ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ལུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༧ པའི་ནང་ གཞུང་ལུ་ ངོ་རྒོལ་འབདཝ་ད་ མི་སེར་བརྒྱ་ལས་བཅད་དེ་ ཤི་རྐྱེན་བྱུང་མི་དང་འབྲེལ་ཏེ་ བློན་ཆེན་གྱི་ གོ་གནས་ལས་ ཕྱིར་དབྱུངས་འབད་མི་ ཨམ་ཤེག་ཧ་སི་ན་དེ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་དགོ་པའི་ དྲན་སྐུལ་ཐོག་ལས་ རྒྱལ་ས་ཌ་ཀ་ལུ་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་གིས་ འགྲུལ་བསྐྱོད་འགྲེམ་སྟོན་འབད་ནུག།
དེ་ཡང་ རྒྱབ་འགལ་འབད་མི་ སློབ་ཕྲུག་སྡེ་ཚན་གྱིས་ གཅིག་སྒྲིལ་གྱི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ འགྲུལ་བསྐྱོད་སྐབས་ལུ་ མི་སེར་ཚུ་གིས་ ཨམ་ཤེག་ཧ་སི་ན་དེ་ ཁྲིམས་འདུན་ལུ་ ཉེས་འཛུགས་འབད་དགོ་པའི་ཁར་ མོ་གི་སྲིད་ཚོགས་ ཨ་ཝ་མི་ལིག་དེ་ཡང་ ཆ་མེད་གཏང་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།
བློན་ཆེན་བགྲེསཔ་ ཨམ་ཧ་སི་ན་དེ་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ རྒྱ་གར་ལུ་ བྱོག་སོང་ཡོདཔ་ད་ རྒྱལ་ཁབ་ནང་ ངོ་རྒོལ་འབད་བའི་སྐབས་ལུ་ མོ་གི་བཀོད་རྒྱ་དང་འཁྲིལ་ཏེ་ མི་སེར་བརྒྱ་ཕྲག་ལས་བཅད་དེ་ དམར་བསད་འབད་ཡོདཔ་མ་ཚད་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ཡང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ གསལ་བཀོད་འབད་ནུག།
བང་ལ་དེཤ་གིས་ རྒྱ་གར་ལུ་ ཤེག་ཧ་སི་ན་དེ་ མི་ལེ་ཤ་བསད་མི་དང་ འགྲོ་བ་མིའི་ཐོབ་དབང་ལུ་ ཆ་གནས་མ་བཞག་པའི་ གནད་དོན་ཚུ་དང་འབྲེལ་ཏེ་ ཁྲིམས་འདུན་ལུ་ ཉེས་འཛུགས་ལེ་ཤ་འབད་ཡོདཔ་ལས་ བང་ལ་དེཤ་ལུ་ ལོག་གཏང་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།
ཌ་ཀ་ལུ་ཡོད་མི་ རྒྱལ་སྤྱི་ཉེས་འགེལ་ཁྲིམས་ཚོགས་ཀྱིས་ ཨམ་ཤེག་ཧ་སི་ན་དང་ མཐུན་ལམ་ཅན་ཚུ་ འཛིན་བཟུང་འབད་དགོ་པའི་ བཀའ་རྒྱ་བཏོན་མི་དང་འབྲེལ་ཏེ་ རྒྱལ་སྤྱི་ཁྲིམས་སྲུང་ལས་ཚོགས་ ཨིན་ཊར་པཱོལ་ལས་ གྲོགས་རམ་ཚུ་ཡང་ ལེན་དོ་ཡོདཔ་སྦེ་བཤད་ནུག།
བང་ལ་དེཤ་གི་ གནས་སྐབས་གཞུང་གིས་ ཨམ་ཧ་སི་ན་དང་ མོ་གི་མཐུན་གྲོས་ཚུ་ ངོ་རྒོལ་འབད་མི་ཚུ་ལུ་ ཤི་རྐྱེན་བྱུང་ཡོད་མི་དང་འབྲེལ་ཏེ་ ཁྲིམས་རྩོད་འབད་ནི་ཨིན་པའི་ ཁས་བླངས་འབད་ཡོདཔ་ད་ དེ་བཟུམ་སྦེ་ ཨམ་ཧ་སི་ན་གིས་ཡང་ ཤི་རྐྱེན་མང་ཤོས་ཅིག་ སྲུང་སྐྱོབ་ལས་སྡེ་ཉག་གཅིག་ལུ་བརྟེན་ཏེ་མིན་པར་ འབྲེལ་བ་ཡོད་མི་ ལས་སྡེ་གཞན་ཚུ་ལུ་བརྟེན་ཏེ་ཡང་ བྱུང་སྲིད་ཡོདཔ་ལས་ དབྱེ་ཞིབ་འབད་དགོཔ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།
བང་ལ་དེཤ་ལུ་ བློན་ཆེན་བགྲེསཔ་ ཨམ་ཤེག་ཧ་སི་ན་དེ་ ཁྲིམས་འདུན་ལུ་ ཉེས་འཛུགས་འབད་དགོ་པའི་ འགྲུལ་བསྐྱོད་འགྲེམ་སྟོན།

Related

ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ།
བི་བི་སི། ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལ་ཊཱམ་གྱིས་ ཡུ་ཨེཛ་ལུ་ ར་ཤི་ཡའི་ ས་སྣུམ་ཌི་ཟེལ་ ནང་འདྲེན་འབད་ནི་ཨིན་པའི་ གསལ་བསྒྲགས་འབད་མི་ལུ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ སྐྱོན་བརྗོད་འབད་ནུག། དེ་མ་ཚད་ སྲིད་འཛི་ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་སྦེ་ ཕྱད་མདའི་ནང་ མ་རྩ་བཙུགས་མི་དེ་ ར་ཤི་ཡའི་སྲིད་འཛིན་ ཝ་ལ་ཌི་མིར་ པུ་ཊིན་ལུ་ གསོལ་རས་སྦེ་ འོང་ནི་མས་ཟེར་ཨིན་པས། སྲིད་འཛིན་པུ་ཊིན་གྱིས་ ཨ་མི་རི་ཀ་དང་ འཛམ་གླིང་ཚོང་འབྲེལ་ནང་ དེ་འཕྲལ་ལས་ ས་སྣུམ་ཌི་ཟེལ་ ཊཱོན་ ༣༠༠,༠༠༠ དེ་ཅིག་ གཏོན་ནི་ཨིནམ་མ་ཚད་ སྤྱི་ཟླ་ ༡༡ པའི་ནང་ ཊཱོན་ ༥༠༠,༠༠༠ དང་ དེ་གི་ཤུལ་ལས་ ས་ཡ་ ༡ གཏོན་ནི་ཨིན་པའི་ ཁས་བླངས་ཡང་འབད་ནུག།

ཨི་ཊ་ལི་ལུ་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ ཡུ་རོ་ས་ཡ་ ༥ གནས་པའི་ ཆང་ཤེལ་དམ་ ༣༠,༠༠༠ ཨརཝ་ཤོར་ཡོདཔ།
བི་བི་སི། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཨརཝ་ཚུ་གིས་ ཨི་ཊ་ལིའི་ མིང་གཏམ་ཅན་གྱི་ ཆང་བཟོ་འཕྲུལ་ཁང་ཅིག་གི་ནང་ལས་ གོང་ཚད་ཡུ་རོ་ས་ཡ་ ༥ དེ་ཅིག་གནས་པའི་ ཝ་ཡིན་ཟེར་མི་ ཆང་རིགས་ཤེལ་དམ་ ༣༠,༠༠༠ དེ་ཅིག་ ཨརཝ་བརྐུ་ནུག། ཨི་ཊ་ལིའི་ བཟའ་ཚང་གི་ བདག་དབང་ཐོག་ལུ་ ཆང་བཟོ་འཕྲུལ་ཁང་སྦོམ་ཤོས་ཅིག་ཨིན་མི་ མར་ཅེ་སི་ ཨེན་ཊི་ནོ་རི་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཊཱཛ་ཀ་ནི་ལུ་ཡོད་པའི་ ཆང་བཟོ་འཕྲུལ་ཁང་གིས་ ཕྱི་རྒྱལ་གྱི་ ཚོང་མགྲོན་པ་ཚུ་ལུ་ གྲུ་གཟིངས་ཐོག་ལས་ གཏང་ནི་སྦེ་ གྲ་སྒྲིག་འབད་བའི་སྐབས་ལུ་ ཨརཝ་ཤོར་ཡི་ཟེར་ཨིན་པས། དེ་བསྒང་ གདོང་སྤུར་མི་ ཨར་ཇག་ཕོ་སྐྱེས་ ༧ གྱིས་ ཆང་བཟོ་འཕྲུལ་ཁང་ལས་སྡེའི་ དོ་སྐྱེལ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་སྟེ་ གོང་ཚད་ཅན་གྱི་ ཆང་རིགས་ཝ་ཡིན་ ཊི་ག་ནེ་ལོ་དང་ སོ་ལའི་ཡ་ གུ་ཌོ་ཨཱལ་ ཊ་སོ་ ཊཱཛ་ཀཱན་དམརཔོ་ཚུ་ སྣུམ་འཁོར་ཊག་ ༢ ནང་ བསྐྱལ་ཞིནམ་ལས་ འབག་སོང་ཡོདཔ་སྦེ་བཀོད་ནུག། ཆང་བཟོ་འཕྲུལ་ཁང་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་ […]

རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ།
ཨཱལ་ཇ་ཟི་ར། ད་རེས་ནངས་པ་ རྒྱ་པཱན་ལུ་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་དེ་ནང་ མི་ཚེ་རིང་པའི་ ལམ་རིམ་གསརཔ་ཅིག་ལུ་ གྱུར་ཡོདཔ་ཨིན་པས། རྒྱ་པཱན་གྱི་ གསོ་བ་དང་ ལས་མི་ ཕན་བདེ་ལྷན་ཁག་གིས་ ཐོ་བཀོད་འབད་མིའི་ནང་ དུས་ཅི་ སྐྱེས་ལོ་ ༡༠༠ ཡན་ཆད་འབད་མི་ མི་གྲངས་ ༡༠༧,༦༧༧ ལུ་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་ ༧,༩༡༤ དེ་ཅིག་ ཡར་སེང་སོང་ནུག།