ArchiveAboutContact

gyalchi

Special News

མི་དབང་ཞབས་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༦ པའི་ཚེས་ ༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ བཙག་འཐུ་ལས་གྲུབ་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསརཔ་ཚུ་ལུ་ བཀྲིས་ལེགས་དར་གནང་ཡི། དེ་ཡང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་ ༤ པ་དེ་ དུས་ཅི་ སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ འགོ་འདྲེན་འཐབ་ནུག། དེ་མ་ཚད་ མི་དབང་ཞབས་ལས་ ཆུ་ཁ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སངས་རྒྱས་རྡོ་རྗེ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གསར་པའི་ བདག་རྐྱེན་ཐོག་ལུ་ ལྷན་རྒྱས་ཀྱི་ བཀབ་ནེ་གནང་ཡི། རྒྱལ་ཡོངས་ཚོགས་སྡེའི་ནང་ འཐུས་མི་ ༢༥ ཡོད་མི་ཚུ་ཡང་ རྫོང་ཁག་ ༢༠ ལས་ བཙག་འཐུ་གྲུབ་མི་ འཐུས་མི་རེ་དང་ འབྲུག་རྒྱལ་པོའི་ཞབས་ལས་ བསྐོ་བཞག་གནང་མི་ ཁྱད་ལྡན་གྱི་ འཐུས་མི་ ༥ ཡོདཔ་ཨིན་པས། རྒྱལ་ཡོངས་ཚོགས་སྡེའི་ནང་ ཁྱད་ལྡན་གྱི་ འཐུས་མི་ཚུ་ཡང་ དྲགོས་བཀྲིས་དབང་རྒྱལ་དང་ ཕུན་ཚོགས་རབ་བརྟན་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་ ཨྱོན་ཚེ་རིང་ […]

gyalchi
Special News

རྒྱ་གར་ལུ་ རེལ་ལི་ཐུག་རྐྱེན་ནང་ ཤི་རྐྱེན་མི་ཚུ་གི་དོན་ལས་ བསྔོ་སྨོན་དང་ དཀར་མེ་སྟོང་མཆོད།

སྤྱི་ཟླ་ ༦ པའི་ཚེས་ ༤ གི་དྲོ་པར་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ རྒྱ་གར་ཨོ་དཱི་ཤ་ལུ་ རེལ་ལི་ཐུག་རྐྱེན་བྱུང་མིའི་ནང་ ཚེ་སྲོག་ལུ་ བར་ཆད་དང་ རྨ་སྐྱོན་བྱུང་མི་ཚུ་གི་དོན་ལས་ དཀར་མེ་སྟོང་མཆོད་ཕུལ་ཏེ་ བསྔོ་སྨོན་ལམ་ཚུ་ གནང་ཡོདཔ་ཨིན་པས། དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ བློན་ཆེན་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ རྒྱ་གར་གཞུང་ཚབ་དང་ རྒྱ་གར་གྱི་ དམག་སྦྱོང་ལས་སྡེ་ ཨིམ་ཊཱད་དང་ ལམ་སེལ་ལས་འགུལ་ ཌཱན་ཊཱག་ཚུ་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ནུག། དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢ ཀྱི་ཕྱི་རོ་ རེལ་ལི་ ༣ ཐུག་རྐྱེན་བྱུང་མིའི་ནང་ མི་གྲངས་ ༢༨༠ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ སྟོང་ཕྲག་ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲུག་གཞུང་གི་ ཁ་ཐུག་ལས་ རྒྱ་གར་གཞུང་དང་ མི་སེར་ཚུ་ལུ་ མྱ་ངན་གྱི་ གསུང་འཕྲིན་ཚུ་ཡང་ གནང་ཡོད་པའི་གནས་ཚུལ།

gyalchi
Online now: 34 Today: 2775 Total visitors: 12805