ArchiveAboutContact

gyalchi

News in English

UK says Russia suffers devastating losses among lower-ranked officers

Reuters: – Russia appears to have suffered devastating losses amongst mid- and junior-ranking officers in its conflict with Ukraine, raising the prospect of weaker military effectiveness in future, Britain’s defence ministry said on Monday. Brigade and battalion commanders were probably deploying to the most dangerous positions while junior officers have had to lead low-level tactical […]

gyalchi
National News

སྤ་རོ་ལུ་ ཞེ་ཆེན་ཐེག་མཆོག་ཆོས་ཀྱི་དགའ་ཚལ་ནང་ གཉགས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་ཆེན།

སྒྲོལ་མ་ཡེ་ཤེས་དང་བདེ་སྐྱིད་ཆོས་སྒྲོན།རང་ཟླ་ ༣ པའི་ཚེས་ ༣༠ སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ སྤ་རོ་ཞེ་ཆེན་ཐེག་མཆོག་ཆོས་ཀྱི་དགའ་ཚལ་ནང་ ཉིན་ཞག་ ༧ གྱི་རིང་ལུ་ འཚོགས་གནང་མི་ གཉགས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་འདི་ དངོས་གྲུབ་བླངས་བ་དང་བཅསཔ་སྦེ་ འགྲོལ་གནང་ནི་ཨིན་པས།དེ་ཡང་ ཨ་འཛོམས་རྒྱལ་སྲས་རིན་པོ་ཆེ་དང་ སྤྲུལ་སྐུ་རྡོ་རྗེ་ཉི་མ་མཆོག་ དབུ་བཞུག་ཐོག་ལུ་ མཁན་པོ་ ༢ དང་ སློབ་དཔོན་ ༢༠ གིས་གཙོས་པའི་ དགེ་སློང་ཞལ་གྲངས་ ༤༠ དེ་ཅིག་གིས་ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལས་ ༢༩ ཚུན་ ཉིན་ཞག་ ༧ གྱི་རིང་ལུ་ འཚོགས་གནངམ་ཨིན་པས།དེ་བཟུམ་མའི་ སྒྲུབ་ཆེན་གནང་མི་འདི་ སྤྱིར་འཛམ་གླིང་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་འདི་ནང་ ཀོ་ཝིཌ་-༡༩ གིས་གཙོས་པའི་ ནད་ཡམས་མུ་གེ་ཚུ་ག་ར་ཞི་སྟེ་ བདེ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་ཨིན་ཟེར་ སློབ་དཔོན་ཀརྨ་གིས་ བཤདཔ་ཨིནཔའི་གནས་ཚུལ།

gyalchi
World News

ལི་ཐུ་ནི་ཡ་གིས་ ཡུ་ཀེ་རེན་གྱི་དོན་ལས་ ཌཱོན་ཉོ་ནི།

རེའུ་ཊརཛ།ར་ཤི་ཡའི་ དམག་ཁྲུག་ལུ་ གདོང་ལེན་འབད་ནིའི་དོན་ལས་ ལི་ཐུ་ནི་ཡའི་ མི་སེར་བརྒྱ་ཕྲག་ མཉམ་བསྡོམས་འབད་དེ་ ཡུ་ཀེ་རེན་གྱི་དོན་ལུ་ དམག་སྡེ་གོང་འཕེལ་གྱི་ དམག་ཆས་ཌཱོན་ཟེར་མི་ ཉོ་ནི་ཨིན་པས།དེ་ཡང་ དམག་ཆས་ཌཱོན་ ཉོ་ནིའི་དོན་ལུ་ ཡུ་རུ་ས་ཡ་ ༥ དེ་ཅིག་ དགོས་མཁོ་ཡོད་མི་ལས་ ཉིན་གྲངས་ ༣ གྱི་ ནང་འཁོད་ལུ་ར་ ཡུ་རུ་ས་ཡ་ ༣ དེ་ཅིག་ ཞལ་འདེབས་བསྡུ་ལེན་འབད་ནུག།ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དམག་འཁྲུག་དེ་ འགོ་མ་བཙུགས་པའི་ཧེ་མར་ ཁོང་ག་གིས་ཡང་ ཀྲོབ་མདའ་ཚུ་ ཉོ་ནི་གི་ མནོ་བསམ་ར་ མ་བཏང་ཟེར་ཨིནམ་ད་ འཛམ་གླིང་འདི་ ག་དེ་དྲག་དྲག་ ལེགས་ཤོམ་བཟོ་ཐབས་ལུ་ ག་ཅི་ཅིག་ ལག་ལེན་འཐབ་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།ལི་ཐུ་ནི་ཡའི་ ཨམ་སྲུ་ཅིག་གིས་ ཡུ་ཀེ་རེན་གྱི་དོན་ལུ་ ཞལ་འདེབས་འབདཝ་འབད་ས་ར་ཡོདཔ་མ་ཚད་ ད་ལས་ཕར་ཡང་ ཡུ་ཀེ་རེན་གྱིས་ རྒྱལ་ཁ་མ་ཐོབ་ཚུན་ཚོད་ ཞལ་འདེབས་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་ཨིན་ཟེར་ བཤད་ཡོདཔ་ད་ དེ་ཡང་ ར་ཤི་ཡ་གིས་ ལི་ཐུ་ནི་ཡའི་ རྒྱལ་ཁབ་དེ་ཡང་ དབང་གནོན་འབད་བའི་ འདྲོག་འཇིགས་ཡོད་པ་ལུ་བརྟེན་ཏེ་ཨིན་པས།དམག་ཆས་ཌཱོན་དེ་ ཊར་ཀིའི་རྒྱལ་ཁབ་ནང་ལས་ […]

gyalchi
National News

རྒྱ་གར་གྱིས་ གུ་རམ་ཕྱིར་ཚོང་ ཚད་འཛིན་འབད་ནི།

ཡིག་ཚང་ལས་བྱེདཔ།སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ རྒྱ་གར་གྱི་ ཚོང་དང་ བཟོ་གྲྭའི་ལྷན་ཁག་ ཕྱི་འབྲེལ་དང་ ཚོང་འབྲེལ་ལས་ཁུངས་ཀྱིས་ གནས་སྐབས་ཅིག་ གུ་རམ་ཕྱིར་ཚོང་ ཚད་འཛིན་འབད་ནི་ཨིན་པའི་ གསལ་བསྒྲགས་ཅིག་འབད་ནུག།དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡ ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ཚུན་དང་ ཡང་ཅིན་ གསལ་བསྒྲགས་ལོགས་སུ་མ་འབད་ཚུན་ རྒྱ་གར་ལས་ ཕྱིར་ཚོང་འཐབ་ནི་དེ་ ཉོ་སྤྱོདཔ་ལས་དོན་དང་ བཟའ་སྤྱོད་ མི་མང་བགོ་བཀྲམ་ལྷན་ཁག་ བཟའ་སྤྱོད་དང་ མི་མང་བགོ་བཀྲམ་ལས་ཁུངས་ཀྱི་ གུ་རམ་མདོ་ཆེན་ཡིག་ཚང་ལས་ དམིགས་བསལ་གྱི་ གནང་བ་ཡོདན་མ་གཏོགས་ དེ་མིན་ ཕྱིར་ཚོང་འཐབ་མི་ཆོག་ཟེར་ཨིན་པས།ད་ཚུན་གྱི་བར་ན་ འབྲུག་གིས་ རྒྱ་གར་རྐྱངམ་གཅིག་ལས་ གུ་རམ་ནང་འདྲེན་འབད་ནི་དེ་གིས་ གུ་རམ་བཀག་འཛིན་དེ་ ལག་ལེན་འཐབ་པ་ཅིན་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་གྲས་ལས་ བསིལ་ཆུའི་འཕྲུལ་ཁང་ཚུ་ལུ་ ཐོ་ཕོག་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།སྤྱི་ལོ་ ༢༠༢༡ གི་ འབྲུག་ཚོང་འབྲེལ་གནས་སྡུད་དང་འཁྲིལ་བ་ཅིན་ འབྲུག་གིས་ གུ་རམ་དང་ གུ་རམ་ལུ་བརྟེན་པའི་ མངར་ཟས་ཀྱི་རིགས་ཚུ་ དངུལ་ཀྲམ་ས་ཡ་ […]

gyalchi
National News

གནམ་བྱཱར་གྱི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་ནང་ དཔྱད་ཡིག་ ༨ ལུ་ གསུང་གྲོས་གནང་ནི།

སྤྱི་ཟླ་ ༦ པའི་ཚེས་ ༢ ལས་ ཟླཝ་ ༡ ལྷགཔ་ཅིག་གི་རིང་ལུ་ འཚོགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ གནམ་བྱཱར་གྱི་ ཚོགས་བཞུགས་ནང་ ཏི་རུའི་དཔྱད་ཡིག་ ༤ བརྩིས་ཏེ་ དཔྱད་ཡིག་ ༨ ལུ་ གསུང་གྲོས་གནང་ནི་ཨིན་པས།དེ་ཡང་ འབྲུག་གི་སྐྱེ་ལྡན་རིགས་སྣའི་དཔྱད་ཡིག་ ༢༠༢༡ ཅན་མ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འཕྲི་སྣོན་དཔྱད་ཡིག་ ༢༠༢༡ ཅན་མ་ དེ་ལས་ རྒྱལ་སྤྱི་ཉི་དྲོད་མཐུན་སྒྲིག་གཞི་བཙུགས་ཀྱི་ སྒྲིག་བཀོད་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་མི་ དཔྱད་ཡིག་གསུམ་ཆ་ར་ རྒྱལ་ཡོངས་ཚོགས་འདུ་གིས་ འདས་པའི་ཚོགས་ཐེངས་ནང་ ཆ་འཇོག་གྲུབ་ནུག།སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ དཱན་ཀུ་མར་སཱུན་ཝར་གྱིས་ ཞི་བའི་ཉེས་ཆད་དཔྱད་ཡིག་གི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་ཐོག་ལས་ རྒྱལ་ཡོངས་ཚོགས་སྡེའི་ནང་ གསུང་གྲོས་གནང་ནིའི་དོན་ལུ་ གྲ་སྒྲིག་སོང་སྟེ་ཡོད་ཟེར་ཨིན་པས།དོན་ཚན་ ༡༨༡ འབད་མི་ ཞི་བའི་ཉེས་ཆད་དཔྱད་ཡིག་དེ་ མི་མང་གི་ ཚེ་སྲོག་ལུ་ བར་ཆད་དང་ […]

gyalchi
World News

ཡུ་ཀེ་རེན་གྱི་ མི་སེར་ལ་ལོ་ཅིག་ ཁར་ཀིབ་ཁྲོམ་སྡེའི་ ས་འོག་ལུ་ འཛུལ་སྡོད་དེ་ ཟླ་ངོ་ ༣ སོང་ཡོདཔ།

བི་བི་སི།ཡུ་ཀེ་རེན་ལུ་ དམག་འཁྲུག་ལང་པའི་སྟབས་ཀྱིས་ ཡུ་ཀེ་རེན་གྱི་ མི་སེར་ལ་ལོ་ཅིག་ ཁར་ཀིབ་ཁྲོམ་སྡེའི་ ས་འོག་རེལ་ལིའི་ འབབ་ཚུགས་ནང་སྡོད༌དེ༌ ཟླ་ངོ་ ༣ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།མ་གཞི་ ས་འོག་དེ་ནང་ སྲོག་རླུང་གཙང་ཏོག་ཏོ་ མེད་པའི་ཁར་ ཆུ་འཁྱུ་ནི་གི་ མཐུན་རྐྱེན་ཚུ་ཡང་ མེད་མི་ལུ་བརྟེན་ཏེ་ ནད་གཞི་ཚུ་ འཇམ་ཏོག་ཏོ་སྦེ་ ཁྱབ་སྤེལ་འགྱོཝ་མས་ཟེར་ཨིན་པས།ཨིན་རུང་ ཁོང་ཆ་ཁྱབ་ ག་ཏེ་ཡང་ འགྱོ་ས་མེད་པར་ སྡོད་དགོཔ་བྱུང་ཡི་ཟེར་ བཤད་ཡོདཔ་མ་ཚད་ ད་རེས་ཁམས་ཅིག་ཁར་ ས་གནས་གཞུང་གི་ དབང་འཛིན་ཚུ་གིས་ ས་འོག་རེལ་ལིའི་འབབ་ཚུགས་དེ་ ལོག་སྟེ་ར་ སྒོ་ཕྱེ་ཡོདཔ་ལས་ ཁོང་ཆ་ཁྱབ་ ས་གནས་དེ་ཁ་ལས་ བཏོན་མི་གཏང་ག་མནོ་བའི་ ཚ་གྱང་སྦོམ་སྦེ་ར་ ལང་སྟེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 10 Today: 1851 Total visitors: 9071