ArchiveAboutContact

gyalchi

World News

མཐའ་ཡས་ལེན་གྱི་ སྤྱི་ཚོགས་ནང་ལས་ འགོ་ཁྲིདཔ་པི་ཏ་དེ་ བློན་ཆེན་གྱི་ གོ་གནས་ཁར་ ཁྱད་ཚད་མ་གྲུབ་སྦེ་ བཏོན་བཞགཔ་ལས་ ངོ་རྒོལ་འགྲེམ་སྟོན།

ཨཱལ་ཇ་ཟི་ར། མཐའ་ཡས་ལེན་གྱི་ མུབ་ཕོར་ཝཱཌ་ སྲིད་དོན་ཚོགས་པ་གིས་ སྤྱི་ཟླ་ ༥ པའི་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ སྲིད་ཚོགས་དེ་གི་འགོ་ཁྲིདཔ་ པི་ཏ་ལིམ་ཇ་རོ་ཨེན་རཱཏ་དེ་ བློན་ཆེན་གྱི་ གོ་གནས་ཁར་ གདམ་འཐུ་འགྲུབ་ནི་གི་ གོ་སྐབས་ཡོད་རུང་ སྤྱི་ཚོགས་ནང་ ཚོགས་རྒྱན་བཙུགསཔ་ད་ ངོས་ལེན་མ་གྲུབ་ཨིན་པས།དེ་ཡང་ པི་ཏ་གིས་ སྲིད་ཚོགས་དག་པ་ཅིག་ མཉམ་བསྡོམས་ཐོག་ལས་ ཚོགས་འདུའི་ནང་ རྒྱབ་སྐྱོར་འབད་མི་ འཐུས་མི་གྲངས་མང་ཡོད་རུང་ འདས་པའི་བདུན་ཕྲག་ནང་ ཚོགས་འདུ་དང་ ཁྲིམས་བཟོ་ཚོགས་སྡེ་ མཉམ་བསྡོམས་ཐོག་ལས་ ཚོགས་རྒྱན་བཙུགས་པའི་སྐབས་ལུ་ དྲག་པོའི་སྲིད་གཞུང་གིས་ བསྐོ་བཞག་འབད་དེ་ཡོད་མི་ ཁྲིམས་བཟོ་ཚོགས་སྡེ་གིས་ རྒྱབ་སྐྱོར་འབད་མ་བཏུབ་ཨིན་པས།ཨིན་རུང་ སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ བློན་ཆེན་གྱི་ གོ་གནས་དོན་ལས་ གདམས་འཐུ་ཐེངས་ ༢ པའི་ ཚོགས་རྒྱན་བཙུགས་ནི་སྦེ་ གཏན་འཁེལ་བཟོ་ནུག།ད་རེས་ པི་ཏའི་རྒྱབ་སྐྱོར་པ་ ལ་ལོ་ཅིག་གིས་ ཁྲིམས་བཟོ་ཚོགས་སྡེའི་ འཐུས་མི་ཚུ་ལུ་ བརྙས་བཅོས་ཀྱི་ བརྡ་བྱང་ཚུ་འབག་སྟེ་ རྒྱབ་སྐྱོར་པ་ བརྒྱ་ཕྲག་ལས་བཅད་མི་ཚུ་ བེང་ཀོག་ལུ་ སྤུངས་འཛོམས་འབད་དེ་ […]

gyalchi
National News

ཐིམ་ཕུ་རྒྱལ་གཞུང་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མི་ ༣ འཛིན་བཟུང་།

སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཐིམ་ཕུ་རྒྱལ་གཞུང་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་དང་ འཆང་སྤྱོད་འབད་མིའི་ནང་ གྲལ་གཏོགས་འབད་མི་ དོགས་ཅན་ཕོ་སྐྱེས་ ༡ དང་ ཨམ་སྲུ་ ༢ འཛིན་བཟུང་འབད་ནུག།དེ་ཡང་ རྒྱལ་གཞུང་འགག་སྡེ་གིས་ མི་སྡེ་བརྡ་བརྒྱུད་ ཕེཛ་བུག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་འབྱུང་བཞི་ནང་ལུ་ ཁང་ཚན་ཅིག་གི་ནང་ལས་ སྨྱོ་རྫས་ཨེཛ་པི་པ་ལཱཛ་ཟེར་མི་ སྒྲོམ་ ༡༡༣ ཐོབ་མི་དེ་ལུ་ དངུལ་ཀྲམ་ ༥༤༤,༥༠༠ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།ཐིམ་ཕུ་ལུ་ཡོད་མི་ སྨྱོ་རྫས་དང་ ཁྲིམས་བསྟར་སྤྱོད་ཡིག་ཚང་ལས་ ཞིབ་དཔྱད་འབད་བའི་སྐབས་ལུ་ སྨྱོ་རྫས་དེ་ཚུ་ ས་མཚམས་ཚོང་ཁྲོམ་ ཇའི་སྒང་ལས་ ཉོ་འདྲེན་འབད་ཡོད་པའི་ མངོན་གསལ་བྱུང་ནུག།སྐྱེས་ལོ་ ༣༢ ལས་ ༤༢ ཀྱི་བར་ན་འབད་མི་ དོགས་ཅན་ཕོ་མོ་ ༣ ཞིབ་དཔྱད་ཀྱི་དོན་ལས་ དོ་དམ་འོག་ལུ་ བཞག་ཡོདཔ་ད་ སྨྱོ་རྫས་ཚུ་ རྩ་མེད་བཏང་ཐབས་ལུ་ མི་མང་གིས་ རྒྱབ་སྐྱོར་གང་དྲག་འབད་གནང་ཟེར་ རྒྱལ་གཞུང་འགག་སྡེ་གིས་ ཞུ་བ་འབདཝ་ཨིན་པའི་གནས་ཚུལ།

gyalchi
National News

རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ ཐིམ་ཕུ་ཁྲོམ་སྡེའི་ གློག་ཤུགས་སྐྱེལ་འདྲེན་བཱཛ་གི་ འགོ་འབྱེད་རྟེན་འབྲེལ།

སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ ཨམ་སྐལ་བཟང་བདེ་སྐྱིད་ཀྱིས་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ ཐིམ་ཕུ་ཁྲོམ་སྡེའི་ གློག་ཤུགས་སྐྱེལ་འདྲེན་བཱཛ་གི་ འགོ་འབྱེད་འབད་ཡི།དེ་ཡང་ ཨཱཛ་ཊི་ཡའི་ སྤྱི་མཐུན་ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་ ༡༤.༨༥ ཟད་འགྲོ་བཏང་ཐོག་ལས་ ཀུན་ཕན་མོ་ཊརཛ་གིས་ མཁོ་སྒྲུབ་འབད་ཡོདཔ་ད་ ཐིམ་ཕུ་ཁྲོམ་སྡེའི་ནང་ སྐྱེལ་འདྲེན་བཱཛ་དེ་ བདུན་ཕྲག་ ༡ གི་རྒྱབ་ལས་ ལག་ལེན་འཐབ་ནི་ཨིན་པས།སྡོད་ཁྲི་ ༢༨ འབད་མི་ སྐྱེལ་འདྲེན་བཱཛ་དེ་ནང་ སི་སི་ཊི་ཝིའི་ དཔར་ཆས་དང་ སི་མཱཏ་ཀཱཌ་འཕྲུལ་ཆས་ དབང་པོ་སྐྱོན་ཅན་ཚུ་གི་འཛུལ་སྒོ་ དེ་ལས་ འགྲུལ་འཕྲིན་བསྐྱར་གསོའི་མཐུན་རྐྱེན་དང་ ཉེན་སྲུང་མཐུན་རྐྱེན་ཚུ་ཡོདཔ་ཨིན་པས།ཐིམ་ཕུ་ཁྲོམ་དཔོན་ ཨྱོན་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱེལ་འདྲེན་བཱཛ་དེ་གིས་ ཁྲོམ་སྡེ་ནང་འཁོད་ཀྱི་ སྐྱེལ་འདྲེན་ཞབས་ཏོག་ལུ་ ལྷན་ཐབས་དང་ བཙོག་རླུང་མར་ཕབ་ འགྲུལ་འཁོར་ཐོགས་ལུས་མིའི་ དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།དེ་བཟུམ་སྦེ་ འབྲུག་གློག་མེ་ལས་འཛིན་གྱིས་ སྐྱེལ་འདྲེན་བཱཛ་གི་ འཕྲུལ་ལྟོ་བསྐྱར་གསོའི་དོན་ལུ་ གློག་ཚད་སྤེལ་འཕྲུལ་ ༣ རིན་མེད་སྟོང་མར་ རྒྱབ་སྐྱོར་འབད་དེ་ཡོད་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།རྒྱལ་ཁབ་ནང་ གློག་ཤུགས་སྐྱེལ་འདྲེན་བཱཛ་གི་ […]

gyalchi
News in English

Japanese, US, and South Korean officials condemn the North’s weapons plans but urge dialogue

ABC News: TOKYO — Senior officials from Japan, the U.S. and South Korea condemned North Korea over its recent ICBM-class ballistic missile launches and vowed to step up their trilateral cooperation to strengthen deterrence and sanctions against the North, while stressing the need for dialogue with Pyongyang. Their meeting Thursday in the central Japanese city […]

gyalchi
World News

རྒྱ་ནག་གིས་ ཏའི་ཝཱན་གྱི་ ཆེ་མཐོའི་དཔོན་ཁག་ཚུ་ ཡུ་ཨེཛ་རྒྱལ་ཁབ་ནང་ འགྱོ་ནི་ལས་བཀག་དམ།

རོའི་ཊརཛ། ཝ་ཤིང་ཊཱོན་ལུ་ཡོད་མི་ རྒྱ་ནག་གཞུང་ཚབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཏའི་ཝཱན་གྱི་ སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་མི་ སྲིད་འཛིན་འོགམ་ ཝི་ལི་ཡམ་ལའི་གིས་ ཡུ་ཨེཛ་རྒྱལ་ཁབ་ནང་ བལྟ་བསྐོར་ལུ་ འགྱོ་ནི་ལས་ བཀག་ཆ་འབད་མི་དེ་ རྒྱ་ནག་གི་ གཙོ་རིམ་མཐོ་ཤོས་ཨིན་པའི་ཁར་ རྒྱ་ནག་གིས་ ཉེན་བརྡ་ཚུ་ཡང་ འབད་བཞིན་དུ་ཡོད་ཟེར་ཨིན་པས།རྒྱ་ནག་གིས་ ཏའི་ཝཱན་རྒྱལ་ཁབ་དེ་ ཁོང་གི་མངའ་ཁོངས་ལུ་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ད་ འདས་པའི་ལོ་ངོ་ ༣ གྱི་ནང་ན་ ཏའི་ཝཱན་གྱིས་ གནད་དོན་དེ་ལུ་ ངོས་ལེན་འབད་དགོ་པའི་ ཨེབ་ཤུགས་ཚུ་ རྐྱབ་སྟེ་ཡོདཔ་ཨིན་རུང་ ཏའི་ཝཱན་གཞུང་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།ཏའི་ཝཱན་ལུ་ སྤྱི་ཟླ་ ༡ པའི་ནང་ སྲིད་འཛིན་གྱི་ བཙག་འཐུ་འབད་ནི་ཨིནམ་ད་ གཞུང་སྐྱོང་སྲིད་ཚོགས་ ཌེ་མོ་ཀེར་ཊིག་ པོར་གེ་རེ་སིབ་ཟེར་མི་ སྲིད་དོན་ཚོགས་པའི་ནང་ལས་ ཝི་ལི་ཡམ་ལའི་གིས་ སྲིད་འཛིན་གྱི་ གོ་གནས་དོན་ལས་ བཙག་འཐུའི་ནང་ གྲལ་གཏོགས་འབད་ནི་ཨིན་པས།དེ་ཡང་ བསམ་འཆར་བསྡུ་ལེན་གྱི་ གནས་སྡུད་དང་འཁྲིལཝ་ད་ ཝི་ལི་ཡམ་ལའི་དེ་ སྲིད་འཛིན་གྱི་ འདེམས་ངོ་འི་དོན་ལུ་ འོས་འབབ་སྦོམ་ཡོད་པའི་ འདེམས་ངོ་སྦེ་ བརྩི་དོ་ཡོདཔ་ཨིན་པས།ཝི་ལི་ཡམ་ལའི་དེ་ སྤྱི་ཟླ་ ༨ […]

gyalchi
World News

རྒྱ་གར་ལུ་ ཡ་མུ་ན་གཙང་ཆུ་བྲེས་ཏེ་ མ་ཐུ་ར་དང་ བི་རིན་ད་བཱན་ ཁྲོམ་ཚུ་ནང་ ཆུ་འཁྱིལ་ཡོདཔ།

རོའི་ཊརཛ། སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ རྒྱ་གར་བྱང་ཕྱོགས་ཀྱི་ ཁྲོམ་བྱིན་ལྡན་ བི་རིན་ད་བཱན་དང་ མ་ཐུ་ར་ ༢ ཀྱི་ ས་གནས་ཁག་གིནང་ འདས་པའི་ཉིན་དག་པ་ཅིག་གི་རིང་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཡ་མུ་ན་གཙང་ཆུ་བྲེས་ཏེ་ ཆུ་མཐའ་ག་ར་ ཆུ་གིས་གང་སྟེ་ཡོདཔ་ཨིན་པས།དེ་ཡང་ ཨུ་ཏཱད་པར་དེཤ་ མངའ་སྡེའི་རྫོང་ཁག་ མ་ཐུ་ར་ལུ་ གཙང་ཆུ་དེ་གི་ ཉེན་ཁའི་མཐོ་ཚད་ མི་ཊར་ ༡༦༦ འབད་ས་ལས་ མི་ཊར་ ༡༦༦.༦༨ ལུ་ ལྷོད་དེ་ཡོདཔ་ད་ ཁྲོམ་སྡེ་ ༢ ཀྱི་ནང་ འཁྱིལ་ཏེ་ཡོད་མི་ཆུ་དེ་ མིའི་སྐེད་པ་ཚུན་ ལྷོད་ཡོདཔ་ལས་ སྣུམ་འཁོར་བཀོག་བཞག་མི་ཚུ་ཡང་ ཆུ་ནང་ཐིམས་ཡོདཔ་ཨིན་པས།མ་ཐུ་ར་ རྫོང་ཁག་བདག་སྐྱོང་གིས་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ ཉེན་ཁ་མེད་པའི་ ས་ཁོངས་ཚུ་ནང་ བསྐྱལ་ཡོད་རུང་ ལ་ལོ་ཅིག་ རང་སོའི་སྡོད་ཁྱིམ་གྱི་ སྒོ་ཁ་ལས་ ཆུ་གིས་ལམ་མ་ཐལ་བར་ ལུས་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
Online now: 21 Today: 2234 Total visitors: 9454