ArchiveAboutContact

gyalchi

World News

ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་ལུ་བརྟེན་ཏེ་ རྒྱ་གར་ལུ་གནོད་སྐྱོན།

ཨིན་ཌི་ཡ་ཊུ་ཌེ།ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་འགོ་བཙུགས་ཏེ་ ཟླ་ངོ་ ༣ གྱི་རིང་ལུ་ ཕྱི་རྒྱལ་གྱི་ མ་རྩ་བཙུགས་མི་ཚུ་གིས་ རྒྱ་གར་ལས་ རུ་པི་བྱེ་བ་འབུམ་ ༡ ལྷགཔ་ཅིག་ བཏོན་འབག་ཡོདཔ་ཨིན་པས།དེ་ཡང་ དམག་འཁྲུག་དེ་ འགོ་མ་བཙུགས་པའི་ཧེ་མར་ ཟླ་ངོ་ ༩ གི་རིང་ལུ་ རུ་པི་བཏོན་འབག་མི་ ཡོངས་བསྡོམས་དང་ཕྱདཔ་ད་ དམག་འཁྲུག་འགོ་བཙུགས་ཞིནམལས་ཚུར་ ཟླ་ངོ་ ༣ གྱི་རིང་ལུ་ རུ་པི་བཏོན་འབག་མི་དེ་ རུ་པི་བྱེ་བ་ལྔ་ཁྲི་ལྷགཔ་ཅིག་གིས་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།ཕྱི་རྒྱལ་གྱི་ མ་རྩ་བཙུགས་མི་ཚུ་ལུ་ དེ་སྦེ་ མ་རྩ་བཙུགས་ནི་གི་ བློ་སྟོབས་མར་ཉམས་སོང་སྟེ་ རུ་པི་བཏོན་འབག་མི་དེ་ གནད་དོན་ལེ་ཤ་ཅིག་ཡོད་པའི་གྲས་ལས་ གཙོ་བོ་ར་ འཛམ་གླིང་ནང་ རྒྱ་གར་རྒྱལ་ཁབ་རྩིས་ཏེ་ འཚོ་བའི་གནས་སྟངས་ཀྱི་ གོང་ཚད་ཚུ་ ཡར་འཕར་འགྱོ་མི་དེ་གིས་ འོང་ནི་ཨིན་པས།དེ་ལས་ འདས་པའི་ཟླ་ངོ་ ༣ གྱི་ནང་ རྒྱ་གར་གྱི་བགོ་བཤའ་ གཞན་ཁར་བཙོང་ཡོད་མིའི་ གནས་གོང་གི་ཐད་ལུ་ཡང་ དུས་ནམ་ཡང་ བྱུང་མ་སྲིད་མི་ཅིག་འབདཝ་ལས་ ག་དེ་སྦེ་ཨིན་ན་ཡང་ མ་ཤེསཔ་ཅིག་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

དམག་འཁྲུག་གིས་ ཧེ་མ་ལས་ མེ་འབར་ཏེ་ཡོད་པའི་གུ་ ཡུ་ཨེཛ་གིས་ མར་ཁུ་ཧེང་སྐལ།

བི་བི་སི།ཡུ་ཀེ་རེན་དང་ ར་ཤི་ཡའི་ རྒྱལ་ཁབ་ ༢ ཀྱི་བར་ན་ དམག་འཁྲུག་ལུ་བརྟེན་ཏེ་ ཧེ་མ་ལས་ མེ་འབར་ཏེ་ཡོད་པའི་གུ་ ཡུ་ཨེཛ་གིས་ དོན་ཆེད་སྦེ་ར་ མར་ཁུ་ཧེང་སྐལ་བླུགསཔ་མས་ཟེར་ ར་ཤི་ཡ་གིས་ བཤད་ཡོདཔ་མ་ཚད་ དམག་འཁྲུག་དེ་ ཡུན་འགྱངས་སྦེ་ ལུས་བཅུག་ནི་ཨིན་པའི་ ཁ་ཉེས་ཡང་བཀལ་ནུག།དེ་ཡང་ ཡུ་ཨེཛ་གི་སྲིན་འཛིན་ ཇཱོ་བཱ་ཡེ་ཌེན་གྱིས་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་ཀིབ་ལུ་ ཐག་རིང་གི་ མི་ཛ་ཡེལ་གསརཔ་ བཀྲམ་སྤེལ་འབད་ནི་ཨིནམ་སྦེ་ གསུངས་པའི་ཤུལ་ལུ་ ཁ་ཉེས་བཀལ་ཡོདཔ་ཨིན་པས།དེ་བཟུམ་སྦེ་ ཇར་མཱན་གཞུང་གིས་ དེང་སང་ མཁའ་དམག་སྲུང་སྐྱོབ་ཀྱི་ རིམ་ལུགས་ཅིག་ ཡུ་ཀེ་རེན་ལུ་ གཏང་ནི་སྦེ་ ཁས་བླངས་འབད་མི་དེ་གིས་ཡང་ ར་ཤི་ཡའི་ མཁའ་དམག་ལས་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་ག་ར་ སྲུང་སྐྱོབ་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡའི་ སྲིད་འཛིན་ལུ་ ནད་གཞི་ཀེན་སར་ ཐོབ་ཡོདཔ་ལས་ དུས་ཡུན་རིངམོ་སྦེ་ མི་བཞུགས་ནི།

ཨིན་ཌི་ཡ་ཊུ་ཌེ། ར་ཤི་ཡའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་འཛིན་ཝཱལ་ཌི་མིར་ པུ་ཊིན་ལུ་ ནད་གཞི་ཀེན་སར་ མགྱོགས་དྲགས་སྦེ་ ཡར་འཕེལ་འགྱོ་དོ་ཡོདཔ་ལས་ གསོནམོ་སྦེ་བཞུགས་ནི་ལུ་ ལོ་ ༣ ལས་བརྒལ་ཏེ་ མེད་ཟེར་ཨིན་པས། དེ་མ་ཚད་ ར་ཤི་ཡའི་ སྲུང་སྐྱོབ་ཞབས་ཏོག་འགོ་དཔོན་གྱིས་ དགུང་ལོ་ ༦༩ བཞེས་མི་ སྲིད་འཛིན་གྱི་ སྤྱན་ལུ་ཡང་ ཐོ་ཕོག་ཡོདཔ་ལས་ མགུ་ནད་ཀྱིས་སྦེ་ དཀའ་སྡུག་མྱོང་སྟེ་ཡོད་ཟེར་ བཤདཔ་ཨིན་པས། དེ་ལས་ སྲུང་སྐྱོབ་ཞབས་ཏོག་འགོ་དཔོན་གྱིས་ ར་ཤི་ཡའི་ བྱ་ལྟ་མི་བགྲེསཔ་ ཡུ་ཀེ་ལུ་སྡོད་མི་ བོ་རིཛ་ ཀར་པིཆ་ཀོབ་ལུ་ སྲིད་འཛིན་པུ་ཊིན་གྱི་ གཟུགས་ཁམས་དེ་ མགྱོགས་དྲགས་སྦེ་ར་ སྐྱོ་སུ་འགྱོ་བའི་སྐོར་ལས་ བཤད་པ་ལུ་བརྟེན་ཏེ་ གསང་བའི་གནས་ཚུལ་ཚུ་ ཕྱི་ཁར་ཐོན་ ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 3 Today: 2088 Total visitors: 9308