ArchiveAboutContact

Month: May 2026

Special News

མི་དབང་རྒྱལ་བཙུན་མཆོག་གིས་ ཀ༔ཐོག་བདུད་འདུལ་བྱང་ཆུབ་མཆོད་རྟེན་གྱི་ རབ་གནས་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

པདྨ་དབང་འདུས། སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ དབང་འདུས་ཕོ་བྲང་ སྦས་གླང་བྲག་གནས་ནང་ ཀཿཐོག་འོད་གསལ་བསམ་གཏན་གླིང་དགོན་པ་ལུ་ ཀ༔ཐོག་བདུད་འདུལ་བྱང་ཆུབ་མཆོད་རྟེན་གྱི་ རབ་གནས་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་ཨིན་པས། རབ་གནས་ཀྱི་ བྱིན་ལྡན་གསུང་ཆོག་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ཀ༔ཐོག་དགེ་འདུན་འདུས་ཚོགས་ཀྱིས་ གནང་ཡོདཔ་ད་ དེ་བསྒང་ སྐུ་འཁོར་ལྷན་རྒྱས་དང་ ཀ༔ཐོག་སི་ཏུ་རིན་པོ་ཆེ་མཆོག་ དེ་ལས་ ཆོས་འབྲེལ་དང་ དད་ལྡན་ཕོ་མོ་ཚུ་གིས་ཡང་ གྲལ་གཏོགས་མཛད་ནུག། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

World News

པ་ཀིཛ་ཏཱན་གྱི་ རེལ་ལི་ཅིག་ལུ་ དམིགས་གཏད་སྐྱེད་དེ་ རྫས་བམ་འགས་བཅུག་ཡོདཔ་ལས་ མི་གྲངས་ ༢༤ ལུ་ ཤི་རྐྱེན་དང་ ༧༠ ལུ་རྨ་སྐྱོན།

ཨཱལ་ཇ་ཟི་ར། སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ པ་ཀིཛ་ཏཱན་གྱི་ དམག་མི་ཚུ་ སྐྱེལ་འདྲེན་འབད་མི་ རེལ་ལི་ཅིག་ལུ་ དམིགས་གཏད་སྐྱེད་དེ་ རང་སྲོག་བཅད་ཐོག་ལུ་ སྣུམ་འཁོར་ཀར་ཅིག་གི་ནང་ལས་ རྫས་བམ་ཅིག་ འགས་བཅུག་ཡོདཔ་ལས་ མི་གྲངས་ ༢༤ དེ་ཅིག་ལུ་ ཤི་རྐྱེན་དང་ ༧༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག། དེ་བསྒང་ རེལ་ལི་དེ་ ནུབ་བཱ་ལོ་ཅིཛ་ཏཱན་ མངའ་སྡེའི་རྒྱལ་ས་ ཀ་ཡེ་ཊ་ལུ་ཡོད་མི་ ཅ་མཱན་ཕ་ཊག་ འབབ་ཚུགས་བརྒྱུད་དེ་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ འགས་རྐྱེན་དེ་ བྱུང་ནུག་ཟེར་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Online now: 15 Today: 1164 Total visitors: 8384