ArchiveAboutContact

Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "display_name" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2

Special News

ལ་ཡ་ལུ་ ལོ་བསྟར་ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་ ཐེངས་ ༦ པ་བརྩི་སྲུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་མཆོག་ ལ་ཡ་ལུ་ ལོ་བསྟར་ས་ཁ་མཐོ་སའི་ རྒྱལ་འཛིན་དུས་སྟོན་ ཐེངས་ ༦ པའི་ནང་ ཆིབས་བསྐྱོད་གནང་ནུག།ཉིན་གྲངས་ ༢ ཀྱི་ དུས་སྟོན་དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༢༣ དང་ ༢༤ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་བཟུམ་མའི་ དུས་སྟོན་འགོ་འདྲེན་འཐབ་མི་དེ་ འབྲུག་གི་ས་ཁ་མཐོ་སར་སྡོད་མི་ མི་སྡེ་ཚུ་གི་ ཁྱད་ཆོས་དང་ ལམ་སྲོལ་ཚུ་ འགྲེམ་སྟོན་འབད་ཐབས་ལུ་ཨིན་པས།དུས་སྟོན་དེ་ སྤྱི་ལོ་ ༢༠༡༦ ལས་ འགོ་བཟུང་སྟེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དུས་སྟོན་དེ་ནང་ སྒོ་ནོར་སེམས་ཅན་གྱི་ བང་རྒྱུགས་དང་ གླུ་གར་ རྩེད་རིགས་ལ་སོགས་པའི་ སྤྲོ་སྟོན་ལས་རིམ་ཚུ་གིས་གཙོས་པའི་ ས་ཁ་མཐོ་སའི་ འཐོན་སྐྱེད་ཚུ་ཡང་ འགྲེམ་སྟོན་འབདཝ་ལས་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་གྱི་ ལྟ་བཤལཔ་ཚུ་ སྤུངས་འཛོམས་འབདཝ་ཨིན་པའི་གནས་ཚུལ།

Special News

མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་ ད་ས་ཡིན་ ཊི་ཀའི་དུས་སྟོན་ལུ་ཆིབས་བསྐྱོད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༤ གི་དྲོ་པར་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་ ཀུན་གསལ་ཕོ་བྲང་ལུ་ ཧིན་དྷུའི་ལྷ་ཁང་ནང་ ད་ས་ཡིན་ ཊི་ཀའི་དུས་སྟོན་ལུ་ ཆིབས་བསྐྱོད་གནང་ནུག།དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་རྣམ་གཉིས་ལུ་ ཉིན་གྲངས་ ༡༠ གྱི་རིང་ལུ་ ལྷ་མོ་རྫོང་གཉེར་མའི་ ཆོ་ག་གནང་མི་ པནྜི་ཏ་ཚུ་ལས་ ཊི་ཀ་བཞེས་ཡོདཔ་ཨིན་པས།མི་དབང་རྒྱལ་བཙུན་མཆོག་གིས་ ལྷ་ཁང་ནང་ ཐུགས་སྨོན་ཚུ་ གནང་ཡོདཔ་མ་ཚད་ མི་དབང་རྒྱལ་བཙུན་དང་ མི་དབང་རྒྱལ་སྲས་མཆོག་ མཇལ་བར་དང་ སྨོན་ལམ་བཏབ་ནིའི་དོན་ལས་ སྤུངས་འཛོམས་འབད་མི་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།ད་ས་ཡིན་ དུས་སྟོན་དེ་ འབྲུག་གི་ཧིན་དྷུའི་མི་སྡེ་ལུ་ གལ་གནད་ཆེ་བའི་ དུས་སྟོན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་པོ་དགའ་བྱེད་ཀྱིས་ ལངྐ་མགྲིན་བཅུ་ལས་ རྒྱལ་ཁ་ཐོབ་སྟེ་ དགེ་བའི་ལཱ་གིས་ མི་དགེ་བའི་ལཱ་ལས་ རྒྱལ་ཁ་ཐོབ་པའི་ བརྡ་མཚོན་ལུ་ཨིན་པས།རྒྱལ་པོ་དགའ་བྱེད་ཀྱི་ རྣམ་ཐར་ལྟར་དུ་འབད་བ་ཅིན་ ལྷ་མོ་རྫོང་གཉེར་མ་ལུ་ གསོལཝ་བཏབ་པའི་ ཉིན་གྲངས་བཅུ་པར་ ལངྐ་མགྲིན་བཅུ་དང་ ཕྱད་མདའི་ནང་ལས་ རྒྱལ་ཁ་ཐོབ་ནུག།དེ་འབདཝ་ལས་ ད་ས་ཡིན་དེ་ བཟའ་ཚང་ནང་མི་ཚུ་ གཅིག་ཁར་འཛོམས་ཏེ་ བརྩི་སྲུང་ཞུ་དོ་ཡོདཔ་ད་ དེ་བསྒང་ […]

National News

འབྲུག་གཞུང་གིས་ དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཉིནམ་བརྩི་སྲུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ འབྲུག་གཞུང་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ཉིནམ་དེ་ སེམས་རྟོགས་ཁའི་རྫོང་ནང་ མར་མེ་སྟོང་མཆོད་དང་ སྨོན་ལམ་གྱི་སྒོ་ལས་ བརྩི་སྲུང་འབད་ནུག། དེ་ཡང་ སྤྱི་ལོ་ ༡༩༤༥ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ བཀའ་ཁྲིམས་ཆ་གནས་སྤེལ་བའི་ དུས་དྲན་ཨིནམ་ད་ ཉིནམ་དེ་ཁར་ རྒྱལ་སྤྱིའི་མི་སྡེ་ཚུ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ བཀའ་ཁྲིམས་ཀྱི་ དགོས་དོན་དང་ གཞི་རྩ་ཚུ་ལུ་ ངོས་ལེན་ཡང་བསྐྱར་འབད་ནི་གི་ གོ་སྐབས་ཅིག་ཨིན་པས། དུས་སྟོན་དེ་ནང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སྐུ་མགྲོན་གཙོ་བོ་སྦེ་ གྲལ་གཏོགས་མཛད་ཡོདཔ་ད་ དེ་བསྒང་ གཞུང་གི་དཔོན་ཁག་ཚུ་དང་ དོན་གཅོད་འཐུས་མི་ཚུ་ དེ་ལས་ འབྲུག་བཞུགས་འཛམ་གླིང་སྤྱི་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག། འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༧༡ སྤྱི་ཟླ་ ༩ པའི་ཚེས་ ༢༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ འཛུལ་ཞུགས་མཛད་ཡོད་པའི་གནས་ཚུལ།

National News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཁ་དམར་གནས་ཁང་ གསར་བསྒྲུབས་ལུ་ བཀྲིས་རབ་གནས།

རང་ཟླ་ ༩ པའི་ཚེས་ ༩ སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབང་འདུས་རྫོང་ཁག་ དར་དཀར་རྒེད་འོག་ ཁ་དམར་གནས་ཁང་ གསར་བསྒྲུབས་འབད་མི་ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ནུག།ལྷ་ཁང་དེ་ ས་གནས་དེ་ཁར་ འགལ་རྐྱེན་བར་ཆད་ཚུ་ ཞི་ཐབས་ལུ་ ཁ་གནོན་བཟུམ་ཅིག་སྦེ་ གུ་རུའི་གནས་ཅིག་ནང་ བཞེངས་ཡོདཔ་ཨིན་པས།དེ་ཡང་ ལོ་ངོ་ ༣ ལྷགཔ་ཅིག་གི་རིང་ལུ་ ལྷུན་རྩེ་ལས་ཨིན་མི་ བླམ་ཨོ་རྒྱན་རྡོ་རྗེ་གིས་ འགོ་འདྲེན་འཐབ་སྟེ་ བཞེངས་ཡོད་པའི་གནས་ཚུལ།

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཐུབ་བསྟན་ཆོས་གླིང་སློབ་གྲྭར་ བཀྲ་ཤིས་རབ་གནས་ མཛད་གནང་ཡོདཔ།

གནམ་ལོ་ཆུ་ཡོས་ཟླཝ་ ༩ པའི་ཚེས་ ༡༠ སྤྱི་ཟླ་ ༡༠ པའི་ཚེས་ ༢༤ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབང་འདུས་རྫོང་ཁག་ དགའ་སེང་འཚོ་གོངམ་རྒེད་འོག་ མ་འཚིག་སྤོག་ཏོ་ལུ་ཡོད་མི་ ཐུབ་བསྟན་ཆོས་གླིང་སློབ་གྲྭར་ བཀྲ་ཤིས་རབ་གནས་ མཛད་གནང་ཡོདཔ་ཨིན་པས།སློབ་གྲྭ་དེ་ དུས་རབས་ ༡༥ པའི་ནང་ བླམ་རྐྱང་འདུ་གྲགས་པ་གིས་ གདན་ས་བཅགས་གནང་པའི་ཤུལ་ལུ་ མི་སེར་ཚུ་གིས་ བདག་འཛིན་འཐབ་ཡོད་རུང་ ལོ་ངོ་མང་རབས་ཅིག་ སོང་ཡོདཔ་བཞིན་དུ་ ཉམས་སྐྱོན་སྦོམ་སྦེ་ར་ ཤོར་ཡོདཔ་ལས་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་སྐུ་བགྲེས་ རྡོ་རྗེ་རིན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཉམས་གསོ་ཞུ་ནི་གི་ གནང་བ་ཞུ་སྟེ་ སྤྱི་ལོ་ ༢༠༡༩ ལས་ ལོག་བཞེངས་ནི་ འགོ་བཙུགས་ནུག།སློབ་གྲྭ་དེ་ ཉམས་གསོའི་དོན་ལས་ འགྲོ་སོང་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་ ༡༡༠ དེ་ཅིག་ གནས་ཡོད་མིའི་ཐོག་ལས་ བརྒྱ་ཆ་ ༧༠ དེ་ཅིག་ སློབ་དཔོན་ཁོ་རང་གིས་ བཏང་ཡོདཔ་ད་ དེ་ལས་ བརྒྱ་ཆ་ ༡༠ དེ་ཅིག་ འབྲུག་གཞུང་ལས་དང་ བརྒྱ་ཆ་ […]

Special News

སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཤར་བདེ་ཆེན་གླིང་ གདན་སའི་ལྷ་ཁང་ལུ་ བཀྲ་ཤིས་རབ་གནས།

རང་ཟླ་ ༩ པའི་ཚེས་ ༨ སྤྱི་ཟླ་ ༡༠ པའི་ཚེས་ ༢༢ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཤར་བདེ་ཆེན་གླིང་གདན་སའི་ ལྷ་ཁང་གསརཔ་ལུ་ བཀྲིས་རབ་གནས་ མཛད་གནང་ནུག།ལྷ་ཁང་དེ་ སྐྱབས་རྗེ་ཞིང་གཤེགས་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གི་ དགོངས་གཏེར་ལས་འཁྲུངས་པའི་ ལྷ་ཁང་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༡༩ ལས་ འགོ་བཙུགས་ཏེ་ བཞེངས་ཡོདཔ་ཨིན་པས།སྐྱབས་རྗེ་ཞིང་གཤེགས་མཆོག་གིས་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ བསྟན་པ་འདི་ ཁོ་རའི་ཕ་ཡུལ་ལུ་ ཁྱིམ་རྩ་བོ་བརྒྱ་ལྷགཔ་ཅིག་ཡོད་སར་ཡང་ གནམ་མེད་ས་མེད་ གལ་ཆེཝ་སྦེ་གཟིགས་ཏེ་ ལྷ་ཁང་ཅིག་ བཞེངས་ནི་གི་ ཐུགས་བཞེད་གནང་ཡོད་རུང་ རྗེ་མཁན་པོའི་ཁྲི་ཐོག་ཁར་ བྱོན་ཞིནམ་ལས་ཚུར་ རྒྱལ་ཁབ་དང་ ཆོས་ཀྱི་བསྟན་འཛིན་གྱི་ མཐའ་དོན་ལུ་ བཞུགས་དགོཔ་བྱུངམ་ལས་ ཕ་ཡུལ་ལུ་ ག་ནི་ཡང་ གནང་མ་ཚུགས་པར་ ལུས་སོང་ནུག་ཟེར་ གཞུང་གྲྭ་ཚང་གི་ ཕེཛ་བུག་ནང་བཀོད་ནུག།དེ་འབདཝ་ལས་ མཁན་པོ་དཔལ་འབྱོར་གྱིས་ སྐྱབས་རྗེ་ཞིང་གཤེགས་མཆོག་གི་ དགོངས་བཞེད་གྲུབ་ཐབས་ལུ་ ཁས་བླངས་ཕུལ་ཏེ་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་ ༤༠ དེ་ཅིག་ བཏང་ཐོག་ལས་ […]

Online now: 35 Today: 1673 Total visitors: 11703