ArchiveAboutContact

gyalchi

National News

རྒྱ་གར་གཞུང་གིས་ ཚོང་འབྲེལ་མཐུན་རྐྱེན་གྱི་དོན་ལས་ དངུལ་ཀྲམ་ས་ཡ་ ༨༠༠ འཛིན་གྲོལ།

རྒྱ་གར་གཞུང་གིས་ ཚོང་འབྲེལ་མཐུན་རྐྱེན་ རྒྱབ་སྐྱོར་གྱི་དོན་ལས་ དངུལ་ཀྲམ་ས་ཡ་ ༨༠༠ འཛིན་གྲོལ་འབད་ཡོདཔ་ཨིན་པས།དེ་ཡང་ རྒྱ་གར་གཞུང་གིས་ འཆར་གཞི་ ༡༢ པའི་ནང་ ཚོང་འབྲེལ་གཞི་རྟེན་དང་ ཕྱིར་ཚོང་ཡར་དྲག་ ཚོང་འབྲེལ་འཕྲུལ་སྤྱོད་ དེ་ལས་ འབྲུག་གི་སྒེར་སྡེ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ཚོང་འབྲེལ་མཐུན་རྐྱེན་རྒྱབ་སྐྱོར་དེ་ དངུལ་ཀྲམ་ཐེར་འབུམ་ ༤ ལུ་ ཡར་སེང་འབད་ནུག།དེ་བཟུམ་མའི་ ཚོང་འབྲེལ་མཐུན་རྐྱེན་གྱི་ རྒྱབ་སྐྱོར་ཐོག་ལས་ དོ་ཕབ་སྐྱེལ་ས་ཁོངས་ ༣ དང་ མོ་ཏང་ག་ བཟོ་གྲྭ་འཕྲུལ་ཁང་གི་ས་ཁོངས་ དབང་འདུས་ཕོ་བྲང་ལུ་ གཅིག་སྒྲིལ་བསིལ་མཛོད་ཁང་ དེ་ལས་ གསར་སྤང་དང་ བཀྲིས་སྒང་ མོང་སྒར་ལུ་ ས་སྣུམ་བླུག་ས་ཚུ་ རྐྱབ་ཡོདཔ་ཨིན་པས།དེ་མ་ཚད་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ གོང་འཕེལ་གྱི་ གཙོ་རིམ་ལས་འགུལ་ དམ་དུམ་ལུ་ ཚོང་འབྲེལ་འགོ་བཙུགས་ལྟེ་བ་དང་ ཚོང་འབྲེལ་གཞི་བཙུགས་ལྟེ་བ་ དེ་ ལས་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་འོག་ལུ་ ཕེབ་ལེབཛ་ལ་སོགས་པ་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་ནུག།སྤྱི་ཟླ་ ༤ པའི་ཚེས་ ༣ ལུ་ རྒྱ་གར་གཞུང་ཚབ་ཀྱི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ནང་ […]

gyalchi
National News

མངོན་མཐོ་ཁྲིམས་འདུན་ལས་ ཐོག་མའི་ཁྲིམས་འདུན་ ༢ ཀྱི་ འཁྲུན་ཆོད་བསྒྱུར་བཅོས།

ད་རེས་ འཕྲལ་ཁམས་ཅིག་ཁར་ མངོན་མཐོ་ཁྲིམས་འདུན་ལས་ ཀྲོང་གསར་སྟག་རྩེ་ མཐོ་རིམ་སློབ་གྲྭའི་ནང་ ལེགས་སྦྱར་བ་ཚུ་གིས་ སློབ་ཕྲུག་བུམོ་ཚུ་ལུ་ བརྡབ་གསིག་འཁྲིག་ཆགས་ཀྱི་ བརྙས་བཅོས་འབད་བའི་ གནད༌དོན༌སྐོར་ལས་ རྫོང་ཁག་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་མི་དེ་ བསྒྱུར་བཅོས་མཛད་ནུག།དེ༌ཡང༌ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང༌འཁྲིལ༌བ་ཅིན་ ཚེ་རིང་བཀྲིས་དང་ རྡོ་རྗེ་རབ་བརྟན་ ཡོན་ཏན་ནོར་བུ་ ཨ་ལོག་སུ་བྷ་ སངས་རྒྱས་ཚེ་རིང་ བསོད་ནམས་དབང་ཕྱུག་ མཆོད་རྟེན་ཚེ་རིང་བཅས་ མི་ངོམ་ ༧ ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ཐད་ཀར་དུ་ ཉེས་འཛུགས་བཀོད་དེ་མེད་རུང་ སློབ་ཕྲུག་ཚུ་གིས་ ཉོག༌བཤད་བཀོད༌མི༌དང་བསྟུན་ཏེ་ སློབ་དཔོན་ ༧ གྱིས་ སྤྱིར་བཏང་སློབ་དཔོན་གྱི་ ཀུན་སྤྱོད་རྣམ་གཞག་དང་མ་འཁྲིལ་བར་ སློབ་ཕྲུག་བུམོ་ཚུ་གི་ སེམས་རྒྱུད་དཀྲུག་པའི་ བརྡབ་གསིག་འཁྲིག་ཆགས་ཀྱི་ བརྙས་བཅོས་འབད་ནུག་ཟེར་ཨིན་པས།དེ་འབདཝ༌ལས འབྲུག་གི་སྒྲུབ་བྱེད་བཅའ་ཁྲིམས་ ༢༠༠༥ ཅན་མའི་ དོན་ཚན་ ༥ པའི་ ནང་གསེས་ཁ་པའི་ དགོངས་དོན་ལྟར་དུ༌ སྐབས་དོན་གྱི་ སྒྲུབ་བྱེད་དང༌འཁྲིལ༌ཏེ་ མ་འོངས་པའི་ སློབ་དཔོན་དང་ སློབ་ཕྲུག་ཚུ་གི་ ཉེན་སྐྱོབ་དང་ བརྡབ་གསིག་བརྙས་བཅོས་ཀྱི་ […]

gyalchi
World News

རྒྱ་ནག་གི་ ཚན་རིག་པ་ཚུ་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནད་སྡུད་དཔེ་བསྐྲུན།

བི་བི་སི། རྒྱ་ནག་གི་ ཞིབ་འཚོལ་སྡེ་ཚན་ཅིག་གིས་ ལོ་ངོ་ ༣ ལྷགཔ་ཅིག་གི་རིང་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཁྱབ་སྤེལ་དང་ འབྲེལ་བ་ཡོད་མི་ ཁྲོམ་ཁ་ལས་ དཔེ་ཚད་ཚུ་ བསྡུ་ལེན་འབད་དེ་ བརྟག་དཔྱད་སྙན་ཞུ་ཅིག་ དཔེ་བསྐྲུན་འབད་ནུག།དེ་ཡང་ ནད་འབུབ་ཀྱི་འབྱུང་ཁུངས་ འཚོལ་ཞིབ་ཀྱི་དོན་ལས་ ཧུ་ནཱན་ཟེར་སར་ཡོད་མི་ རྒྱ་མཚོ་དང་ རི་དྭགས་སེམས་ཅན་གྱི་ ཚོང་ཁྲོམ་དེ་ལུ་ གཙོ་བོར་བཟུང་ཡོདཔ་ད་ ད་རེས་ཀྱི་ སྙན་ཞུ་དེ་ སྤྱི་ལོ་ ༢༠༢༠ ལུ་ ཚོང་ཁྲོམ་དེ་ནང་ལས་ སྐྱེ་ལྡན་གྱི་ སྒྲུབ་བྱེད་ཚུ་ བསྐྱར་ཞིབ་འབད་ཡོད་པའི་ སྙན་ཞུ་དང་པ་ཨིན་པས།ནད་འབུབ་དེ་ ཚོང་ཁྲོམ་ནང་བཙོངས་མི་ སེམས་ཅན་ཚུ་དང་ འབྲེལ་ཆགས་ཡོདཔ་སྦེ་ བཀོད་དེ་ཡོད་རུང་ ཁྱབ་སྤེལ་དེ་ ག་དེ་སྦེ་ འགོ་བཙུགས་ཅི་ག་གི་སྐོར་ལས་ དྲི་དཔྱད་ཀྱི་ གནད་དོན་གསརཔ་ འཐོན་སྲིད་ནི་ཨིནམ་སྦེ་ཡང་བཀོད་ནུག།ཚན་རིག་པ་ཚུ་གིས་ ཞིབ་འཚོལ་གྱི་ གྲུབ་འབྲས་དེ་གིས་ ནད་འབུབ་དེ་ འགོ་དང་པ་ སེམས་ཅན་ལས་ མི་ལུ་འབུ་ཡོད་པའི་ སྒྲུབ་བྱེད་ཁ་སྐོང་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 15 Today: 1307 Total visitors: 18774