ArchiveAboutContact

Month: May 2026

World News

ཡུ་ཨེཛ་གི་ སྲིད་འཛིན་མཆོག་གིས་ པོ་ལེན་ལུ་ དམག་མི་ཧེང་སྐལ་ ༥,༠༠༠ གཏང་ནི་ཨིན་པའི་གསལ་བསྒྲགས།

བི་བི་སི། སྤྱི་ཟླ་ ༥ པའི་ཚེས་ ༢༢ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ པོ་ལེན་ལུ་ དམག་མི་ཧེང་སྐལ་ ༥,༠༠༠ གཏང་ནི་ཨིནམ་སྦེ་ གསུངས་ཡོདཔ་ད་ དེ་ཡང་ པེན་ཊ་གཱོན་ལུ་ དམག་མི་ ༤,༠༠༠ གཏང་ནི་གི་ འཆར་གཞི་ཡོད་མི་དེ་ ཆ་མེད་བཏང་པའི་ བདུན་ཕྲག་ ༡ གི་ཤུལ་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས། རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་པ་ཅིན་ ལོ་ངོ་ ༡ གི་དོན་ལུ་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Special News

མི་དབང་མངའ་ཞབས་མཆོག་གིས་ བསམ་རྩེ་རྒྱ་མཚོ་གླིང་ལུ་ རྒྱལ་སྲུང་སྦྱོང་བརྡར་བ་ཚུ་དང་མཇལ་ཕྲད།

སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བསམ་རྩེ་རྒྱ་མཚོ་གླིང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ནང་ སྦྱོང་བརྡར་འབད་བའི་བསྒང་ཡོད་མི་ རྒྱལ་སྲུང་སྦྱོང་བརྡར་བ་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ནུག། སྤྱི་ལོ་ ༢༠༢༦ ལོའི་ རྒྱལ་སྲུང་སྡེ་ཚན་དང་པའི་ མཇུག་བསྡུའི་རྟེན་འབྲེལ་དེ་ཡང་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ག་རའི་ནང་ སྤྱི་ཟླ་ ༥ པའི་ཚེས་ ༢༧ ལུ་ འགོ་འདྲེན་འཐབ་ནི་ཨིན་པས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བསམ་རྩེ་ལུ་ བཞུགས་པའི་རིང་ལུ་ བསམ་རྩེ་རྫོང་ཁག་གི་ འགོ་དཔོན་ཚུ་དང་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག། དེ་བཟུམ་སྦེ་ སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ ཕུན་ཚོགས་གླིང་ལུ་ གཟིགས་སྐོར་གནང་སྟེ་ ཆུ་ཁ་རྫོང་ཁག་གི་ འགོ་དཔོན་ཚུ་དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་དང་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་ཚུ་གི་ སློབ་ཕྲུག་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Online now: 23 Today: 1543 Total visitors: 8763