ArchiveAboutContact

gyalchi

World News

རྒྱ་ནག་ལུ་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་ ཆུ་རུད་ནང་ལས་སྲོག་སྐྱབས།

བི་བི་སི། རྒྱ་ནག་ལུ་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་ནི་དེ་གིས་ ཆུ་རུད་ཐོན་ཏེ་ རྒྱ་ནག་གི་ ལྷོ་ཕྱོགས་དང་ ཤར་ཕྱོགས་མངའ་སྡེའི་ནང་ལས་ མི་སྟོང་ཕྲག་ལེ་ཤ་ཅིག་ སྲོག་སྐྱབས་འབད་ནུག། དེ་ཡང་ སྣུམ་འཁོར་ཚུ་ ཁྲོམ་ལམ་བདའ་སྟེ་ ཆུ་གིས་འབག་འགྱོ་བའི་ མཐོང་སྣང་དང་ མི་ཚུ་ ཆུ་བྲེས་བྲེསཔ་གུ་ལས་ ཐག་པར་བཤེད་དེ་ སྲོག་སྐྱབས་འབད་བའི་ མཐོང་སྣང་ཚུ་ མཐོང་ཚུགསཔ་ཨིན་པས། དེ་འབད་ནི་དེ་གིས་ ཆུའི་མཐའམ་དང་ ས་ཁ་དམའ་ས་ལུ་ སྡོད་མི་ཚུ་ ས་ཁ་མཐོ་ས་ལུ་ སྤོ་བཤུད་འབད་དགོ་པའི་ གསལ་གཤད་འབད་ནུག། དེ་མ་ཚད་ རྫོང་ཁག་ ༩ གི་ནང་ མི་གྲངས་ ༤༨༥,༠༠༠ ལུ་ཡང་ ཆུ་རུད་ཀྱིས་ གནོད་སྐྱོན་བྱུང་པའི་ཁར་ ད་རུང་ཡང་ ཆུ་རུད་འཐོན་ནི་གི་ ཉེན་ཁ་ཡོད་པའི་སྐོར་ལས་ ཉེན་བརྡ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ཨཕ་གྷ་ནིཛ་ཏཱན་ལུ་ ས་ཡོམ་གྱིས་གནོད་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་ ས་ཡོམ་ཤུགས་ཚད་ མེག་ནེ་ཅཱུད་ ༦.༡ འབད་མི་ཅིག་ རྐྱབ་ཡོདཔ་ལས་ མི་གྲངས་ ༢༨༠ དེ་ཅིག་ལུ་ ཤི་རྐྱེན་དང་ ༢༠༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས། དེ་ཡང་ པག་ཏི་ཀ་མངའ་སྡེའི་ནང་ མི་གྲངས་ ༢༥༥ ལུ་ ཤི་རྐྱེན་བྱུང་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་ད་ དེ་ལས་ ཁོཛ་མངའ་སྡེའི་ནང་ མི་གྲངས་ ༢༥ ལུ་ ཤི་རྐྱེན་བྱུང་པའི་ཁར་ མི་གྲངས་ ༩༠ དེ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་ལས་ སྨན་ཁང་ནང་བསྐྱལ་ནུག། ད་རུང་ ས་ཐག་རིང་སའི་ གཡུས་ཚན་དག་པ་ཅིག་དང་ རི་ལྡན་ས་ཁོངས་ཚུ་གི་ནང་ལས་ སྙན་ཞུ་ཚུ་ ཐོབ་མ་ཚུགས་པ་ལུ་བརྟེན་ཏེ་ ཤི་རྐྱེན་གྱི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོདཔ་སྦེ་ གཞུང་འབྲེལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

བང་ལ་དེཤ་ལུ་ ཆུ་རུད་ལུ་བརྟེན་ཏེ་ མི་སེར་ས་ཡ་ལེ་ཤ་ཅིག་ ས་གནས་གཞན་ཁར་སྤོ་བཤུད།

བི་བི་སི། བང་ལ་དེཤ་ རྒྱལ་ཁབ་ནང་ ཆར་ཆུ་འབོལ་དྲགས་སྦེ་ རྐྱབ་ནི་དེ་གིས་ མི་སེར་ས་ཡ་ལས་བཅད་དེ་ རང་སོའི་སྡོད་ཁྱིམ་ཚུ་ བཀོག་བཞག་སྟེ་ བྱོག་འགྱོ་དགོཔ་ ཐོན་ཡོདཔ་མ་ཚད་ མི་གྲངས་ ༣༢ ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ བྱང་ཤར་མངའ་སྡེའི་ནང་ཡང་ ཆུ་རུད་འཐོན་ནི་གི་ ཉེན་ཁ་སྦོམ་སྦེ་ར་ཡོདཔ་ལས་ མི་སེར་ ༣༠༠,༠༠༠ དེ་ཅིག་ སྡོད་གནས་སྤོ་དགོཔ་ ཐོན་པའི་གུ་ མི་སེར་ས་ཡ་ ༤༠༠,༠༠༠ ལྷགཔ་ཅིག་ ཁོང་རའི་ས་ཁོངས་ཀྱི་ ཉེ་འདབས་ལུ་ ཐོགས་ལུས་ཡོདཔ་ཨིན་པས། དེ་འབདཝ་ལས་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་གིས་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་སྦེ་ ཆུ་རུད་ཀྱིས་ གནོད་རྐྱེན་བྱུང་མི་ ས་གནས་ཚུ་ནང་ གཟིགས་སྐོར་གནང་ཐོག་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་ཡོདཔ་མ་ཚད་ གནོད་རྐྱེན་བྱུང་མི་ཚུའི་དོན་ལུ་ གྲོགས་རམ་གྱི་ འཆར་གཞི་ཚུ་ཡང་ཡོདཔ་ཨིན་པས་ཟེར་ བཀོད་འའདུག་པའི་གནས་ཚུལ།

gyalchi
Online now: 18 Today: 221 Total visitors: 13584