ArchiveAboutContact

Month: June 2026

World News

ཡུ་ཀེ་རེན་ལུ་ ར་ཤི་ཡ་གིས་ དམག་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༢༡ དམར་བསད།

བི་བི་སི།སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ དྲོ་པ་ཁམས་ཅིག་ཁར་ ར་ཤི་ཡ་གིས་ མཁའ་དམག་འཕྲུལ་ཆས་ཌཱོན་དང་ མི་ཛ་ཡེལ་ཚུ་གི་ཐོག་ལས་ ཡུ་ཀེ་རེན་གྱི་ ས་གནས་ཁག་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༢༡ དེ་ཅིག་ དམར་བསད་འབད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

མ་ཡན་མར་ལུ་ རྫས་བམ་ཅིག་འགས་པའི་ རྐྱེན་ངན་ནང་ མི་གྲངས་ ༤༥ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

སི་ཨེན་ཨེན། སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ སྲོག་སྐྱབས་ཀྱི་ ལཱ་འབད་མི་དང་ རང་དབང་བརྡ་བརྒྱུདཔ་ཚུ་གིས་ སྙན་ཞུ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༥ པའི་ཚེས་ ༣༡ ལུ་ མ་ཡན་མར་གྱི་ བྱང་ཤར་ཁ་ཐུག་ལུ་ཡོད་མི་ སྒྲིང་ཁྱིམ་ཅིག་ནང་ རྫས་བམ་ཅིག་ འགས་ཡོདཔ་ལས་ མི་གྲངས་ ༤༥ ལྷགཔ་ཅིག་ལུ་ ཤི་རྐྱེན་དང་ ༧༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ རྒྱ་ནག་གི་ ལྷོ་ཕྱོགས་ས་མཚམས་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༣ དེ་ཅིག་གི་ ས་ཁར་ཡོད་མི་ ནམ་ཀམ་ཁྲོམ་སྡེའི་ གཡུས་ཚན་ཀང་ཏུབ་ཟེར་སར་ བྱུང་ཡོདཔ་སྦེ་ བཀོད་འདུག་པའི་ གནས་ཚུལ་མདོར་བསྡུས།

Online now: 31 Today: 755 Total visitors: 3432