ArchiveAboutContact

gyalchi

World News

རྒྱ་གར་གྱི་མངའ་སྡེ་ གུ་ཇ་རཱཏ་ལུ་ ཆརཔ་ཤུགས་ཅན་ རྐྱབ་པའི་རྐྱེན་ངན་ནང་ མི་ ༩ ལུ་ཤི་རྐྱེན།

 ཨེ་ཌི་ཊི་ཝི།རྒྱ་གར་གྱི་ གནམ་གཤིས་རིག་པའི་ ལས་ཁུངས་ཀྱིས་ རྒྱ་གར་གྱི་ མངའ་སྡེ་ཚུ་ནང་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཤུལ་ལུ་ ཆརཔ་རན་ཏོག་ཏོ་སྦེ་ རྐྱབ་ནི་ཨིན་པའི་ སྔོན་དཔག་འབད་ནུག།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ གུ་ཇ་རཱཏ་མངའ་སྡེའི་ནང་ ཆརཔ་མི་ལི་མི་ཊར་ ༢༠༠ ལྷགཔ་རེ་ རྐྱབ་ཡོདཔ་ད་ དེ་གི་ཧེ་མར་ ཉིན་གྲིས་ ༢ ཀྱི་ནང་ ཆར་ཆུ་ལུ་བརྟེན་ཏེ་ མི་གྲངས་ ༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།དེ་མ་ཚད་ ཆར་ཆུ་འཁྱིལ་ཏེ་ འཁོར་ལམ་ཚུ་ཡང་ བཀག་ཡོདཔ་ད་ ཤི་རྐྱེན་བྱུང་མི་ཚུ་གི་གྲས་ཁར་ པཱནཅི་མ་ཧཱལ་ རྫོང་ཁག་ནང་ རྩིགཔ་རམ་སོང་སྟེ་ ཨ་ལོ་ ༤ དང་ ཨ་ནཱན་ལུ་ མི་གྲངས་ ༢ ལུ་ ཤི་རྐྱེན་བྱུང་ནུག།དེ་བཟུམ་སྦེ་ ཇམ་ན་གར་དང་ ཨར་བ་ལི་ རྫོང་ཁག་ ༢ ཀྱི་ནང་ ཕོ་སྐྱེས་ ༢ ཆུ་ནང་ཐིམ་པའི་ཁར་ ཨམ་རེ་ལི་ རྫོང་ཁག་གི་ས་གནས་ ལ་ཁྲི་ལུ་ཡང་ […]

gyalchi
World News

རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༡༡ ཏ་ཡེ་ཝཱན་གྱི་ ཡུར་ཆེན་གུ་ལས་ཕར་འཕུར་འགྲུལ།

རོའི་ཊརཛ། ཏ་ཡེ་ཝཱན་གྱིས་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ རྒྱ་ནག་གི་ གནམ་གྲུ་ ༡༡ ཏ་ཡེ་ཝཱན་གྱི་ རྒྱ་མཚོ་དང་མཐུན་པའི་ ཡུར་ཆེན་གུ་ལས་ཕར་ འཕུར་ཡོདཔ་སྦེ་ བཤད་ཡོདཔ་ད་ ཡུར་ཆེན་དེ་ རྒྱ་ནག་དང་ ཏ་ཡེ་ཝཱན་གྱི་ གཞུང་འབྲེལ་མིན་པའི་ ས་མཚམས་བཟུམ་ཅིག་སྦེ་ བརྩིཝ་ཨིན་པས།རྒྱ་ནག་གིས་ ཏ་ཡེ་ཝཱན་དེ་ ཁོང་གི་ས་ཁོངས་ཨིན་པའི་ ཐོབ་བརྗོད་བཀོད་དེ་ འཕྲལ་འཕྲལ་སྦེ་ར་ མཁའ་དབྱིངས་སྲུང་སྐྱོབ་ས་ཁོངས་ཀྱི་ ལྷོ་ནུབ་མཚམས་ལུ་ རྒྱ་ནག་གི་ དམག་མི་ཚུ་ འཕུར་འགྲུལ་འབད་དོ་ཡོད་པའི་ ཉོག་བཤད་བཀོད་ནུག།དེ་མ་ཚད་ ཏ་ཡེ་ཝཱན་གྱི་ ཉེ་འདབས་ལུ་ མགྱོགས་ཤུགས་ཅན་གྱི་ མཁའ་དམག་གནམ་གྲུ་ཇེཊ་དང་ གས་རྫས་བཀོག་མི་ གནམ་གྲུ་ཚུ་བརྩིས་ཏེ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༢༤ གནམ་ཁར་འཕུར་ནི་དང་འབྲེལ་ གཅིག་སྒྲིལ་ཕྱད་མདའའི་ གྲ་སྒྲིག་ལུ་ དམག་གྲུ་ ༥ ཡང་ རྒྱ་མཚོའི་ནང་ལས་ཕར་ མཐོང་ཡོདཔ་སྦེ་ ཏ་ཡེ་ཝཱན་གྱིས་ བཤད་ཡོདཔ་ཨིན་པས།ཏ་ཡེ་ཝཱན་གྱིས་ ཁོང་རའི་གནམ་གྲུ་དང་ མཚོ་གྲུ་ཚུ་ རྒྱ་ནག་གི་ གནམ་གྲུ་དང་ མཚོ་གྲུ་ཚུ་ […]

gyalchi
National News

ཧཱ་ཆུ་གཞོང་ནང་ ཉམས་དགའ་བའི་ གནམ་བྱཱར་གྱི་ དུས་སྟོན་བརྩི་སྲུང་འབད་ནི།

ནད་ཡམས་ཐོན་པའི་ཤུལ་ལས་ ཧཱ་ལུ་ གནམ་བྱཱར་གྱི་ ལོ་བསྟར་དུས་སྟོན་ འགོ་དང་པ་འདི་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལས་ ༡༦ ཚུན་ ཉམས་དགའ་བའི་ ཧཱ་ཆུ་གཞོང་ནང་ བརྩི་སྲུང་འབད་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་འབད་ནུག།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ འབྲུག་གི་བལྟ་བཤལ་ལས་ཁུངས་ཀྱིས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཧཱ་རྫོང་ཁག་དེ་ འབྲུག་གི་ནུབ་བྱང་མཚམས་ལུ་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་ ༡,༠༠༠ ལས་ ༥,༦༠༠ གི་བར་ན་ ཆགས་ཏེ་ཡོདཔ་ད་ རྫོང་ཁག་དེ་ རྒྱལ་ས་ཐིམ་ཕུ་ལས་ སྣུམ་འཁོར་ནང་ ཆུ་ཚོད་ ༣ འགོརཝ་ཨིན་པས།རྫོང་ཁག་དེ་གི་ ས་ཆའི་ཁྱད་རྣམ་དེ་ཡང་ རྡོ་རོང་ཅན་གྱི་ གངས་རིའི་བར་ན་ མི་སྡེ་ཚུ་ ཁ་གཏོར་ཏེ་ གཞིས་ཆགས་ཡོད་པའི་ རྫོང་ཁག་ཅིག་ཨིན་པས།དུས་སྟོན་དེ་ཡང་ ནད་ཡམས་ཐོན་པའི་ཤུལ་ལས་ ཧཱ་ལུང་ཕྱོགས་ཀྱི་ སྤྲོ་ཉམས་ཆེ་བའི་ སྔར་ཁྱུན་ལམ་སྲོལ་དང་ ས་གནས་ནང་གི་ མི་སྡེ་མ་འདྲཝ་ཚུ་གི་ དགའ་སྟོན་ཐོག་ལས་ ཉིན་གྲངས་ ༣ […]

gyalchi
World News

ར་ཤི་ཡ་གིས་ གནོད་འཚུབ་བཀལ་མིའི་ནང་ རོགས་རམ་འབད་མི་ ཡུ་ཀེ་རེན་གྱི་ མི་ཁུངས་ཅིག་འཛིན་བཟུང་།

རོའི་ཊརཛ། ར་ཤི་ཡ་གིས་ ཉེན་ཁ་ཆེ་བའི་ མི་ཛ་ཡེལ་ཐོག་ལས་ ཡུ་ཀེ་རེན་གྱི་ ཤར་ཕྱོགས་ཁྲོམ་སྡེ་ ཀར་མ་ཊོརཛ་ཟེར་སར་ བཟང་ཁང་ཅིག་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ཡུ་ཀེ་རེན་གྱིས་ བྱ་ངན་དེ་ནང་ གྲོགས་རམ་འབད་བའི་ དོགས་པ་ཡོད་མི་ ཡུ་ཀེ་རེན་གྱི་ མི་ངོམ་ ༡ རྒྱལ་ཁབ་ལུ་ ངོ་ལོག་འབད་བའི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་ནུག།སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ ཡུ་ཀེ་རེན་གྱི་ རྩོད་གཞི་ཡོངས་ཁྱབ་ཡིག་ཚང་ལས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ནང་གི་ ས་སྣུམ་སྐྱེལ་འདྲེན་ལས་སྡེའི་ ལས་གཡོགཔ་ཅིག་གིས་ བཟའ་ཁང་གི་ སྣུམ་འཁོར་བཞག་སར་ དམག་མིའི་ཨང་རྟགས་ཡོད་མི་ སྣུམ་འཁོར་ཚུ་ པར་བཏབ་སྟེ་ ར་ཤི་ཡའི་ དམིགས་བསལ་གྱི་ཞབས་ཏོག་ལས་སྡེ་ལུ་ བསྐྱལ་ཐོག་ལས་ མི་ཛ་ཡེལ་ ཚོད་དཔག་གི་དོན་ལུ་ ཆ་རོགས་འབད་ནུག་ཟེར་ཨིན་པས།དེ་ཡང་ མི་ཛ་ཡེལ་དེ་ལུ་བརྟེན་ཏེ་ བཟའ་ཁང་ནང་གི་ མི་ངོམ་ ༡༢ ལུ་ ཤི་རྐྱེན་དང་ ༦༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་པའི་ཁར་ བཟའ་ཁང་དེ་ཡང་ […]

gyalchi
World News

རྒྱ་པཱན་དང་ ལྷོ་ཀོ་རི་ཡའི་བར་ན་ དངུལ་བརྗེ་སོར་གྱི་ འབྲེལ་བ་བསྐྱར་གསོ་ལུ་ཞལ་འཆམས།

རོའི་ཊརཛ། སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ ལུང་ཕྱོགས་ནང་གི་ དངུལ་འབྲེལ་ཉེན་སྲུང་བཙན་ཐབས་ལུ་ རྒྱ་པཱན་དང་ ལྷོ་ཀོ་རི་ཡའི་བར་ན་ ཌོ་ལར་ཐེར་འབུམ་ ༡༠ བརྗེ་སོར་འབད་ནི་གི་ འབྲེལ་དོན་བསྐྱར་གསོ་ལུ་ ཞལ་འཆམས་བྱུང་ཡོདཔ་ད་ དེ་ཡང་ འཛམ་གླིང་ནང་ སྲིད་འབྲེལ་གྱི་ ཉེན་ཁ་ཡར་སེང་འགྱོ་བའི་ དུས་སྐབས་ནང་ ཟུང་འབྲེལ་གྱི་ མཐུན་ལམ་ལེགས་སྒྱུར་དོན་ལས་ཨིན་པས།ཧེ་མ་ སྤྱི་ལོ་ ༢༠༠༡ ལུ་ཡང་ དངུལ་བསྡོམས་དེ་གི་ བརྗེ་སོར་ལུ་ ཁ་འཆམས་བྱུང་ཡོད་རུང་ ལག་ལེན་མ་འཐབ་པའི་བར་ན་ སྤྱི་ལོ་ ༢༠༡༥ ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ དོན་གཅོད་ཀྱི་མཐུན་ལམ་ མེདཔ་ཐལ་བའི་རྐྱེན་གྱིས་ དུས་ཚོད་ཡོལ་སོངཔ་ཨིན་པས།རྒྱ་པཱན་གྱི་ རྒྱལ་སྤྱིའི་དངུལ་རྩིས་བློན་པོ་འོགམ་ མ་ས་ཏོ་ཀཱན་ཌ་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་སྤྱི་དང་ ལུང་ཕྱོགས་ཀྱི་ གནས་རིམ་ཚུ་ནང་ དཔལ་འབྱོར་གྱི་ གནས་སྟངས་ངེས་མེད་དང་ ཉེན་ཁ་ཆེ་བའི་ གདོང་ལེན་འབྱུང་དོ་ཡོདཔ་ལས་ ཟུང་ཕྱོགས་མཐུན་ལམ་ བཙན་ཐབས་འབད་ནི་དེ་ གལ་ཅན་ཅིག་སྦེ་ འཐོན་ཏེ་ཡོད་ཟེར་ཨིན་པས།དངུལ་བརྗེ་སོར་གྱི་ སྒྲིག་ཆ་དེ་ཡང་ སྤྱི་ཟླ་ […]

gyalchi
Online now: 14 Today: 792 Total visitors: 10822