པདྨ་དབང་འདུས།
འདས་པའི་དུས་རབས་ཚུ་ནང་ འབྲུག་དང་ བྷ་རཱཏ་རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་བློ་གཏད་དང་ ལེགས་སྨོན་ གོ་དོན་ཚུ་ལུ་ གཞི་བརྟེན་འབད་བའི་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོདཔ་ཨིན།
དེ་ཡང་ ང་བཅས་རའི་ ལམ་སྲོལ་གྱི་ འབྲེལ་བ་དང་ ས་ཆ་ཆགས་ཚུལ་གྱིས་ མཐུད་འབྲེལ་འབད་དེ་ དཔལ་འབྱོར་དང་ དངུལ་འབྲེལ་གཅིག་སྒྲིལ་ སྒྲིང་སྒྲིང་ཡོད་མི་འདི་གིས་ མཐུད་དེ་ཡོད་པའི་ཁར་ འབྲུག་དང་ བྷ་རཱཏ་གི་ མི་སེར་ཚུ་གི་བར་ན་ཡོད་མི་ མཐུན་ལམ་འདི་ཡང་ ང་བཅས་རའི་ མཐུན་ལམ་གྱི་ དོན་གྱི་སྙིང་པོ་ཨིནམ་མ་ཚད་ རྒྱལ་ཁམས་ ༢ ཀྱི་ མཐུན་ལམ་འདི་ ཁྱིམ་མཚེས་ཀྱི་བར་ན་ མིག་དཔེར་འོས་པའི་ མཐུན་ལམ་གྱི་ གཞི་ཅིག་ཡང་ཨིན།
ང་བཅས་རའི་ རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ ཡུན་བརྟན་ཅན་གྱི་ མཉམ་འབྲེལ་འདི་ ཤོ་མཚུངས་ཀྱི་ བརྩི་མཐོང་དང་ ལམ་སྲོལ་དང་ ཆོས་དོན་གྱི་ འབྲེལ་བ་ལུ་ གཞི་བརྟེན་འབདཝ་ཨིན།
འབྲུག་འདི་ བྷ་རཱཏ་གི་དོན་ལུ་དང་ བྷ་རཱཏ་འདི་ འབྲུག་གི་དོན་ལུ་ཟེར་མི་འདི་ འབྲུག་རྒྱལཔོ་རིམ་བྱོན་ཚུ་གི་ ཕུགས་གཟིགས་ཅན་གྱི་ དགོངས་བཞེད་དང་ རྒྱ་འབྲུག་ ༢ ཀྱི་ སྲིད་དོན་འགོ་ཁྲིད་ཚུ་ལུ་བརྟེན་ཏེ་ ལུང་ཕྱོགས་ནང་ མངོན་གསལ་ཅན་ཅིག་ལུ་ གྱུར་ཏེ་ཡོད།
ང་བཅས་རའི་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་ཉེན་སྲུང་དང་ མཉམ་འབྲེལ་ཚུ་ ཡིད་ཆེས་འདྲོངས་ཏོག་ཏོ་ཡོད་པའི་གུ་ ད་ལས་ཕར་ཡང་ ང་བཅས་རའི་ རྒྱལ་ཁབ་ ༢ ཀྱི་ མཐའ་དོན་དང་ འབྲེལ་བ་ཡོད་པའི་ གནད་དོན་ཚུ་ལུ་ མཉམ་འབྲེལ་དམ་ཟབ་ཡོད་མི་འདི་ འཕྲོ་མཐུད་ནི་ལུ་ཡང་ ཞལ་འཆམ་བྱུང་ཡི།
ང་བཅས་ཀྱིས་ གཅིག་སྒྲིལ་ཐོག་ལས་ ང་བཅས་རའི་ ཁྱད་ཆོས་ཅན་དང་ དམིགས་བསལ་གྱི་ མཐུན་ལམ་འདི་ གོང་འཕེལ་གཏང་ནིའི་དོན་ལུ་ གཞི་སྒྱུར་ཐོག་གི་ མཉམ་འབྲེལ་ལུ་ བརྩོན་ཤུགས་བསྐྱེད་མིའི་ནང་ རེལ་ལི་མཐུད་འབྲེལ་དང་ འཁོར་ལམ་ མཁའ་འགྲུལ་ ཆུ་འགྲུལ་ ས་མཚམས་བརྒྱུད་དེ་ ཐོགས་ཆགས་མེད་པར་ ཅ་ཆས་སྐྱེལ་འདྲེན་གྱི་དོན་ལུ་ ཚོང་འབྲེལ་གྱི་ གཞི་རྟེན་མཁོ་ཆས་དང་ དཔལ་འབྱོར་དང་ ཨང་གནས་མཐུད་འབྲེལ་ཚུ་ རྒྱ་ཁྱབ་ཆེ་བའི་ དངོས་གཟུགས་ཅན་གྱི་ མཐུད་འབྲེལ་ཚུ་ཚུདཔ་ཨིན།
སྤྱི་ལོ་ ༡༩༦༡ ལུ་ འབྲུག་གི་ལོ་ལྔའི་འཆར་གཞི་དང་པ་ལས་ འགོ་བཟུང་སྟེ་ རྒྱ་གར་གྱི་ གོང་འཕེལ་མཉམ་འབྲེལ་དེ་ མི་སེར་ཚུ་ལུ་ དབང་ཆ་སྤྲོད་ནི་དང་ གོང་འཕེལ་དེ་ ལས་སྡེ་དང་ ལུང་ཕྱོགས་ཡོངས་ལུ་ ཁྱབ་ནི་ཡོདཔ་ ངེས་གཏན་བཟོ་ནི་དེ་ཨིནམ་ད་ ང་བཅས་ཀྱི་ གོང་འཕེལ་མཉམ་འབྲེལ་འདི་ འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་ རྒྱ་གར་གྱི་ སཱབ་ཀ་སཱཐ་ སཱབ་ཀ་བི་ཀཱཛ་ སཱབ་ཀ་བིཛ་ཝཱཛ་ཟེར་མི་ ཐབས་ལམ་གྱི་ མཐུད་མཚམས་ཨིན།
ང་བཅས་ཀྱིས་ གོང་འཕེལ་མཉམ་རོགས་འདི་ མི་སེར་དང་ འབྲུག་གཞུང་གི་ གཙོ་རིམ་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་ཚུ་དང་འཁྲིལ་ཏེ་ རྒྱ་སྐྱེད་གཏང་ནི་ཨིན།
ང་བཅས་ཀྱི་ ནུས་ཤུགས་མཉ་འབྲེལ་འདི་ དཔལ་འབྱོར་གྱི་ མཉམ་འབྲེལ་དངོས་མཐོང་ཅན་གྱི་ གཞི་མ་ཨིནམ་ད་ དེ་གི་ནང་ལས་ ཕན་ཚུན་ལུ་ ཁེ་ཕན་ཡོད་པའི་ གྲུབ་འབྲས་ཐོན་ཏེ་ ལུང་ཕྱོགས་ནང་ ནུས་ཤུགས་ཉེན་སྲུང་ ཡར་དྲག་གི་དོན་ལུ་ ང་བཅས་ཀྱིས་ རྒྱལ་ཁབ་གཉིས་ཆ་རའི་ ཆུར་བརྟེན་ནུས་ཤུགས་ལས་སྡེའི་ནང་ གཙང་དག་ནུས་ཤུགས་དང་ ཉི་དྲོད་གློག་མེ་ སླར་འབྱུང་ཧའི་ཌོ་ཇེན་ཚུ་ནང་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་རྒྱ་སྐྱེད་གཏང་ནི་དང་ འཕྲུལ་རིག་དང་ ཚོང་འབྲེལ་ རིག་རྩལ་ཚུ་བརྒྱུད་དེ་ ལས་འགུལ་གསརཔ་ཚུ་ གོང་འཕེལ་གཏང་ནི་དང་ འབྲུག་དང་ རྒྱ་གར་གྱི་ ནུས་ཤུགས་མཉམ་འབྲེལ་གྱི་དོན་ལུ་བཀོད་མི་ མཉམ་འབྲེལ་འཆར་སྣང་བརྗོད་དོན་ལུ་ རྗེས་སུ་ཡི་རངས་ཡོད།
ང་བཅས་རའི་ རྒྱལ་ཁབ་ ༢ ཀྱི་ནང་ ཨང་གནས་དང་ འཕྲུལ་རིག་གི་ གཞི་སྒྱུར་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་པའི་ གནས་སྐབས་ནང་ ང་བཅས་ཀྱི་ མཉམ་འབྲེལ་བརྩོན་ཤུགས་དེ་ཡང་ དཔལ་འབྱོར་གོང་འཕེལ་ མགྱོགས་དྲགས་གཏང་ནི་དང་ མི་སེར་ཚུ་གི་ ཕན་བདེ་གོང་འཕེལ་གྱི་དོན་ལུ་ འཕྲུལ་རིག་ལག་ལེན་འཐབ་ནི་དེ་ཨིན།
ང་བཅས་ཀྱིས་ མཁའ་དབྱིངས་རིག་པ་དང་ ཨང་གནས་ཅན་གྱི་ མི་མང་གཞི་རྟེན་མཁོ་ཆས་ འགོ་བཙུགས་ལས་དོན་ དེ་ལས་ འཕྲུལ་རིག་གི་ རིག་རྩལ་དང་ གཙང་དག་ནུས་ཤུགས་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ རྩིས་རིག་གི་ ཞིབ་འཚོལ་དང་ བསླབ་སྟོན་ ཨང་གནས་ཅན་གྱི་ ལག་རྩལ་གོང་འཕེལ་ཚུ་བཟུམ་མའི་ ཁྱད་ཆོས་ཅན་གྱི་ ལས་སྡེ་ཚུ་ནང་ གྲལ་གཏོགས་རྒྱ་སྐྱེད་ གཏང་ནི་ཨིན་པས།
ང་བཅས་ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དམིགས་བསལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགེ་ལེགས་ཕུག་ ལུང་ཕྱོགས་ལུ་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ཀྱི་ དགོངས་བཞེད་དང་འབྲེལ་ཏེ་ སྒེར་སྡེ་བརྒྱུད་དེ་ ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཀྱི་ མཐུད་སྦྲེལ་བཙན་ཐབས་འབད་ནི་ཨིན་མི་འདི་གིས་ ལུང་ཕྱོགས་ནང་ ཡུང་བརྟན་ཅན་གྱི་སྒོ་ལས་ དཔལ་འབྱོར་མཐུད་སྦྲེལ་ ལེགས་ཤོམ་འགྱོ་བའི་གུ་ དཔལ་འབྱོར་མཉམ་འབྲེལ་ གོང་འཕེལ་ཐོག་ལས་ འབྲུག་དང་ བྷ་རཱཏ་གི་ མི་སེར་ཚུ་གི་བར་ན་ འབྲེལ་བ་སྔར་བ་ལྷག་སྟེ་ ལེགས་ཤོམ་འགྱོ་ནི་ཨིན།
ང་བཅས་རའི་ རྒྱལ་ཁབ་ ༢ ཀྱི་ ཟུང་ཕྱོགས་མཐུན་ལམ་གྱི་ གཞི་འགྱམ་དེ་ར་ མི་སེར་དང་ མི་སེར་གྱི་བར་ན་ཡོད་མི་ ཁྱད་དུ་འཕགས་པའི་ མཐུན་ལམ་འདི་ཨིན་མད་ ང་བཅས་ཀྱིས་ མི་སེར་དང་ མི་སེར་གྱི་བར་ནའི་ མཐུད་སྦྲེལ་འདི་ ཤེས་ཡོན་མཁས་མཆོག་དང་ བལྟ་བཤལཔ་ སློབ་ཕྲུག་ ན་གཞོན་ རྩེད་འགྲན་པ་ཚུ་ བརྗེ་སོར་ཐོག་ལས་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནི་དང་ རང་སོའི་རྒྱལ་ཁབ་ནང་ཡོད་མི་ བྱིན་ལྡན་ལམ་སྲོལ་གྱི་ ས་གོ་ཚུ་ནང་ བལྟ་བཤལཔ་ཚུ་བརྒྱུད་དེ་ ང་བཅས་རའི་ ཆོས་དང་ ལམ་སྲོལ་གྱི་ འབྲེལ་བ་དེ་ འཕྲོ་མཐུད་དེ་ར་ རྒྱུན་སྐྱོང་འཐབ་ནི་ཨིན།
ང་བཅས་ཀྱིས་ ཤེས་ཡོན་དང་ རིག་རྩལ་ ཁེ་ལཱ་ འཕྲུལ་རིག་ རྩེད་རིག་ དེ་ལས་ གསར་གཏོད་དང་ ལམ་སྲོལ་བཟོ་གྲྭ་ཚུ་བརྒྱུད་དེ་ ན་གཞོན་གོང་འཕེལ་ནང་ མཉམ་འབྲེལ་ཡར་དྲག་གཏང་ནི་དེ་ ངེས་པར་དུ་ མཁོ་གལ་ཆེཝ་སྦེ་ ངོས་ལེན་འབདཝ་ལས་ འབྲུག་དང་ བྷ་རཱཏ་གི་ མཉམ་འབྲེལ་འདི་གིས་ ང་བཅས་རའི་ ན་གཞོན་ཚུ་གི་ མ་འོངས་གནས་སྟངས་ ལེགས་ཤོམ་འོང་དགོ་པའི་ མནོ་དོན་ཚུ་ འགྲུབ་ནི་ལུ་ ངོས་ལེན་འབད་ནི་ཨིན།
འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༢༠༣༤ འགོ་བཙུགས་པའི་སྐབས་ལུ་ འབབ་ཁུངས་མཐོ་དྲགས་ཡོད་པའི་ རྒྱལ་ཁབ་ལུ་ འགྱུར་ནི་གི་ མཐོང་སྣང་ཡོདཔ་ལས་ དཔལ་འབྱོར་གོང་འཕེལ་གྱི་ གོ་རིམ་གསར་པའི་ལས་དོན་ འགོ་བཙུགས་པའི་བསྒང་ཡོད།
དེ་བཟུམ་སྦེ་ བྷ་རཱཏ་གིས་ཡང་ ཨམ་རིཏ་ཀཱལ་ནང་ སྤྱི་ལོ་ ༢༠༤༧ འགོ་བཙུགསཔ་ད་ མི་སྡེ་དཔལ་འབྱོར་ཡར་འཕེལ་དང་ འཕྲུལ་རིག་ཡར་དྲགས་ཚུ་གིས་ བརྡ་མཚོན་ཐོག་ལས་ གོང་འཕེལ་འགྱོ་ཚར་མིའི་ རྒྱལ་ཁབ་ལུ་ འགྱུར་ཐབས་ལུ་ བརྩོན་ཤུགས་བསྐྱེད་དེ་ རྒྱ་གར་གྱི་ འབྱུང་རབས་ནང་ གོམ་ཚད་གསརཔ་སྤོ་ནི་ འགོ་བཙུགས་ཏེ་ཡོད།
ང་བཅས་རའི་ ཤོ་མཚུངས་པའི་ ཡར་འཕེལ་དང་ ལོངས་སྤྱོད་ཀྱི་ བརྩོན་ཤུགས་ནང་ འབྲུག་དང་ བྷ་རཱཏ་ ༢ འཕྲོ་མཐུད་དེ་ར་ དམ་ཟབ་ཅན་གྱི་ མཛའ་བཤེས་དང་མཉམ་འབྲེལ་པ་སྦེ་ གནས་ནི་ཨིན་ཟེར་ བཀོད་ཡོད་པའི་གནས་ཚུལ།
རྒྱ་གར་གྱི་བློན་ཆེན་ འབྲུག་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་བྱོན་པའི་ མཉམ་འབྲེལ་བརྗོད་དོན་གྱི་གསལ་བསྒྲགས།
Related

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་སྐོར་ལས་ རྒྱབ་སྣོན་གྲོས་དོན་ཅིག་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།
པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གནས་ཚུལ་ཞལ་འཛོམས་ཐེངས་ ༣༢ པ་ ཚོགས་པའི་སྐབས་ལུ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་ལྷན་ཁག་གི་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་བཀའ་རྒྱ་ལྟར་དུ་ འགྲུལ་འཕྲིན་སྤྱོད་གླ་ བརྒྱ་ཆ་ ༥༠ མར་ཕབ་ཀྱི་དོན་ལུ་ ལྷན་ཁག་གི་ཁ་ཐུག་ལས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ བཀོད་རྒྱ་གནང་ཡི་ཟེར་ཨིན་པས། དེ་མ་ཚད་ འགྲུལ་འཕྲིན་ཞབས་ཏོག་གི་ སྤྱོད་གླ་ཚུ་དང་འབྲེལ་ཏེ་ འཕྲུལ་རིག་དང་ དངུལ་འབྲེལ་གནད་དོན་ཚུ་ཡང་ ཡོངས་རྫོགས་སྦེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀོད་རྒྱ་ཡང་གནང་ནུག། བློན་པོ་གིས་འབད་བ་ཅིན་ བསྐྱར་ཞིབ་དེ་ནང་ ཞབས་ཏོག་གི་ སྤུས་ཚད་དང་ ཉེས་སྤྱོད་འབད་མི་ཚུ་གིས་ སྤྱོད་གླ་བཏབ་ཚུགས་པའི་ཚད་གཞི་ དེ་ལས་ མ་རྩ་གཞི་བཙུགས་ཀྱི་ དགོས་མཁོ་དང་ འགྲུལ་འཕྲིན་ལས་སྡེ་ཚུ་གི་ ཡུན་བརྟན་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས། གནད་དོན་དེ་གི་སྐོར་ལས་ མཐའ་བཅད་སྙན་ཞུ་དང་ རྒྱབ་སྣོན་གྲོས་འཆར་ཚུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ […]

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།
པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]
