ArchiveAboutContact

gyalchi

National News

ལྷུན་རྩེ་ཨའུ་མཚོ་ལུ་ སྐྱབས་རྗེ་མཆོག་གིས་ བཀའ་ཆོས་གནང་ནི།

མགོན་པོ།ཆུ་ཡོས་ཟླཝ ༣ པའི་ཚེ ༡༣ སྤྱི་ཟླ་ ༥ པའི་ཚེས ༣ ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་རྫོང་ཁག་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་སྦེ་ བདུན་ཕྲག་ ༢ ལྷགཔ་ཅིག་གི་རིང་ལུ་ ཆོས་འཁོར་བསྐོར་གནང་ནི་ཨིན་པས།དེ་ཡང་ ཤར་ཕྱོགས་རྫོང་ཁག་ ༦ གི་ བླམ་གནས་བརྟན་ཚུ་གིས་ གསོལཝ་བཏབ་བཞིན་དུ་ སྐྱབསརྗེ་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ ཟབ་ཆོས་ཁག་མང་རབས་ཅིག་ ཕྱོགས་བསྡེབས་མཛད་གནང་པའི་ ཆོས་སྐོར་ཚུ་གི་ དབང་ལུང་ཁྲིད་རྒྱུན་ཟབ་མོ་ གནང་ནི་སྦེ་ གཏན་འཁེལ་སོང་ཡི་ཟེར་ དབང་ལུང་ཚོགས་ཆུང་ཁྲི་འཛིན་གྱིས་ གསལ་བསྒྲགས་ནང་བཀོད་ནུག།དེ་འབདཝ་ལས་ དད་མོས་ཅན་གྱི་ ཆོས་མཛད་བླ་སློབ་དང་ སྦྱིན་བདག་སྐྱེ་བོ་ཕོ་མོ་ག་ར་ གོང་གསལ་ཚེས་གྲངས་དང་བསྟུན་ཏེ་ བཀའ་ཆོས་ཞུ་བར་ འབྱོན་གནང་ཟེར་ཨིནམ་ད་ དེ་བསྒང་ སྔ་ཕྱིའི་གསོལ་ཚོགས་དང་ ཉིན་དགུང་གི་ གསོལ་ཇ་ཚུ་ དབང་ལུང་ཚོགས་ཆུང་གི་ ཁ་ཐུག་ལས་ འདྲང་ནི་ཨིན་རུང་ སྡོད་གནས་ཀྱི་ཐེད་ཁར་ རང་རང་སོ་སོ་གིས་ བཅའ་སྒྲིག་རྐྱབ་དགོཔ་སྦེ་ཨིན་པའི་གནས་ཚུལ།

gyalchi
National News

འབྲུག་གི་སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ ཐེངས་ ༩ པ་ སྤྱི་ཟླ་ ༦ པའི་ནང་ འཚོགས་གནང་ནི།

འབྲུག་གི་སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ ཐེངས་ ༩ པ་ སྤྱི་ཟླ་ ༦ པའི་ནང་ འཚོགས་གནང་ནི་གི་ ལས་འཆར་ཡོདཔ་ལས་ རྩ་ཁྲིམས་ཅན་གྱི་ འདུས་ཚོགས་དང་ གཙུག་སྡེ་ ལྷན་ཁག་དང་ ལས་སྡེ་ ས་གནས་གཞུང་ཚུ་གིས་ གོང་འཕེལ་དང་འབྲེལ་བའི་ གནད་དོན་མིན་པར་ གཞན་གལ་ཆེ་བའི་ གནད་དོན་རེ་ གསུང་གྲོས་གནང་དགོཔ་ཡོད་མི་ཚུ་ སྤྱི་ཟླ་ ༥ པའི་ཚེས་ ༡༢ ཀྱི་ ནང་འཁོད་ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ནང་ ལྷོད་དགོ་ཟེར་ཨིན་པས།དེ་ཡང་ གྲོས་གཞི་སྔོན་འགྲོའི་ ཞལ་འཛོམས་ནང་ བཙུགས་ཐབས་ལུ་ཨིནམ་བཞིན་དུ་ གལ་སྲིད་ གོང་ཚེས་ཀྱི་ ནང་འཁོད་ལུ་ མ་ལྷོད་པ་ཅིན་ གནད་དོན་ཚུ་ ག་དེམ་ཅིག་ར་ གལ་ཆེ་རུང་ ཚོགས་ཐེངས་དེ་ནང་ བཙུགས་ཐབས་མེད་ཟེར་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ལས་ བཀྲམ་སྤེལ་འབད་མི་ གསལ་བསྒྲགས་ཅིག་ནང་བཀོད་ནུག།ཚོགས་འདུ་དེ་ནང་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་སོ་སོ་ལས་ […]

gyalchi
Online now: 10 Today: 19 Total visitors: 17486