ArchiveAboutContact

Category: ཁྱད་འཕགས་གནས་ཚུལ།

Special News

མཐའ་ཡས་ལེན་གྱི་ མི་དབང་རྒྱལ་ཡུམ་ ཞིང་གཤེགས་ཀྱི་དོན་ལས་ མར་མེ་སྟོང་མཆོད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ བཀྲིས་ཆོས་རྫོང་གི་ ཀུན་རྭ་ནང་སྦེ་ མཐའ་ཡས་ལེན་གྱི་ མི་དབང་རྒྱལ་ཡུམ་ཞིང་གཤེགས་ སི་རི་ཀིད་མཆོག་གི་དོན་ལས་ མར་མེ་སྟོང་མཆོད་ཕུལ་ཏེ་ ཐུགས་སྨོན་ཚུ་ གནང་ཡོདཔ་ཨིན་པས། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་ནིའི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ གཞལམ་སྒང་རྫོང་ཁག་ནང་ ཞིབ་རྟོག་གཟིགས་སྐོར་ལུ་ཆིབས་བསྐྱོད།

པདྨ་དབང་འདུས། ཏཱ་ར་ཡ་ན་གཞི་ཚོགས་ གཞི་བཙུགས་གཙོ་འཛིན་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལས་ ༢༥ ཚུན་ གཞལམ་སྒང་རྫོང་ཁག་ནང་ ཞིབ་རྟོག་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ནུག། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་ནིའི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་ནང་དབུ་བཞུགས།

སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ དུས་ཅི་གི་ ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་དེ་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ མི་དབང་རྒྱལ་སྲསམོ་ བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་གིས་ ཞབས་བཅགས་གནང་ཡོདཔ་ལས་ ཨ་རྟག་དང་མ་འདྲ་བའི་ དམིགས་བསལ་གྱི་ དུས་སྟོན་ཅིག་ལུ་ གྱུར་ཡོདཔ་ཨིན་པས། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་ནིའི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་མཆོག་གིས་ མཁོ་ཐང་ཁ་དང་ རྒྱ་མཚོ་གླིང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ཆིབས་བསྐྱོད་།

སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཁོ་ཐང་ཁ་དང་ རྒྱ་མཚོ་གླིང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ ཆིབས་བསྐྱོད་གནང་སྟེ་ ད་རེས་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ སྤྱི་ལོ་ ༢༠༢༥ ལོའི་ སྡེ་ཚན་གཉིས་པའི་ རྒྱལ་སྲུངཔ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།  དེ་ཡང་ སྤྱི་ལོ་ ༢༠༢༥ གི་ རྒྱལ་སྲུངཔ་སྡེ་ཚན་གཉིས་པའི་ སྦྱོང་བརྡར་དེ་ སྦྱོང་བརྡར་སྤེལ་ཁང་ ༤ ཆ་རའི་ནང་ སྦྱོང་བརྡར་བ་བསྡོམས་ ༢༠༡༣ གྱི་དོན་ལུ་ སྤྱི་ཟླ་ ༨ པའི་ཚེས་ ༡ ལས་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ནང་ལས་ སྦྱོང་བརྡར་དེ་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ འབྲུག་གི་ན་གཞོན་ ༦,༣༣༡ གིས་ རྒྱལ་ཡོངས་ཞབས་ཏོག་སྦྱོང་བརྡར་ནང་ལས་ མཐར་འཁྱོལ་ཡོད་པའི་ གནས་ཚུལ་མདོར་བསྡུས།

Special News

འབྲུག་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ ཨི་ཐི་རི་ཡམ་རིམ་ལུགས་དང་ འབྲེལ་མཐུན་འབད་བའི་ འགོ་འབྱེད་རྟེན་འབྲེལ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ འབྲུག་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ ཨི་ཐི་རི་ཡམ་རིམ་ལུགས་དང་ འབྲེལ་མཐུན་འབད་བའི་ འགོ་འབྱེད་རྟེན་འབྲེལ་ནང་ མི་དབང་རྒྱལ་སྲས་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས། གནས་ཚུལ་འཕྲོ་མཐུད་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ གཟིགས་གནང་དགོཔ་ད་ བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ནང་ འབྲེལ་བ་འཐབ་གནང་།

Special News

འབྲུག་གིས་ ཨང་ཅན་རང་དབང་གི་དོན་ལུ་ རྒྱལ་ཡོངས་ངོ་རྟགས་ཀྱི་ གཞི་རྟེན་རིམ་ལུགས་ ཨི་ཐི་རི་ཡམ་ཆ་འཇོག།

སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ འབྲུག་རྒྱལ་ཁབ་ཀྱིས་ འབྲུག་རྒྱལ་ཡོངས་ཨང་ཅན་ངོ་རྟགས་དེ་ གཞི་རྟེན་རིམ་ལུགས་ ཨི་ཐི་རི་ཡམ་དང་ མཐར་འཁྱོལ་ཅན་སྦེ་ འབྲེལ་མཐུན་འབད་ཡོད་པའི་ གསལ་བསྒྲགས་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཁ་གསལ་ཚུ་ བདུན་རིམ་བཞིན་དུ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བར་གཟིགས་གནང་།

Special News

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་གྱི་དོན་ལུ་ ཁས་བླངས་ཞབས་ཏོག་ལས་རིམ།

པདྨ་དབང་འདུས།སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་གྱི་དོན་ལས་ ཁས་བླངས་པ་སྡེ་ཚན་ ༣ པ་གིས་ ཞབས་ཏོག་ལས་རིམ་ འགོ་བཙུགསཔ་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དཔལ་སྲུང་འགོ་འབྱེད་ཀྱི་ གསལ་བསྒྲགས་གནང་ནུག།དེ་ཡང་ དཔལ་སྲུང་ཟེར་མི་དེ་ དཔལ་འབྱོར་སྲུང་མི་ལུ་ གོ་དོ་ཡོདཔ་ད་ དཔལ་སྲུང་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལས་ རིག་རྩལ་གསར་བཏོད་དང་ ལག་ལེན་རུང་བའི་ ཐབས་ལམ་ཚུ་ འཚོལ་ཞིབ་འབད་ནིའི་ནང་ འབྲུག་པའི་ན་གཞོན་ཚུ་གིས་ གྲལ་གཏོགས་འབད་ཐབས་ལུ་ཨིན་པས། གནས་ཚུལ་ཁ་གསལ་ གློག་རིག་སྒྲིག་བཀོད་ (PDF) ཐོག་ལུ་ རེས་གཟའ་ཟླ་བའི་ ཐོན་རིམ་ནང་ གཟིགས་གནང་ལགས།

Special News

མི་དབང་རྒྱལ་བཙུན་མཆོག་གིས་ ལོ་བསྟར་པདྨའི་ཞལ་འཛོམས་ འགོ་འབྱེད་རྟེན་འབྲེལ་ནང་དབུ་བཞུགས།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ ཐིམ་ཕུ་ཞི་ཆེན་མཁར་ ཞལ་འཛོམས་ཁང་ནང་སྦེ་ ལོ་བསྟར་པདྨའི་ཞལ་འཛོམས་ ཐེངས་ ༣ པའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག། ཉིན་གྲངས་ ༣ གྱི་ ཞལ་འཛོམས་དེ་ནང་ གྲལ་གཏོགས་ཀྱི་དོན་ལས་ རྒྱལ་ཁབ་ཕྱི་ནང་ ༢ ལས་ སེམས་ཁམས་རིག་པའི་ མཁས་མཆོག་དང་ རྒྱབ་སྐྱོར་པ་ཚུ་ འཛོམས་ཡོདཔ་ད་ ཞལ་འཛོམས་དེ་གི་ གཞི་དོན་དེ་ཡང་ གཞོན་སེམས་ལུ་ ལྕོགས་གྲུབ་དང་ མ་འོངས་བཙན་ཐབས་: ཨ་ལོ་དང་ ན་ལོན་ཚུ་གི་ སེམས་ཁམས་འཕྲོད་བསྟེན་དང་ བདེ་ཉམས་ལུ་ མ་རྩ་གཞི་བཙུགས་ཟེར་ བཀོད་དེ་ཡོདཔ་ཨིན་པས།   དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་གིས་ ང་བཅས་རའི་ ཨ་ལོ་ཚུ་གི་ བདེ་ཉམས་སྐྱོང་བཞག་གི་དོན་ལུ་ གཅིག་སྒྲིལ་ཐོག་གི་ འགན་ཁུར་སྐོར་ལས་ གསུངས་གནང་ཡོདཔ་ད་ དེ་ཡང་ ཤེས་རིག་དང་ གསོ་བ་ ཡང་ཅིན་ གོང་འཕེལ་ཚུ་ནང་ ཡར་འཕེལ་ག་དེམ་ཅིག་བྱུང་རུང་ ང་བཅས་རའི་ ཨ་ལོ་ཚུ་གི་རྒྱུད་ལུ་ […]

Special News

མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ད་ས་ཡིན་ བརྩི་སྲུང་ཞུ་སར་དབུ་བཞུགས།

པདྨ་དབང་འདུས། རང་ཟླ་ ༨ པའི་ཚེས་ ༡༠ སྤྱི་ཟླ་ ༡༠ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དེ་ཝི་པཱན་ཅ་ཡཱན་ ཧིན་དུའི་ལྷ་ཁང་ནང་ མི་སེར་བརྒྱ་ལས་བཅད་དེ་ འཛོམས་ཡོད་མི་ཚུ་དང་གཅིག་ཁར་ ལྷ་མོ་རྫོང་གཉེར་མའི་དུས་སྟོན་ ད་ས་ཡིན་ བརྩི་སྲུང་ཞུ་སར་ དབུ་བཞུགས་ཐོག་ལུ་ ཊི་ཀ་གནང་སྟེ་ ཐུགས་སྨོན་ཚུ་ཡང་གནང་ནུག། ད་ས་ཡིན་ དུས་སྟོན་དེ་ འབྲུག་གི་ཧིན་དུའི་ མི་སྡེ་ཚུ་གིས་ གལ་གནད་ཆེ་བའི་ དུས་སྟོན་ཅིག་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་ད་ དུས་སྟོན་དེ་གི་སྐབས་ལུ་ བཟའ་ཚང་ཚུ་ གཅིག་ཁར་འཛོམས་ཏེ་ རང་སོའི་ཕམ་དང་ རྒན་རྒས་ཚུ་ལས་ ཊི་ཀ་དང་ ཕྱག་དབང་ཚུ་ ཞུ་སྲོལ་ཡོདཔ་ཨིན་པས། དུས་སྟོན་དེ་ བཟང་པོ་གིས་ངན་པ་ལས་ རྣམ་པར་རྒྱལ་བའི་ དུས་སྟོན་ཅིག་ཨིན་མི་དེ་ཡང་ ལྷ་ཁྱབ་འཇུག་གི་རྣམ་སྤྲུལ་ ཆོས་རྒྱལ་དགའ་བྱེད་ཀྱིས་ བདུད་རྒྱལ་ལངྐ་མགྲིན་བཅུ་ལས་ རྒྱལ་ཁ་ཐོབ་པའི་ བརྡ་མཚོན་སྟོན་དོ་ཡོདཔ་སྦེ་བཀོད་ནུག། དེ་འབདཝ་ལས་ མི་དབང་མངའ་བདག་མིན་པོ་ཆེ་མཆོག་ ཆོས་རྒྱལ་དགའ་བྱེད་ཀྱི་ གཟུགས་སུ་བྱོན་པའི་ ལྷ་ཁྱབ་འཇུག་གི་ངོ་བོ་སྦེ་ མི་སེར་ཚུ་གི་དོན་ལུ་ བྱིན་རླབས་མཆོག་འགྱུར་གྱི་ སྲུང་སྐྱོབ་མཛད་གནང་མི་སྦེ་ བརྩི་སྲོལ་ཡོདཔ་ཨིན་པས། […]

Special News

མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུནམཆོག་གིས་ རྒྱལ་འཛིན་ད་སའི་ཊི་ཀ་ལུ་ བྱིན་གྱིས་བརླབས་གནང་ཡོདཔ།

སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུནམཆོག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་ཁག་མཐའ་དབུས་གེ་རའི་ནང་ བཀྲམ་སྤེལ་གྱི་དོན་ལས་ ལྷ་མོ་རྫོང་གཉེར་མའི་ དུས་སྟོན་གྱི་ རྒྱལ་འཛིན་ད་སའི་ཊི་ཀ་ལུ་ བྱིན་གྱིས་བརླབས་གནང་ནུག། ལྷ་མོ་རྫོང་གཉེར་མའི་དུས་སྟོན་ ད་སའི་ཟེར་མི་དེ་ འབྲུག་གི་ཧིན་དུའི་མི་སྡེ་ནང་ གལ་གནད་ཆེ་བའི་ དུས་སྟོན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་གི་ ཧིན་དུའི་ལྷ་ཁང་ཚུ་ནང་ ཉིན་གྲངས་ ༡༠ གྱི་རིང་ལུ་ གསུང་ཆོག་ཚུ་གནང་སྟེ་ བརྩི་སྲུང་ཞུཝ་ཨིན་པས། དུས་སྟོན་གྱི་ ཆོ་གའི་མཛད་སྒོ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ ཊི་ཀ་ཟེར་ ཆུམ་དང་ ཞོ་ དེ་ལས་ ཚོས་གསར་ཚུ་ གཅིག་ཁར་བསླ་བསྲེས་ཏེ་ བཟའ་ཚང་ནང་མི་ཚུ་གི་ དཔྱལ་བར་སྦྱར་སྲོལ་ཡོདཔ་ད་ དེ་ཡང་ དཔྱལ་བར་ཊི་ཀ་ཐོབ་མི་ཚུ་ལུ་ ལྷ་མོ་རྫོང་གཉེར་མའི་ བྱིན་རླབས་ལུ་བརྟེན་ཏེ་ འགལ་རྐྱེན་བར་ཆད་ལས་ བསྲུང་ཚུལ་གྱི་ བརྡ་མཚོན་སྟོནམ་ཨིན་ཟེར་བཀོད་ནུག། རྒྱལ་འཛིན་ཊི་ཀའི་ ལམ་སྲོལ་གྱི་ཐེད་ཁར་ རྒྱལ་ཁབ་མཐའ་དབུས་གེ་རའི་ནང་ བཀྲམ་མི་དེ་གིས་ མི་སེར་ཡོངས་ལུ་ བརྒྱུད་འཛིན་གྱི་ མངའ་བདག་རྒྱལ་པོ་མཆོག་གིས་ སྲུང་སྐྱོབ་མཛད་པའི་ བརྡ་མཚོན་སྟོནམ་ཨིན་པའི་གནས་ཚུལ།

Online now: 15 Today: 1550 Total visitors: 8770