་དེ་གིས་ […]

Special News

བཀྲ་ཤིས་ཆོས་རྫོང་ནང་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ གཤགས་མིའི་དོན་ལུ་ དཀར་མེ་སྟོང་མཆོད།

སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ཚུ་གིས་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ གཤགས་མིའི་དོན་ལུ་ དཀར་མེ་སྟོང་མཆོད་ཕུལ་ཏེ་ ཐུགས་སྨོན་གནང་ནུག། དེ་ཡང་ བློན་ཆེན་བགྲེསཔ་ ཌོག་ཊར་མཱན་མོ་ཧཱན་སིང་དེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ གཤགས་ཡོདཔ་ལས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་རྭ་ནང་སྦེ་ དམིགས་བསལ་གྱི་ དཀར་མེ་སྟོང་མཆོད་ཕུལ་ཏེ་ སྨོན་ལམ་གནང་ཡོདཔ་ཨིན་པས། དེ་སྦེ་ སྨོན་ལམ་གནང་སར་ མི་རྗེ་བློན་ཆེན་དང་ འབྲུག་ལུ་ རྒྱ་གར་གཞུང་ཚབ་ དེ་ལས་ འབྲུག་རྒྱལ་གཞུང་དང་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ དམིགས་བསལ་སྨོན་ལམ་དེ་ རྫོང་ཁག་ ༢༠ གི་ནང་ཡང་ འགོ་འདྲེན་འཐབ་ནུག། དེ་མ་ཚད་ བློན་ཆེན་བགྲེསཔ་ གཤགས་མི་ལུ་ གུས་བཏུད་དང་ རྒྱ་གར་གཞུང་དང་ མི་སེར་ཚུ་དང་གཅིག་ཁར་ གཅིག་སྒྲིལ་ཡོད་པའི་ བརྡ་མཚོན་ལུ་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ཁག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་དང་ དོན་གཅོད་སྐུ་ཚབ་ཡིག་ཚང་ཚུ་ནང་ […]

Online now: 4 Today: 2686 Total visitors: 9906