ArchiveAboutContact
National News

རྩི་རང་རྫོང་ཁག་ སྤ་ཚར་གླིང་ རྒེད་འོག་ནང་ སོ་ནམ་གྱི་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི།

gyalchi · 1 min read

བདེ་སྐྱིད་ཆོས་སྒྲོན།
རྩི་རང་རྫོང་ཁག་ སྤ་ཚར་གླིང་རྒེད་འོག་གི་ མི་སེར་ཚུ་ འཚོ་བ་སོ་ནམ་ལུ་བརྟེན་ཏེ་སྡོད་པའི་ནང་ལས་ཡང་ རྒེད་འོག་དེ་ནང་ ཚོད་བསྲེ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ར་ འཚོ་སྐྱོང་འཐབ་སྲོལ་ཡོད་རུང་ ནད་ཡམས་ལུ་བརྟེན་ཏེ་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་བྱུང་ནུག།
དེ་ཡང་ སྤ་ཚར་གླིང་རྒཔོ་སྦེ་ བཙག་འཐུ་གྲུབ་མི་ སྐྱེས་ལོ་ ༣༦ འབད་མི་ ཆ་བི་ཀུ་མར་རའི་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒེད་འོག་དེ་ནང་གི་མི་སེར་ཚུ་གིས་ ནད་ཡམས་ཀོཝིཌ་-༡༩ མ་ཐོན་པའི་ཧེ་མར་ ཚོད་བསྲེ་ཚུ་མང་ཤོས་ཅིག་ར་ ཐིམ་ཕུ་ལུ་ཚོང་འབྲེལ་འཐབ་སྟེ་ སྡོད་ཡོདཔ་བཞིན་དུ་ ཚོད་བསྲེ་ཚུ་ཚོང་དུས་ལྟེ་བ་ཚུ་ནང་བསྐྱལ་དགོ་རུང་ རྒེད་འོག་གིས་ འགོ་འདྲེན་འཐབ་སྟེ་ བསྐྱལ་སྡོད་ཅི་ཟེར་ཨིན་པས།
མ་གཞི་ རྒེད་འོག་དེ་ནང་སོ་ནམ་ཞིང་ལམ་ཚུ་ཡང་ གཡུས་ཚན་གེ་རའི་ནང་ ཁྱབ་སྟེ་ཡོདཔ་ལས་ ལོ་བསྟར་བཞིན་དུ་ལེགས་སྤྱོད་འབད་ནི་མ་གཏོགས་ དཀའ་ངལ་སྦོམ་ཅིག་ ག་ནི་ཡང་མེད་རུང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བསྐྱལ་ཏེ་ བརྒྱ་ཆ་ ༢༥ དེ་རེ་ མེདཔ་གཏངམ་ལས་ དེ་བཟུམ་མའི་དཀའ་ངལ་ཚུ་བསལ་ཐབས་ལུ་ རྒེད་འོག་གི་ཁ་ཐུག་ལས་འཆར་གཞི་ཚུ་ བརྩམ་པའི་བསྒང་ཡོད་ཟེར་ བཤདཔ་ཨིན་པས།
ད་རུང་ ཐུང་ཆུ་གི་མཐུན་རྐྱེན་ཚུ་གུང་པ་རེ་རེ་བཞིན་དུ་ལུ་ཁྱབ་འདི་ཡོད་རུང་ ཞིང་ཆུ་གུ་ལྷོདཔ་ད་ མ་ལངམ་པའི་དཀའ་ངལ་ཡོད་མི་འདི་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༤ ལུ་ སྡེ་སྲུང་ཡིག་ཚང་གི་ཁ་ཐུག་ལས་ ཙ་ཀ་གླིང་གི་གཡུས་ཚན་དང་ སྤ་ཚར་གླིང་སྨད་ཀྱི་གཡུས་གོ་ ༢ ལུ་ འཐུང་ཆུའི་ལས་འགུལ་མཇུག་བསྡུ་ཡོདཔ་ལས་ ཆུ་བཀྲམ་ཚུགས་ནི་དོན་ལུ་སྒོ་འབྱེད་རྟེན་འབྲེལ་ཡང་འབད་ཡོདཔ་ཨིན་པས།
རྒཔོ་དེ་གིས་ སློབ་རིམ་ ༡༢ པ་ མཇུག་བསྡུ་བའི་ཤུལ་ལུ་ བལྟ་བཤལ་ལས་སྡེ་ཅིག་ནང་ལཱ་འབད་དེ་ སྡོད་ཡོདཔ་མ་ཚད་ གཞི་རྟེན་ཤེས་ཡོན་གྱི་ སློབ་སྟོན་པ་སྦེ་ཡང་ཕྱག་ཞུ་ཡོདཔ་ད་ དེ་ལས་ རྒེད་འོག་དེ་ནང་ར་ རྒེད་དྲུང་སྦེ་ཕྱག་ཞུ་བའི་ཤུལ་ལུ་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༢ དང་ ༣ པའི་ནང་ རྒ་པོའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མི་སེར་ཚུ་གི་ཡང་རྒྱབ་སྐྱོར་འབད་དེ་ བཙག་འཐུ་གྲུབ་ཡོད་པའི་གནས་ཚུལ།

Comments are closed.

Related

National News

འབྲུག་དང་ རྒྱ་གར་བྱང་ཤར་གྱི་བར་ན་ ཚོང་འབྲེལ་དང་ མཐུད་སྦྲེལ་བཙན་ཐབས་ཀྱི་ གོ་བསྡུར་ཞལ་འཛོམས།

པདྨ་དབང་འདུས། འབྲུག་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་དང་ འབྲུག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཞིབ་འཇུག་ལྟེ་བ་ ཨེ་ཤི་ཡ་ མཉམ་བསྡོམས་བཅས་ཀྱིས་ ཐིམ་ཕུ་ལུ་སྦེ་ “རྒྱ་འབྲུག་གི་མཐུན་འབྲེལ་: ཚོང་འབྲེལ་དང་ མཐུད་སྦྲེལ་ ཤེས་རིག་ བལྟ་བཤལ་ གསོ་བ་ མཉམ་འབྲེལ་གྱི་མཐོང་ཚུལ་”ཟེར་བའི་ གོ་བསྡུར་ཞལ་འཛོམས་ཅིག་ ཉིནམ་ ༡ གི་རིང་ལུ་ འགོ་འདྲེན་འཐབ་ནུག། གོ་བསྡུར་ཞལ་འཛོམས་དེ་ནང་ ཚོང་འབྲེལ་བཙན་ཐབས་དང་ ལུང་ཕྱོགས་མཐུད་སྦྲེལ་ཡར་དྲག་གཏང་ནི་ ཤེས་རིག་དང་ བལྟ་བཤལ་ གསོ་བ་དང་ འཕྲུལ་རིག་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་ཚུ་གི་སྐོར་ལས་ གྲོས་གླེང་ཚུ་འབད་ཡོད་པའི་ནང་གསལ་ དམིགས་བསལ་གྱིས་ འབྲུག་དང་ རྒྱ་གར་བྱང་ཤར་དང་ འབྲུག་གི་བར་ན་ དངོས་གཟུགས་ཅན་གྱི་ མཐུད་སྦྲེལ་དང་ ཚོང་འབྲེལ་ལུ་ལྷན་ཐབས་ དེ་ལས་ ས་མཚམས་ཀྱི་བར་ན་ མཉམ་འབྲེལ་ཚུ་གི་སྒོ་ལས་ དཔལ་འབྱོར་གྱི་འབྲེལ་བ་ གཏིང་གཟབ་བཟོ་ནི་གི་ གོ་སྐབས་ཚུ་ལུ་ གཙོ་བོར་བཟུང་ཡོདཔ་ཨིན་པས། དེ་བསྒང་ ནུབ་བེང་གཱལ་གྱི་ ཚོང་དང་བཟོ་གྲྭ་ཚོགས་སྡེའི་ གཙོ་འཛིན་བགྲེསཔ་ ཨམ་བ་རིཤ་ དཱཛ་གུབ་ཏ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཚོང་འབྲེལ་གྱི་ གོ་སྐབས་དེ་ ཧྲིལ་བུར་སྦེ་ གོང་འཕེལ་མ་འགྱོ་བར་ཡོདཔ་ལས་ […]

gyalchi
National News

ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོའི་ གྲོལ་སྟོན་ལུ་ བཀའ་དབང་གནང་ཡོདཔ།

རང་ཟླ་ ༨ པའི་ཚེས་ ༢༨ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ དད་ལྡན་མི་དམངས་ཡོངས་ལུ་ བླ་མ་གསང་འདུས་ཀྱི་ བཀའ་དབང་དང་ མཐའ་རྟེན་ཚེ་དབང་དང་བཅས་པ་གནང་ཡི། དེ་ཡང་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་སྦེ་ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ཉིན་གྲངས་ ༧ གྱི་རིང་ལུ་ བུམ་ཐང་མཁར་ཆུ་གྲྭ་ཚང་གི་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ ཨོ་རྒྱན་མཧཱ་གུ་རུའི་ ཚིག་བདུན་གསོལ་འདེབས་ འབུམ་ཕྲག་ཆེན་མོ་ བསགས་གནང་པའི་ གྲོལ་སྟོན་དང་འབྲེལ་ཏེ་ གནང་ཡོདཔ་ཨིན་པས། མཚོ་སྐྱེས་རྡོ་རྗེ་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ ཚོགས་གནང་མི་ ལོ་བསྟར་གསོབ་འདེབས་འབུམ་ཕྲག་ ཐེངས་ ༡༣ པ་དེ་ནང་ སྒོམ་ཆེན་དང་ ཨ་ནེམོ་ དད་ལྡན་སེར་སྐྱ་ཕོ་མོ་ཚུ་ཡང་ སྟོང་ཕྲག་ལེ་ཤ་ཅིག་ སྤུངས་འཛོམས་འབད་ཡོད་པའི་གནས་ཚུལ།

gyalchi
National News

དངུལ་ཕོགས་ལྷན་ཚོགས་བདུན་པ་ གཞི་བཙུགས་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༣༢ པའི་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཀའ་རྒྱ་སྤྱི་བོར་ཕེབས་དོན་ལྟར་དུ་ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ ཆ་གནས་ཡོད་པའི་ དངུལ་ཕོགས་ལྷན་ཚོགས་ ༧ པ་དེ་ གཞི་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། ལྷན་ཚོགས་དེ་གི་ ཁྲི་འཛིན་ཡང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན་ བསྐོ་བཞག་གནང་ཡོདཔ་ད་ དངུལ་ཕོགས་ལྷན་ཚོགས་ ༦ པ་དེ་ སྤྱི་ལོ་ ༢༠༢༣ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ པའི་ནང་ དུས་དང་དུས་ལུ་ བློན་ཆེན་གྱི་ རྒྱབ་སྣོན་ཐོག་ལས་ རང་དབང་ཅན་གྱི་ དངུལ་ཕོགས་ལྷན་ཚོགས་རེ་ གཞི་བཙུགས་འབད་དགོ་ཟེར་བའི་ དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ནུག། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༣༠ […]

gyalchi
Online now: 17 Today: 2370 Total visitors: 2370