ArchiveAboutContact

gyalchi

National News

རང་ཟླ་ ༤ པ་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ཁྱད་པར་ཅན།

ཡིག་ཚང་ལས་བྱེདཔ།ད་རེས་ སྤྱིར་རང་ཟླ་ ༤ པ་འདི་ ས་ག་ཟླ་བའི་ དུས་ཆེན་ཟེར་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲོལ་ཡོད་པའི་ནང་ལས་ཡང་ ཚེས་ ༡༥ ལུ་ དུས་ཆེན་ལྔ་འཛོམས་ཟེར་ ག་ནི་བ་ ཁྱད་དུ་འཕགས་པའི་ དུས་ཆེན་ཅིག་སྦེ་ བརྩི་སྲུང་ཞུཝ་ཨིན་པས།དེ་ཡང་ རང་ལུགས་འབྲུག་རྩིས་དང་འཁྲིལ་བ་ཅིན་ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་མཆོག་ ལྷུམས་སུ་ཞུགས་པ་དང་ སྐུ་བལྟམས་པ་ བདུད་བཏུལ་བ་ སངས་རྒྱས་པ་ མྱ་ངན་ལས་འདས་པའི་ དུས་ཆེན་ ༥ ཨིན་པས།དང་པ་ བདག་ཅག་གི་སྟོན་པ་མཆོག་ སྐུ་འཕྲེང་འདི་གི་ཧེ་མར་ དགའ་ལྡན་ལྷ་ཡུལ་ལུ་ ལྷའི་བུ་དམ་པ་ཏོག་དཀར་པོར་ སྐུ་སྐྱེས་བཞེས་ཏེ་ ལྷ་ཚུ་ལུ་ ཆོས་ཀྱི་འཁོར་ལོ་ བསྐོར་བཞུགས་བཞུགས་པར་ སངས་རྒྱས་མར་མེ་མཛད་ཀྱིས་ ལུང་བསྟན་དྲན་ཏེ་ བྱམས་པ་མགོན་པོ་ རྒྱལ་ཚབ་ལུ་ བསྐོས་ཞིནམ་ལས་ ལྷོ་ཕྱོགས་འཛམ་བུ་གླིང་ལུ་ ཡབ་རྒྱལ་པོ་ ཟས་གཙང་དང་ ཡུམ་སྒྱུ་མ་ལྷ་མཛེས་ ༢ ཀྱི་སྲས་ལུ་ གླངམོ་ཆེ་མཆེཝ་དྲུག་ལྡན་ གསེར་གྱི་ཁ་མདོག་བཟུམ་ཅིག་ལུ་སྤྲུལ་ཏེ་ ཡུམ་གྱི་ལྷུམས་སུ་ཞུགས་པའི་ དུས་ཆེན་དང་།གཉིས་པ་ སངས་རྒྱས་བཅོམ་ལྡན་འདས་ ལུམྦི་ནིའི་ཚལ་ལུ་ མྱ་ངན་མེད་པའི་ […]

gyalchi
World News

ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་ལུ་བརྟེན་ཏེ་ ཨཕ་རི་ཀ་ལུ་ མུ་གེ་འཐོན་ནི་གི་ཉེན་ཁ།

བི་བི་སི།ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་ལུ་བརྟེན་ཏེ་ ཨཕ་རི་ཀའི་ རྒྱལ་ཁབ་ཚུ་ནང་ ཉེས་པ་མེདཔ་བཞིན་དུ་ ཉམས་རྒུད་ཕོག་སྟེ་ཡོདཔ་ལས་ ཞལ་འཛོམས་ཅིག་ནང་ ཨཕ་རི་ཀའི་ རྒྱལ་ཚོགས་འགོ་འཛིན་ མེག་ཀི་སཱོལ་གྱིས་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་ལུ་ དཀའ་སྡུག་བསལ་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།དེ་འབདཝ་ལས་ ར་ཤི་ཡའི་ སྲིད་འཛིན་གྱིས་ འབྲུ་སྣ་དང་ ལུད་དེ་ཚུ་ ཕྱིར་ཚོང་འཐབ་སྟེ་ དཀའ་ངལ་བསལ་ནི་གི་ ཁས་བླངས་འབད་ཡོད་རུང་ ཁ་གསལ་ཅིག་ ག་ནི་ཡང་ གསུངས་མ་བཏུབ་ཟེར་ཨིན་པས།དེ་མ་ཚད་ དམག་འཁྲུག་དེ་ འགོ་བཙུགས་བཞིནམ་ལས་ ཡུ་ཀེ་རེན་གྱི་ གྲུ་ཆགས་སའི་ ས་གནས་མང་ཤོས་ཅིག་ནང་ ཡུ་ཀེ་རེན་ལས་ ཕྱིར་ཚོང་བཀག་དམ་འབད་ཡོད་རུང་ སྲིད་འཛིན་པུ་ཊིན་གྱིས་འབད་བ་ཅིན་ ཡུ་ཀེ་རེན་གྱི་ འབྲུ་སྣ་ཚུ་ ཕྱིར་ཚོང་འཐབ་ནི་ལས་ ར་ཤི་ཡ་གིས་ བཀག་དམ་འབད་འབདཝ་མེད་ཟེར་ཨིན་པས།ཨཕ་རི་ཀ་ལུ་ བཟའ་སྤྱོད་ཀྱི་དོན་ལས་ ཀར་བརྒྱ་ཆ་ ༤༠ དེ་ཅིག་ ར་ཤི་ཡ་དང་ ཡུ་ཀེ་རེན་ལས་ ནང་འདྲེན་འབད་དོ་ཡོདཔ་ལས་ བཀག་དམ་དེ་ མ་གཏང་པ་ཅིན་ ཨཕ་རི་ཀ་ལུ་ མུ་གེ་འཐོན་ནི་གི་ ཉེན་ཁ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

དབང་བཙོང་འདོད་སྤྱོད་ལུ་བརྟེན་ཏེ་ ཨམ་སྲུ་ཚུ་ལུ་སྡུག་སྦྱོང།

བི་བི་སི།ཡུ་ཀེ་རེན་ སྲིན་འཛིན་གྱིས་འབད་བ་ཅིན་ ཁོང་གིས་ ཚོར་ཚོར་གྱི་བར་ན་ ཡུ་ཀེ་རེན་གྱི་ ན་ཆུང་བུམོ་ཅུང་ཚུ་བརྩིས་ཏེ་ ཨམ་སྲུ་བརྒྱ་ལས་བཅད་མི་ཚུ་ ར་ཤི་ཡའི་ དམག་མི་ཚུ་གིས་ དབང་བཙོང་འདོད་སྤྱོད་འབད་ནུག་ཟེར་ཨིན་པས།དབང་བཙོང་འདོད་སྤྱོད་དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ དམག་ཆས་བཟུམ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོད་པའི་ ཁ་ཉེས་ཡང་བཀལ་ནུག།ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ བཙན་འཛུལ་འབད་དེ་ ཉེས་འགེལ་འཐབ་མི་ལུ་བརྟེན་ཏེ་ ལུས་འབྲེལ་རྩུབ་སྤྱོད་དེ་ མགྱོགས་དྲགས་སྦེ་ར་ ཡར་སེང་འགྱོཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
National News

སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཐེངས་ ༧ པའི་ འགོ་འབྱེད་རྟེན་འབྲེལ།

སྒྲོལ་མ་ཡེ་ཤེས་དང་བདེ་སྐྱིད་ཆོས་སྒྲོན།རང་ཟླ་ ༤ པའི་ཚེས་ ༣ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༧ པའི་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ཡི།དེ་བསྒང་ རྒྱལ་ཡོངས་ཚོགས་འདུའི་ མི་རྗེ་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཚོགས་ཐེངས་ ༧ པའི་ འགོ་འབྱེད་རྟེན་འབྲེལ་གྱི་ མཛད་སྒོའི་ལས་རིམ་ནང་ བྱོན་གནང་མི་འདི་ལུ་ སྤྱི་ཚོགས་ཀྱི་ཧོངས་ལས་ བྱོན་པ་ལེགས་སོ་དང་ བཀྲིན་ཆེ་ཟེར་ཞུ་ཡི།མི་དབང་མངའ་ཞབས་མཆོག་ འདས་པའི་ལོ་ངོ་ ༢ དེ་ཅིག་གི་ ཧེ་མ་ལས་ ནད་ཡམས་ཀོ་ཝིཌ་-༡༩ འཐོན་ཞིནམ་ལས་ཚུར་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ ཐུགས་བཞེད་གནང་སྟེ་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་སྲས་ མི་དབང་ཡབ་ཡུམ་སྐུ་འཁོར་ཚུ་ག་ར་ལུ་ ཞེན་ཆགས་མ་མཛད་པར་ ཉེན་འཚུབས་ཅན་གྱི་ གྲོང་གསེབ་ས་ཁོངས་ཚུ་གི་ནང་ འཕྲལ་འཕྲལ་སྦེ་ར་ ཆིབས་བསྐྱོད་གནང་སྟེ་ མི་སེར་ཚུ་ལུ་ དགོས་མཁོ་ཆེ་བའི་ སྐྱིད་སྡུག་གི་ […]

gyalchi
World News

ཡུ་ཀེ་རེན་གྱི་ས་ཁོངས་ བརྒྱ་ཆ་ ༢༠ ར་ཤི་ཡ་གིས་དབང་ཡོདཔ།

བི་བི་སི།ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌེ་མིར་ ཟེ་ལེནཛ་ཀེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་གིས་ དྲག་ཐོག་བཙན་འཛུལ་འབད་དེ་ ཧ་ལམ་ཉིན་གྲངས་ ༡༠༠ དེ་ཅིག་གི་ ནང་འཁོད་ལུ་ ཡུ་ཀེ་རེན་ རྒྱལ་ཁབ་ཀྱི་ ས་ཁོངས་བརྒྱ་ཆ་ ༢༠ དེ་ཅིག་ དབང་སྟེ་ཡོད་ཟེར་ཨིན་པས།དེ་ཡང་ ར་ཤི་ཡའི་ དམག་མི་ཚུ་གིས་ བཙན་འཛུལ་དེ་ནང་ གྲལ་གཏོགས་འབད་དེ་ཡོདཔ་ལས་ འཐབ་འཛིང་འབད་ཆོག་ཆོག་ཡོདཔ་སྦེ་ བརྙན་འཕྲུལ་ཝི་ཌེ་ཨོ་ འབྲེལ་མཐུད་ཐོག་ལས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་བཤད་ནུག།དེ་ལས་ ཡུ་ཀེ་རེན་གྱི་ ཌཱོན་བཱཛ་ལུང་ཕྱོགས་ཀྱི་ ཤར་ཕྱོགས་ཁ་ཐུག་ལུ་ ར་ཤི་ཡའི་ དམག་མི་ཚུ་གིས་ གནོད་འཚུབས་སྦོམ་སྦེ་ར་ བཀལ་དོ་ཡོདཔ་ད་ ཡུ་ཀེའི་སྲུང་སྐྱོབ་འགོ་དཔོན་ཅིག་གིས་ཡང་ ཡུ་ཀེ་རེན་གྱི་ ཁྲོམ་སྡེ་མང་སུ་ཅིག་ར་ ར་ཤི་ཡ་གིས་ འཕྱོག་བཟུང་འབད་བའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 25 Today: 2205 Total visitors: 9425