ArchiveAboutContact

gyalchi

World News

ཕི་ལི་པིན་ལུ་ སྐྱེལ་འདྲེན་གྲུ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༢༨ ལུ་ཤི་རྐྱེན།

བི་བི་སི། ཕི་ལི་པིན་ལུ་ སྐྱེལ་འདྲེན་གྲུ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༢༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ འགྲུལ་པ་ ༢༣༠ དེ་ཅིག་ སྲོག་སྐྱབས་འབད་ཚུགས་ནུག།དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༢༩ གི་ནུབ་མོར་ བསིལ་དྲོན་སྙོམས་འཕྲུལ་ཡོད་སའི་ ཁང་མིག་ཅིག་གི་ནང་ལས་ འགོ་བཙུགས་ཡོད་རུང་ མེ་རྐྱེན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ གསལ་ཏོག་ཏོ་ཅིག་ ཧ་མ་གོཝ་ཨིན་པས།ག་དེ་སྦེ་ཨིན་རུང་ རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མིའི་གྲས་ཁར་ ཟླཝ་ ༦ ལང་མི་ ཨ་ལོ་ཅིག་གིས་གཙོས་པའི་ ཨ་ལོ་ཆུང་ཀུ་ ༣ ཡང་ཡོདཔ་ཨིན་པས།དེ་སྦེ་ མེ་རྐྱེན་བྱུང་པའི་སྐབས་ལུ་ འགྲུལ་པ་མ་ཤོས་ཅིག་ར་ ཉལ་ཏེ་ཡོདཔ་ད་ གྲུའི་དེད་དཔོན་གྱིས་ འགྲུལ་པ་ཚུ་ རྩལ་རྐྱབ་སྟེ་ རྒྱ་མཚོའི་མཐའ་མར་ འཐོན་ཐབས་ལུ་ འགྲོས་ཀྱིས་བཏང་སྟེ་ གྲུ་དེ་ མཚོ་མཐའི་ཉེ་འདབས་ལུ་ བསྐྱལ་ཡོདཔ་སྦེ་ མཚོ་མཐའི་སྲུང་རྒྱབ་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

དཱན་ཊག་ལས་འགུལ་དང་ ལྷ་སྐྱིད་ལྕགས་བཟོ་ལས་སྡེའི་བར་ན་ ལྕགས་མཁོ་སྤྲོད་ཀྱི་ ཆིངས་ཡིག་གུ་མིང་རྟགས།

པདྨ་དབང་འདུས། སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ རྒྱ་གར་ལམ་སེལ་ལས་འགུལ་ དཱན་ཊག་གིས་ ལྷ་སྐྱིད་ལྕགས་བཟོ་སྒེར་སྡེ་ཚད་འཛིན་དང་གཅིག་ཁར་ འབྲུག་ལུ་ བཟོ་བསྐྲུན་ཚུ་གི་དོན་ལས་ ལྕགས་རིགས་མཁོ་སྤྲོད་ཀྱི་ ཆིངས་ཡིག་ཅིག་གུ་ མིང་རྟགས་བཀོད་ཡོདཔ་ད་ དེ་ཡང་ ས་གནས་ཀྱི་ བཟོ་གྲྭ་གོང་འཕེལ་དང་ འབྲུག་གི་གོང་འཕེལ་ལུ་ ཕན་ནིའི་དོན་ལས་ཨིན་པས།དཱན་ཊག་ལས་འགུལ་དང་ ལྷ་སྐྱིད་ལྕགས་བཟོ་ལས་སྡེའི་བར་ན་ མཉམ་འབྲེལ་འགོ་བཙུགས་མི་དེ་ འབྲུག་ལུ་ ས་གནས་ཀྱི་ བཟོ་གྲྭ་ཚུ་ ཡར་འཕེལ་ལུ་ རྒྱབ་སྐྱོར་གྱི་དོན་ལས་ དགོས་མཁོ་ཆེ་བའི་ ཐབས་ཤེས་ཅིག་ཨིནམ་ད་ མཉམ་འབྲེལ་དེ་གི་ དམིགས་ཡུལ་དེ་ཡང་ ལྕགས་ཀྱི་འཐོན་སྐྱེད་ ནང་འདྲེན་གྱི་ཚབ་ལུ་ རྒྱལ་ཁབ་ནང་ལས་ར་ སྤུས་ཚད་ཡོད་མི་ ལྕགས་ཀྱི་འཐོན་སྐྱེད་ཚུ་ བཀྲམ་སྤེལ་འབད་ཐབས་ལུ་ཨིན་པས།ཆིངས་ཡིག་དེ་དང་འཁྲིལ་ཏེ་ དཱན་ཊག་ལས་འགུལ་གྱིས་ འབྲུག་རྒྱལ་ཁབ་ནང་ ལག་ལེན་འཐབ་མི་ འཁོར་ལམ་དང་ ཟམ་ དེ་ལས་ གཞི་རྟེན་མཁོ་ཆས་ གཞན་གྱི་རིགས་ཚུ་ བཟོ་བསྐྲུན་གྱི་དོན་ལུ་ དགོས་མཁོ་ཡོད་མི་ ལྕགས་ཀྱི་འཐོན་སྐྱེད་ཚུ་ ལྷ་སྐྱིད་ལྕགས་བཟོ་ལས་སྡེ་གིས་ མཁོ་སྤྲོད་འབད་ནི་ཨིནམ་ད་ ལྕགས་ཀྱི་འཐོན་སྐྱེད་ཚུ་ཡང་ དེང་དུས་ཀྱི་ འཕྲུལ་རིག་དང་ ལཱ་ཆ་ཚུ་ ལག་ལེན་འཐབ་སྟེ་ སྤུས་ཚད་མཐོ་དྲགས་ཡོདཔ་སྦེ་ […]

gyalchi
World News

པ་ཀིཛ་ཏཱན་ལུ་ རྫས་བམ་གས་བཅུག་སྟེ་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ ༤ ལུ་ ཤི་རྐྱེན་དང་ གཞན་མི་ ༦ ལུ་རྨ་སྐྱོན།

ཨེ་བི་སི། སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ ཏཱ་ལི་བཱན་ གཡིབ་དམག་ཚུ་གིས་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ ༤ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་འགོ་དཔོན་ ༦ ལུ་ཡང་ རྨ་སྐྱོན་བྱུང་ནུག།དེ་ཡང་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁ་ཐུག་ལུ་ཡོད་མི་ ཁྲིམས་སྲུང་འགག་སྡེའི་ དམག་སྒར་དང་ སྣུམ་འཁོར་ཅིག་ལུ་ དམིགས་གཏད་བསྐྱེད་དེ་ རྫས་བམ་བཀལ་བཞག་མི་དེ་ གས་བཅུག་པའི་ གནད་ལུ་བརྟེན་ཏེ་ཨིན་པས།དེ་བཟུམ་མའི་ དྲག་རྒོལ་ཐོག་ལས་ བྱ་ངན་འབད་མི་དེ་ པ་ཀིཛ་ཏཱན་གྱི་ ཏཱ་ལི་བཱན་ གཡིབ་དམག་ཚུ་ཨིན་པའི་ བདེན་ཁུངས་བཤད་ཡོདཔ་ད་ གཡིབ་དམག་སྡེ་ཚན་དེ་ པ་ཀིཛ་ཏཱན་གྱི་ ཏེ་རིག་ཨི་ ཏཱ་ལི་བཱན་ཟེར་མི་ཨིན་པའི་ ངོས་འཛིན་འབད་ནུག།སྤྱི་ལོ་ ༢༠༢༡ ལུ་ ཏཱ་ལི་བཱན་གྱིས་ ཨཕ་གྷ་ནིཛ་ཏཱན་གྱི་ གཞུང་གི་དབང་ཚད་དེ་ བཙན་འཕྲོག་འབད་བའི་ཤུལ་ལས་ གཡིབ་དམག་སྡེ་ཚན་དེ་ཡང་ དྲག་བཅོམ་འབད་ནི་ལུ་ བློ་སྤོབས་ཐོབ་ཡོདཔ་ཨིན་པས།གཞུང་གི་དབང་ཚད་དེ་ཡང་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་ མི་ལོ་ ༢༠ གི་རིང་ལུ་ དམག་རྐྱབ་སྡོད་མི་ ཡུ་ཨེཛ་དང་ ན་ཊོའི་དམག་མི་ཚུ་ ཕྱིར་བཏོན་འབད་བའི་ཤུལ་ལས་ […]

gyalchi
World News

ར་ཤི་ཡ་གིས་ གླིང་ཆེན་ཚུ་གི་བར་ན་ ཕན་ཚུན་ལྷོད་ཚུགས་མི་ ཡརཛ་རིམ་ལུགས་ཐོག་ལུ་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ ལག་ལེན་སྦྱོང་བརྡར།

ཨཱལ་ཇ་ཟི་ར། ར་ཤི་ཡ་གིས་ གླིང་ཆེན་ཚུ་གི་བར་ན་ ཕན་ཚུན་ལྷོད་ཚུགས་མི་ ཡརཛ་རིམ་ལུགས་ཐོག་ལུ་ མགྱོགས་ཤུགས་ཅན་གྱི་ གོ་མཚོན་མི་ཛ་ཡེལ་ ལག་ལེན་སྦྱོང་བརྡར་ནང་ དམག་མི་སྟོང་ཕྲག་ ལེ་ཤ་ཅིག་ཡོད་མི་དེ་ རྡུལ་ཕྲན་ནུས་ཤུགས་ཀྱི་ སྟོབས་ཤུགས་ངོམ་སྟོན་གྱི་ འགྲེམ་སྟོན་འབད་ནུག།.སྤྱི་ཟླ་ ༣ པའི་ཚེས་ ༢༩ ལུ་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ དམག་མི་ ༣,༠༠༠ ལྷགཔ་ཅིག་གིས་ མི་ཛ་ཡེལ་ ༣༠༠ དེ་ཅིག་གི་ཐོག་ལས་ ལག་ལེན་སྦྱོང་བརྡར་འབད་ཡི་ཟེར་ཨིན་པས།དེ་ཡང་ ཐབས་བྱུས་ཅན་གྱི་ མི་ཛ་ཡེལ་ ལག་ལེན་པ་ཚུ་གིས་ དེང་དུས་ཀྱི་ མཚོན་ཆ་ཚུ་གི་ གདོང་ལན་ལུ་ མངའ་སྡེའི་དམག་སྡེ་ལྟེ་བ་དང་ མཁའ་དམག་ཚུ་ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་ནི་ཨིན་ཟེར་བཀོད་ནུག།ཡརཛ་རིམ་ལུགས་ཀྱི་ མི་ཛ་ཡེལ་གྱིས་ ཀི་ལོ་མི་ཊར་ ༡༢,༠༠༠ གི་ས་ཁར་ ལྷོད་ཚུགས་ནི་ཨིནམ་ད་ མི་ཛ་ཡེལ་དེ་གུ་ རྡུལ་ཕྲན་མཚོན་ཆ་ སྣ་མང་འབད་ཚུགས་ནི་ཨིན་པས།ན་ཧིང་ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་པོའི་དབང་བཙོང་ཐོག་ལས་ བཙན་འཛུལ་འབད་བའི་ཤུལ་ལུ་ ར་ཤི་ཡ་ ཁོང་ར་རྐྱངམ་གཅིག་དང་ རེ་ཚེ་སྐབས་ […]

gyalchi
Online now: 3 Today: 1558 Total visitors: 19025