ArchiveAboutContact

Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "display_name" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2


Warning: Attempt to read property "ID" on null in /home/wwwgyalchisarsho/public_html/wp-content/themes/gyalchi_sersho/author.php on line 2

News in English

Russian peacekeepers start withdrawal from Azerbaijan’s Nagorno-Karabakh

Al Jazeera: Russian peacekeepers have begun withdrawing from Azerbaijan’s Nagorno-Karabakh region, ending Moscow’s years-long military presence there, according to officials. “This is indeed the case,” Kremlin spokesman Dmitry Peskov told the Interfax news agency on Wednesday in response to media inquiries without giving a timeframe for the withdrawal. Nearly 2,000 Russian peacekeeping soldiers were deployed […]

World News

རྒྱ་གར་དང་ རྒྱ་ནག་ ༢ ཀྱི་ ས་མཚམས་ཁར་ཡོད་མི་ མི་སེར་ལ་ནོར་ལུ་བརྟེན་མི་ཚུ་གི་ འཚོ་སྐྱོང་ལུ་དཀའ་ངལ།

སི་ཨེན་ཨེན། རྒྱ་གར་གྱི་ བྱང་ཕྱོགས་གངས་རི་ ཧི་མ་ལ་ཡའི་ མཐའ་འཁོབ་ཀྱི་ ས་གནས་ནང་ འཚོ་བ་ལ་ནོར་ལུ་བརྟེན་སྡོད་མི་ མི་སེར་ཚུ་ལུ་ ད་རེས་ནངས་པར་ གནམ་གཤིས་གནས་སྟངས་ཀྱི་ འགྱུར་བ་དང་ ས་མཚམས་ཁར་ རྒྱ་གར་དང་ རྒྱ་ནག་ ༢ མ་འགྲིགས་པའི་ གནད་ལུ་བརྟེན་ཏེ་ དཀའ་ངལ་དང་ ཉེན་ཁ་ཚུ་ བྱུང་དོ་ཡོདཔ་ཨིན་པས།དེ་ཡང་ འཛམ་གླིང་ནང་ ལུང་ཕྱོགས་ས་ཁ་མཐོ་ཤོས་ཨིན་མི་ ལ་དྭགས་ཀྱི་ འབྱོགཔ་ཚུ་གིས་ སྔར་ཁྱུན་ལམ་སྲོལ་ལུ་གནས་ཏེ་ གངས་རི་གིས་ མཐའ་བསྐོར་ཏེ་ ནང་པའི་ཆོས་ལུགས་ཀྱི་ ལྷ་ཁང་དགོན་སྡེ་ཚུ་ཡོད་པའི་ རྩ་ཐང་ཚུ་ནང་ ལ་ནོར་ཚུ་ འཚོ་སྐྱོང་འཐབ་སྟེ་ སྡོདཔ་ཨིན་པས།རྩོད་རྙོག་ཅན་གྱི་ ལུང་ཕྱོགས་དེ་ནང་ མི་སེར་ཚུ་གིས་ གཡག་ལུག་ར་ ༣ ལུ་ འཚོ་བ་བརྟེན་ཏེ་ སྡོད་དོ་ཡོདཔ་ད་ སྤྱི་ལོ་ ༢༠༢༠ ལུ་ རྒྱ་གར་དང་ རྒྱ་ནག་གི་ དམག་མི་ཚུ་གི་བར་ན་ ཟིང་འཁྲུག་ལང་ཞིནམ་ལས་ཚུར་ རྒྱ་གར་གྱི་ དམག་མི་ཚུ་གིས་ ལ་དྭགས་ཀྱི་ སྒོ་ནོར་སེམས་ཅན་ཚུ་ སྔོན་གོང་གི་ རྩ་འབྲོག་ཚུ་ནང་ ག་མནོཝ་སྦེ་ བཏང་ནི་མེདཔ་བཟོ་ནུག།དེ་སྦེ་ […]

National News

མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་སྤྱི་ཉི་དྲོད་མཐུན་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་དང་མཇལ་ཕྲད།

སྤྱི་ཟླ་ ༤ པའི་ཚེས་ ༡༦ ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་སྤྱི་ཉི་དྲོད་མཐུན་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ཨ་ཇཱེ་མ་ཐུར་དང་གཅིག་ཁར་ མཇལ་ཕྲད་མཛད་ཡོདཔ་ཨིན་པས། དེ་བསྒང་ མི་རྗེ་བློན་ཆེན་གྱིས་ ད་རེས་ འབྲུག་གི་དོན་ལུ་ ཆུར་བརྟེན་གློག་མེ་དེ་ ནུས་ཤུགས་ཀྱི་ ཐོན་ཁུངས་གཙོ་བོ་ཅིག་ཨིན་རུང་ མ་འོངས་པའི་ ལོ་ཚུ་ནང་ ཉི་དྲོད་དང་འདྲ་བའི་ སླར་བྱུང་ནུས་ཤུགས་ཀྱི་ འཐོན་ཁུངས་ཚུ་ གལ་ཆེཝ་སྦེ་ར་ དགོས་མཁོ་འབྱུང་ནི་ཨིན་པའི་ ངོས་ལེན་མཛད་ནུག། དེ་མ་ཚད་ འབྲུག་ལུ་ ཉི་དྲོད་ནུས་ཤུགས་ ཡར་འཕེལ་གྱི་དོན་ལས་ རྒྱལ་སྤྱི་ཉི་དྲོད་མཐུན་ཚོགས་ཀྱིས་ བརྩོན་ཤུགས་བསྐྱེད་མི་ལུ་ ངལ་རངས་ཡོད་ལུགས་དང་ འབྲུག་གི་ནུས་ཤུགས་ལས་སྡེའི་ནང་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འཕྲོ་མཐུད་དེ་ར་ མཛད་མི་དེ་ལུ་ཡང་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོད་པའི་གནས་ཚུལ།

World News

མ་ཡཱན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་སཱུ་ཀི་དེ་ བཙོན་ཁང་ནང་ལས་ ཁྱིམ་བཙོན་ནང་སྤོ་བཤུད།

རོའི་ཊརཛ། སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ མ་ཡཱན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སཱན་སཱུ་ཀི་དེ་ བཙོན་ཁང་ནང་ལས་ ཁྱིམ་བཙོན་ནང་ སྤོ་བཤུད་འབད་ཡོདཔ་སྦེ་ དྲག་པོའི་སྲིད་གཞུང་གི་ མགྲིན་ཚབ་ཅིག་གིས་ བཤད་ཡོདཔ་ཨིན་པས།དེ་ཡང་ དམག་སྤྱི་ཟའོ་མིན་ཊུན་གྱིས་ ད་རེས་ དྲོད་ཤུགས་ཆེ་བའི་ གནམ་གཤིས་གནས་སྟངས་ནང་ དམིགས་བསལ་གྱིས་ ལོ་ན་རྒས་མི་ བཙོན་པ་ཚུ་ལུ་ དོན་ཧིང་གི་ ནད་གཞི་ལས་ སྔོན་འགོག་འབད་ཐབས་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་རུང་ ཨམ་སཱུ་ཀི་དེ་ ཁྱིམ་བཙོན་གྱི་དོན་ལས་ ས་གནས་ག་ཏེ་ལུ་ སྤོ་བཤུད་འབད་ཡོདཔ་ཨིན་ནའི་སྐོར་ལས་ བཤད་མ་བཏུབ་ཨིན་པས།ཧེ་མ་ཡང་ ལོ་ངོ་ ༡༥ གི་རིང་ལུ་ ཨམ་སཱུ་ཀི་དེ་ དྲག་པོའི་སྲིད་གཞུང་གིས་ ཡང་གཱོན་ལུ་ཡོད་མི་ ཨིན་ཡ་མཚོ་ཟེར་སར་ ཁྱིམ་རྙིངམ་ཅིག་ནང་ བཞག་ཡོདཔ་ད་ དེ་བསྒང་ ཁྱིམ་དེ་གི་ སྒོ་ར་ཁ་ལས་ ཨམ་སཱུ་ཀི་གིས་ མོ་ལུ་རྒྱབ་སྐྱོར་འབད་མི་ཚུ་ལུ་ གསལ་བཤད་ཚུ་ཡང་ འབད་ཚུགས་ནུག།སྐྱེས་ལོ་ ༧༨ འབད་མི་ ཨམ་སཱུ་ཀི་དེ་ སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ལས་གྲུབ་པའི་ མོ་གི་གཞུང་དེ་ […]

Online now: 20 Today: 1644 Total visitors: 23840